ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླའི་ཡུན་ནན་སྤྲེའུ་སེར་སྤྱི་གླིང་གིས་ཡུལ་སྐོར་པ་མང་བའི་དུས་བསུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-08-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

2.jpg

1.jpg

ས་ཆ་སོ་སོ་ནས་ཡོང་བའི་ཡུལ་སྐོར་པ་རྣམས་ཀྱིས་སྤྲེའུ་སེར་ལ་ལྟ་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སེམས་ཀྱི་ཉི་ཟླའི་ཡུན་ནན་སྤྲེའུ་སེར་རྒྱལ་ཁབ་སྤྱི་གླིང་གིས་དབྱར་གནང་སྐབས་ཀྱི་ཡུལ་སྐོར་པ་ཤིན་ཏུ་མང་བའི་དུས་བསུས་ཤིང་། ཟླ7པར་མཛེས་ལྗོངས་ཁུལ་གྱིས་བསྡོམས་པས་ཡུལ་སྐོར་པ་མི་ཐེངས་ཁྲི0.36སྣེ་ལེན་བྱས་ནས་ཡོང་འབབ་སྒོར་ཁྲི77.6མངོན་འགྱུར་བྱུང་། ཟླ་སྔོན་མ་དང་བསྡུར་ན115%འཕར་ནས་ན་ནིང་གི་དུས་མཉམ་ལས85%འཕར་ཡོད།

རྒྱུས་ལོན་ལྟར་ན། དབྱར་གནང་སླེབས་པ་དང་བསྟུན། སེམས་ཀྱི་ཉི་ཟླའི་ཡུན་ནན་སྤྲེའུ་སེར་སྤྱི་གླིང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་མཐོར་འདེགས་བཏང་སྟེ། དོ་དམ་རྣམ་པ་ཞིབ་ཕྲ་ཅན་དུ་བཏང་ནས་དབྱར་གནང་གི་ཡུལ་སྐོར་དང་སློབ་སྦྱོང་ཞིབ་འཇུག་ཡུལ་སྐོར། རིམ་མཐོའི་ཟས་སྦྱོར། མཚན་ལྗོངས་སྦྲ་གུར་རོལ་མྱོང་སོགས་ཀྱི་ཡུལ་སྐོར་རྣམ་པ་གསར་སྤེལ་བྱས་པས་ཡུལ་སྐོར་པའི་མྱོང་ཚོར་ཕུན་ཚོགས་སུ་བཏང་བར་མ་ཟད་མཛེས་ལྗོངས་ཁུལ་གྱི་ཡོང་འབབ་མཐོ་རུ་ཕྱིན། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།