ཀྲུང་གོ་བོད་ཀྱི་དྲ་བ།

2023ལོའི“ཀྲུང་གོ་བདེ་ཆེན·སྨན་རི་གངས་རིའི་སྐབས་དགུ་པའི་འབའ་གཞས་སྒྱུ་རྩལ་དུས་ཆེན”དང“ཁ་བ་དཀར་པོ”འབའ་གཞས་འཁྲབ་སྟོན་འགྲན་བསྡུར་བདེ་ཆེན་དུ་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020230911330088584290.jpg

W020230911532375667525.jpg

W020230912315009936357.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས9ཉིན་གྱི་ཕྱི་དྲོར། 2023ལོའི“ཀྲུང་གོ་བདེ་ཆེན·སྨན་རི་གངས་རིའི་སྐབས་དགུ་པའི་འབའ་གཞས་སྒྱུ་རྩལ་དུས་ཆེན”དང“ཁ་བ་དཀར་པོ”འབའ་གཞས་འཁྲབ་སྟོན་འགྲན་བསྡུར་ཆེན་པོ་བཱོ་ནུང་ཏིན་རིག་གནས་ཐང་ཆེན་ནས་སྤེལ་མགོ་བརྩམས། 

ཡུན་ནན་ཞིང་ཆེན་བདེ་ཆེན་རྫོང་དང་བོད་རང་སྐྱོང་ལྗོངས་སྨར་ཁམས་རྫོང་། ཡུན་ནན་ཞིང་ཆེན་གུང་དཀར་རྫོང་། ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར། སི་ཁྲོན་ཞིང་ཆེན་སྡེ་རོང་རྫོང་། ཡུན་ནན་ཞིང་ཆེན་འབའ་ཐང་རྫོང་སོགས་ཀྱི་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་རུ་ཁག་རིམ་པ་ལྟར་འགྲན་བསྡུར་ནང་ཞུགས་ནས། ཞབས་བྲོའི་རྣམ་པས《རྟ་ཁྱུ་མཉམ་རྒྱུག》དང《བདེ་སྐྱིད་སྨར་ཁམས》། 《བདེ་སྐྱིད་ཀྱི་གནས་འདིར་འཛོམས་པ》། 《འབའ་གཞས》སོགས་ཀྱི་རིག་རྩལ་ལེ་ཚན་ཡོངས་སུ་མངོན། འཁྲབ་སྟོན་པ་ཚོས་དགའ་སྤྲོ་ལྡན་པའི་རོལ་དབྱངས་དང་བསྟུན་ནས་ཞབས་བྲོ་འཁྲབ་པ་དང་། རུ་དབྱིབས་སྣ་ཚོགས་བརྗེ་ནས། ཡུལ་ལྗོངས་ལྟ་ན་སྡུག་པའི་སྨན་རི་གངས་འདབས་དེ་ཞབས་བྲོ་ཡི་རྒྱ་མཚོ་རུ་གྱུར།

རྒྱུས་ལོན་ལྟར་ན། འབའ་གཞས་འཁྲབ་སྟོན་འགྲན་བསྡུར་སྤེལ་བའི་དམིགས་ཡུལ་ནི། འགྲན་བསྡུར་གྱི་རྣམ་པས་མང་ཚོགས་ཀྱི་འབའ་གཞས་ཞབས་བྲོ་ལ་བཅངས་བའི་སྤྲོ་བ་བསྐྱེད་པ་དང་། མང་ཚོགས་ཀྱིས་མི་རིགས་རིག་གནས་རྒྱུན་འཛིན་དང་ཁྱབ་གདལ་གཏོང་བའི་ཧུར་སེམས་མཐོ་རུ་བཏང་སྟེ་འབའ་གཞས་རིག་གནས་དངོས་གནས“གཙང་གསུམ”ས་གཞི་ཆེན་མོར་གཞི་ཚུགས་པར་སྐུལ་འདེད་བཏང་།  

“འགྲན་བསྡུར་ནང་ཞུགས་པའི་རུ་ཁག་གིས་འབའ་གཞས་སྒྱུ་རྩལ་པ་དང་། འབའ་གཞས་ལ་དགའ་མཁན་ཚོར་མིག་དཔེ་བཟུང་ཞིང་། གསོན་ཉམས་ལྡན་པའི་གླུ་ཚིག་དང་སྙན་ཞིང་འཇེབས་པའི་དབྱངས་རྟ། མཛེས་སྡུག་ལྡན་པའི་གར་སྟབས་བཅས་ཀྱིས་གངས་ལྗོངས་བུ་དང་བུ་མོས་བསམ་པ་ཏང་ལ་ཕྱོགས་པ་དང་། ཏང་ལ་བཀའ་དྲིན་ཞུས་པ། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པའི་ཡིད་རྟོན་འགྱུར་མེད་མངོན་པ་དང་། བཅོས་སྒྱུར་སྒོ་འབྱེད་དང་དབུལ་ཐར་མཁྲེགས་གཏོར་གྱིས་གངས་ལྗོངས་མང་ཚོགས་ལ་སྦྱིན་པའི་བདེ་སྐྱིད་ཀྱི་འཚོ་བ་གསར་བ་མངོན་པ་མ་ཟད། འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་མི་རིགས་རིག་གནས་ཀྱང་མངོན་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།