ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-08-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཨུ་ལྷན་ཚོགས་འདུ་ཐེངས་གསུམ་པ་དང་འབག་བཙོག་འགོག་བཅོས་མཁྲེགས་གཏོར་དམག་འཐབ་སྐུལ་འདེད་ཚོགས་འདུ་ཐོག་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་བར་དུ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་ཕྱོགས་ལ་གཏིང་ཟབ་པའི་ངང་སློབ་སྦྱོང་བྱས་ཤིང་། རིམ་པ་སོ་སོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་འདུའི་དགོངས་དོན་ལག་ལེན་དོན་འཁྱོལ་བརྒྱུད། གཏིང་ཟབ་པའི་ངང་འབག་བཙོག་འགག་སྒྲོལ་དམག་འཐབ་བརྒྱབ་ནས་ཤུགས་ཆེན་པོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་བྱས། 

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་མུ་མཐུད་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་རང་བཞིན་གྱི་ཤེས་རྒྱ་བསྐྱེད་དེ། རྒྱུན་མཐུད་ངང“སྲུང་སྐྱོང་དམག་འཐབ་བཞི”དང་འབག་བཙོག་འགོག་བཅོས་འགག་སྒྲོལ་དམག་འཐབ་བརྒྱབ་པ་རེད། གཞན་ཡང་དཔྱིད་ཀ་དང་དབྱར་ཁའི་རླུང་ཁམས་ཆེན་མོའི་འབག་བཙོག་འགག་སྒྲོལ་དམག་འཐབ་རྒྱག་པ་དང་ཟུང་འབྲེལ་གྱིས་ཁེ་ལས་དང་བཟོ་སྐྲུན་ལས་ཡུལ། རླངས་འཁོར་ལས་ས། ཟས་རིགས་ཞབས་ཞུ་སྡེ་ཚན་སོགས་ལ་ཞིབ་བཤེར་དག་ཐེར་དང་ལེགས་བཅོས་ཐེངས51བྱས། ལོ་སྟོད་དུ་གྲོང་ཁྱེར་ཡོངས་ཀྱི་མཁའ་དབུགས་སྤུས་ཚད་ནུས་ལྡན་ཉིན་གྲངས་ལེགས་ཚད100%ཟིན་པ་དང་རྒྱལ་ཁབ་ཀྱིས་ཚོད་འཛིན་བྱེད་པའི་བཅད་ངོས་ཆུའི་སྤུས་ཚད་ལྟ་ཞིབ་ཚད་འཇལ་ཚད100%སླེབས་ཡོད། གྲོང་ཁྱེར་ཡོངས་སུ་ཆར་འབག་ཆུ་སྦུག་སླར་གསོ་བྱས་ནས་བྱེ་འདམ་ལྟ་ཞིབ་ཚད་འཇལ་སྤྱི་ལེ66.6དང་ཆར་འབག་སྦེལ་ཚིགས་ནོར་འཁྲུལ་གནས32ལེགས་བཅོས་བྱས་ཤིང་། གནོད་ཐེབས་ཆུ་སྦུག་སིམ་ཆ215སླར་གསོ་བྱས་པ། རླངས་རོ་འབུད་ས4བཅད་པ་མ་ཟད་གྲོང་ཁྱེར་གྱི་འབག་ཆུ་གཙང་སེལ་བཟོ་གྲྭའི་ཚད་མཐོན་པོར་གཏོང་བ་དང་སྒྱུར་བཅོས་རྣམ་གྲངས་སྤེལ་བར་ཇེ་མགྱོགས་སུ་བཏང་བས་ཟླ6པའི་ཟླ་མཇུག་བར་དུ་གྲོང་ཁྱེར་གྱི་འབག་ཆུ་བསྡུ་ཚད51.6%ཟིན་ཡོད། གཏིང་ཟབ་པའི་ངང“ལྗང་མཛེས་སེམས་ཀྱི་ཉི་ཟླའི་ལོ་གསུམ་འགུལ་སྐྱོད”སྤེལ་ཏེ་བསྡོམས་པས་རིགས་སོ་སོའི་མྱུ་གུ་ཁྲི44.24བཙུགས་པ་དང་རི་བཀག་ནགས་གསོ་དང་ཕྱུགས་བཀག་རྩྭ་གསོ་མུའུ་ཁྲི12.5བྱས། གྲོང་ཁྱེར་དེས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འགན་ཁུར་ཕྲག་ཏུ་ཁུར་ནས་སྐྱེ་ཁམས་འཕེལ་རྒྱས་ཀྱི་ལམ་བུ་ནང་བསྐྱོད་དེ་སེམས་ཀྱི་ཉི་ཟླའི་ཡིད་དབང་འཕྲོག་ཤུགས་མུ་མཐུད་དུ་མཐོ་རུ་བཏང་བ་རེད།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རིམ་པ་སོ་སོ་དང་སྡེ་ཚན་སོ་སོས་རི་ཆུ་ནགས་ཞིང་དང་། མཚོ་དང་མཚེའུ། རྩྭ་ཐང་དང་བྱེ་ས་བཅས་གཞི་གཅིག་ཅན་དུ་སྲུང་སྐྱོང་དང་བྱེ་བྲག་བཅོས་སྐྱོང་བྱས་པ་དང་། ནན་གྱིས《བདེ་ཆེན་ཁུལ་གྱི“ཐིག་གསུམ་སྡེ་གཅིག”སྐྱེ་ཁམས་ཁོར་ཡུག་དབྱེ་ཁུལ་གྱི་དོ་དམ་ཚོད་འཛིན་ལག་བསྟར་ཇུས་འགོད》དང་གཙང་དཔོན་དང་ཆུ་དཔོན་ལམ་ལུགས། ནགས་དཔོན་ལམ་ལུགས་ལག་བསྟར་དོན་འཁྱོལ་བྱས་ནས། སྔར་ལས་མཐོ་བའི་ལངས་ས་དང་མིག་རྒྱ་ཡངས་བ། ཤུགས་ཆེན་པོས་གྲོང་ཁྱེར་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་འཆར་འགོད་དང་སྐུལ་འདེད་བཏང་། ལོ་སྟོད་དུ་རིམ་པ་སོ་སོའི་ནགས་དཔོན་གྱིས་ནགས་ཚལ་སྐོར་ཞིབ་ཐེངས1494དང་། གཙང་དཔོན་གྱིས་སྐོར་ཞིབ་ཐེངས2901སྤེལ་བས་གནད་དོན71རྙེད་དེ་བཅོས་སྒྱུར་བྱས། མུ་མཐུད་དུ་ཁྲིམས་བཅོད་ལྟ་སྐུལ་དྲག་ཏུ་བཏང་ནས་ཁོར་ཡུག་ཁྲིམས་འགལ་བྱ་སྤྱོད་ལ་ནན་གྱིས་རྡུང་རྡེག་བྱས་ནས་བསྡོམས་པས་རིགས་སོ་སོའི་སྐྱེ་ཁམས་ཁོར་ཡུག་སྲིད་འཛིན་གྱོད་དོན36དང་ལེན་བྱས། ནན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་བཏང་ནས་སེམས་ཀྱི་ཉི་ཟླའི་ཞིང་ཆེན་རིམ་པའི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་གྲོང་ཁྱེར་གསར་གཏོད་ལས་དོན་མགོ་བརྩམས་པ་དང་། སྐྱེ་ཁམས་ཁོར་ཡུག་དང་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། གཅིག་གྱུར། རང་བྱུང་ཐོན་ཁུངས། ཞིང་ལས་གྲོང་གསེབ། ཆུ་བེད། ནགས་ལས། སྡོད་ཁང་སོགས་ཀྱི་སྡེ་ཚན་མང་པོ་མཉམ་དུ་ཞུགས་ནས་བཅོས་སྐྱོང་བྱས། གྲོང་ཁྱེར་ཁྱབ་ཁོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འགན་ཁུར་ཕྲག་ཏུ་ཁུར་ཞིང་གཙོ་བོར་བཟུང་ནས་རིགས་སོ་སོའི་ལས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་འགན་སྲུང་བྱས། 2023ལོའི་རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་ནུས་ལྡན་ཁུལ་རྫོང་ཁོངས་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་དཔྱག་དཔག་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་དང་། 《སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི2023ལོའི་རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་ནུས་ལྡན་པུལ་རྫོང་ཁོངས་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་དཔྱད་དཔག་ལས་དོན་ལག་བསྟར་ཇུས་འགོད》ཞིབ་ཕྲ་བཏང་སྟེ་དཔྱད་དཔག་ལས་དོན་ནུས་ལྡན་ངང་སྤེལ་བར་སྐུལ་འདེད་བྱས།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ལྟ་སྐུལ་དང་སྐོར་ཞིབ། ཞིབ་བཤེར་སྒྱུར་བཅོས་གོ་སྐབས་སུ་བཟུང་ནས་སྐྱེ་ཁམས་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་ནང་བསྐྱོད་པ་དང་ཕྱོགས་ཡོངས་ནས་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་གནད་དོན་སྒྱུར་བཅོས་ལ་སྐུལ་འདེད་བཏང་། 2016ལོ་ནས་བཟུང་གྲོང་ཁྱེར་ཡོངས་ཀྱིས་བསྡོམས་པས་ཀྲུང་དབྱང་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ཞིབ་བཤེར་ཐེངས9དང་ལེན་བྱས་པ་དང་། གནད་དོན་དག་ཐེར185བྱས་པས་མིག་སྔའི་བར་དུ་རྣམ་གྲངས143སྒྱུར་བཅོས་བྱས་ཤིང་གནད་དོན་ལྷག་ལུས་ཀྱང་སྒྱུར་བཅོས་བྱེད་བཞིན་པའི་སྒང་ཡིན། གནད་དོན་ལ་ཁ་གཏད་དེ་བྱེད་ཐབས་ཞིབ་ཕྲ་བཏང་ཞིང་། དུས་ཚོད་གཏན་ཁེལ། ཕྱོགས་ཡོངས་ནས་གསེད་པ། ཞིབ་བཤེར་བྱེད་པ། གནད་དོན་གཅིག་ལ་ཡིག་ཚགས་གཅིག་འཛུགས་པ། བྱེད་ཐབས་གཅིག་ལ་གནས་ཚུལ་གཅིག་སྤྱད་དེ་སྒྱུར་བཅོས་གནས་ཚུལ་དང་བྱེད་ཐབས་ཟུང་དུ་འབྲེལ་བ་དང་། གནད་དོན་ལ་རྒྱུན་དུ་ཕྱིར་ལྟ་བྱས་ནས་རྗེས་འདེད་ནུས་འདྲི་བྱས་ནས་ཡང་བསྐྱར་འབྱུང་བར་འགོག་པ་རེད། ། 

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།