ཀྲུང་གོ་བོད་ཀྱི་དྲ་བ།

སུམ་རྩེན་གླིང་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་པ་ཤིན་ཏུ་མང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

2.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབྱར་གནང་སྐབས་སུ་ཡུལ་སྐོར་པ་རིམ་བཞིན་ཇེ་མང་དུ་ཕྱིན་པ་དང་བསྟུན། སུམ་རྩེན་གླིང་མཛེས་ལྗོངས་ཁུལ་དུའང་ཡུལ་སྐོར་པ་ཤིན་ཏུ་མང་། རྒྱུས་ལོན་པ་ལྟར་ན། མིག་སྔར་མཛེས་ལྗོངས་ཁུལ་གྱིས་ཉིན་རེའི་ཆ་སྙོམས་ཡུལ་སྐོར་པ་སྣེ་ལེན་བྱེད་ཚད་མི་ཐེངས10000ལས་བརྒལ་ཡོད། 

དེ་དང་ཆབས་ཅིག་ཏུ“མི་རིགས་སྲོལ་རྒྱུན”གྱི་པར་ལེན་ཡུལ་སྐོར་དར་སྲོལ་གསར་བ་ཞིག་ཏུ་གྱུར་ཞིང་། ཡུལ་སྐོར་པ་མང་པོས་བོད་ལྭ་གྱོན་ནས་མཛེས་ལྗོངས་ཁུལ་གྱི་མཚོན་རྟགས་རང་བཞིན་ལྡན་པའི་བཟོ་བཀོད་མདུན་དུ་པར་རྒྱག་བཞིན་པ་དེས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སུ་གྱུར་ཡོད།  །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།