ཀྲུང་གོ་བོད་ཀྱི་དྲ་བ།

མཐོ་སྒང་གི་ཞིང་བ་རྣམས་ཀྱིས་ནས་འབྲེག་པའི་ལས་ལ་བྲེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020230911330088584290.jpg

W020230912315009936357.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལྟ་ནི་མཐོ་སྒང་གི་སྟོན་བསྡུ་བའི་དུས་ཚིགས་སླེབས་པ་དང་། རྒྱལ་ཐང་གྲོང་རྡལ་བཅིངས་འགྲོལ་གྲོང་ཚོའི་ཞིང་བ་རྣམས་ཀྱིས་ནམ་ཟླ་ཡག་པའི་གོ་སྐབས་དམ་འཛིན་བྱས་ནས་ཞིང་འབྲེག་པ་དང་ཤོག་རྒྱག་པ། ཤོག་སྐྱེལ་འདྲེན་བྱེད་པ། ཤོག་སྐམ་པ་སོགས་ཀྱི་ལས་ལ་བྲེལ་ནས་མཐོ་སྒང་གི་སྟོན་བསྡུ་བའི་དུས་ཚིགས་བསུ་བཞིན་ཡོད། ལས་ལ་བརྩོན་ཞིང་གཞུང་རྒྱུད་དྲང་བའི་ཞིང་བ་རྣམས་ཞིང་ཁར་འཛོམས་ནས་ཕན་ཚུན་རོགས་རམ་དང་ཁ་བརྡ་བྱེད་བཞིན། བྲེལ་འཚུབ་ཆེ་བའི་སྟོན་བསྡུ་རི་མོ་ཞིག་ངང་གིས་གྲུབ་ཡོད།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་མཉམ་འབྲེལ་གྲོང་ཚོའི་འབྲུ་རིགས་ནས་འབྲེག་པའི་དུས་སུ་སླེབས་ཤིང་། གྲོང་མི་ཚོའི་གདོང་ལ་འཛུམ་གྱིས་ཁེངས་ནས་སྟོན་བསྡུ་བ་དང་ནས་སྐམ་ནས། ཞིང་ཁར་ཚ་ཚ་འུར་འུར་གྱི་རྣམ་པ་ཞིག་མངོན་ཡོད།  

རྒྱུས་ལོན་ལྟར་ན། ཉེ་བའི་ལོ་འགའི་རིང་། བདེ་ཆེན་ཁུལ་གྱིས་ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་ཞིང་བ་འབབ་འཕར་གྱི་དམིགས་འབེན་ལ་དམིགས་ཏེ། ས་གནས་དེའི་ས་ཞིང་ཐོན་ཁུངས་དང་གནམ་གཤིས་ལེགས་ཆ་བེད་སྤྱོད་གང་ལེགས་ཀྱིས་མཐོ་སྒང་གི་ཁྱད་ལྡན་ཐོན་ལས་བཏོད་པ་མ་ཟད། ས་གནས་དེའི་ཞིང་ལས་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་བཏང་ཞིང་། མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་བགྲོད་ལམ་གསར་བ་ཞིག་བསྐྲུན་ཡོད།  །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།