ཀྲུང་གོ་བོད་ཀྱི་དྲ་བ།

དབྱར་གནང་སྐབས་སུ་སེམས་ཀྱི་ཉི་ཟླ་རུ་ཡུལ་སྐོར་པས་ཁེངས་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-08-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

3.jpg

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབྱར་གནང་སྐབས་སུ་སེམས་ཀྱི་ཉི་ཟླ་རུ་ཡུལ་སྐོར་པ་མང་པོས་རང་བྱུང་ཁམས་དང་ཉེ་བར་བཅར་བ་དང་རང་བྱུང་མཛེས་ལྗོངས་ལོངས་སུ་སྤྱད་ནས་གུང་གསེང་གི་དུས་རོལ་བ་རེད། ཟླ7པའི་ཚུན་དུ་ཕུ་འདའ་མཚོ་རྒྱལ་ཁབ་སྤྱི་གླིང་དུ་ཡུལ་སྐོར་པ་མང་དུ་འཕར་ནས་དབྱར་གནང་སྐབས་ཀྱི་ཡུལ་སྐོར་པ་ཤིན་ཏུ་མང་བའི་དུས་སུ་སླེབས་པ་དང་། ཁོ་ཚོས་གནམ་སྔོན་པོ་དང་ཆུ་དྭངས་མོ། སྤྲིན་དཀར་པོ་དང་རི་སྐྱེས་མེ་ཏོག སྤང་ལྗོངས་བཅས་ཀྱི་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་ལྗོངས་ཁུལ་ལ་ལྟ་སྐོར་བྱེད་བཞིན་ཡོད། བསྡོམས་རྩིས་ལྟར་ན། ཟླ7པའི་ཚེས30ཉིན་བར་དུ་ཕུ་འདའ་མཚོ་རྒྱལ་ཁབ་སྤྱི་གླིང་ལྗོངས་ཁུལ་གྱིས་བསྡོམས་པས་ཡུལ་སྐོར་པ་མི་ཐེངས་ཁྲི29.37སྣེ་ལེན་བྱས་པ་དང་། ཟླ7པར་ལྗོངས་ཁུལ་གྱི་ཉིན་གཅིག་གི་ཡུལ་སྐོར་པ་སྣེ་ལེན་ཚད་ཆེས་མཐོ་བ་མི་ཐེངས་ཁྲི1.4ལ་སླེབས་ཡོད།

མིག་སྔར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྟག་མཆོང་འགག་ལྗོངས་ཁུལ་དུ་ཆེས་ལེགས་པའི་ལྗོངས་གཟིགས་དུས་ཚིགས་སླེབས་པས། ཡུལ་སྐོར་པ་མི་ཉུང་བ་ཞིག་གནས་དེར་ཡོང་ནས་ལྗོངས་རྒྱུ་བྱས་པ་རེད། གཞན་ཡང་ལྗོངས་ཁུལ་གྱི་ལས་དོན་མི་སྣས་ངོ་སྤྲོད་ལྟར་ན། གཟའ་འཁོར་གཅིག་གི་རིང་ལ་ཉིན་རེར་ཡུལ་སྐོར་པ་སྣེ་ལེན་བྱེད་ཚད་མི་ཐེངས་ཁྲི1.5ཟིན་པ་དང་། མ་འོངས་པའི་གཟའ་འཁོར་འགའི་ནང་དབྱར་གནང་གི་ཡུལ་སྐོར་པ་ཆེས་མང་བའི་དུས་སུ་སླེབས་རྒྱུ་དང་། སྔོན་དཔག་ལྟར་ན་ཡུལ་སྐོར་པའི་གྲངས་ཀ་ད་དུང་རྒྱུན་མཐུད་ངང་མང་དུ་འགྲོ་རྒྱུ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།