ཀྲུང་གོ་བོད་ཀྱི་དྲ་བ།

སྟག་མཆོང་འགག་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་རྒྱུན་མཐུད་ངང་ཇེ་མང་དུ་ཕྱིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-07-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

9.jpg

11.jpg

12.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབྱར་གནང་སླེབས་པ་དང་བསྟུན་སྟག་མཆོང་འགག་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་བ་རྒྱུན་མཐུད་ངང་ཇེ་མང་དུ་ཕྱིན་པ་དང་། མཛེས་ལྗོངས་ཁུལ་གྱི་ལས་དོན་མི་སྣས་ངོ་སྤྲོད་ལྟར་ན། གནས་བབ་ཀྱི་གཟའ་འཁོར་གཅིག་གི་ནང་དུ་ཉིན་རེའི་ཡུལ་སྐོར་སྣེ་ལེན་བྱེད་ཚད་མི་ཐེངས10000ཡིན་ཞིང་། མང་ཆེ་བ་ནི་ཁྱིམ་བདག་གིས་བྱིས་པ་ཁྲིད་ནས་ཡུལ་སྐོར་བྱེད་དུ་ཡོང་བའི་རིགས་ཡིན། མ་འོངས་པའི་གཟའ་འཁོར་འགའི་ནང་དབྱར་གནང་སྐབས་ཀྱི་ཡུལ་སྐོར་བ་ཤིན་ཏུ་མང་བའི་ཚད་ལ་བསླེབ་རྒྱུ་དང་ཡུལ་སྐོར་བའི་གྲངས་ཀ་ད་དུང་རྒྱུན་མཐུད་ངང་འཕར་རྒྱུ་རེད་ཟེར། སྟག་མཆོང་འགག་མཛེས་ལྗོངས་ཁུལ་ནི་གཡང་གཟར་བརྗིད་ཆགས་ཀྱི་གྲོང་རོང་མཛེས་ལྗོངས་ཀྱིས་མིང་སུ་གྲགས་པ་ཡིན་པས། ཡུལ་སྐོར་བ་མང་པོ་སེམས་ཀྱི་ཉི་ཟླ་ནས་ཕྱིར་ལོག་དང་འགྲམ་རྒྱུད་ཡུལ་སྐོར་ལམ་ཐིག་ཅིག་ཏུ་གྱུར་ཡོད། ཉེ་བའི་ལོ་འགའི་རིང་སྟག་མཆོང་འགག་མཛེས་ལྗོངས་ཁུལ་དེ“འཛམ་གླིང་རྐང་ཐང་ཡུལ་སྐོར་ལམ་ཐིག་བཅུ་ཡི”གྲས་སུ་ཚུད་པ་མ་ཟད། སྟག་མཆོང་འགག་མཐོ་ལམ་རྐང་ཐང་ལམ་ཐིག་ནི་རྒྱལ་ནང་གི་ཡུལ་སྐོར་སྟོང་ཕྲག་ཡོང་སའི་གནས་མཆོག་ཏུ་གྱུར་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།