ཀྲུང་གོ་བོད་ཀྱི་དྲ་བ།

འབབ་ལྷག་དཀར་རྫོང་ལྗོངས་ཁུལ་གྱིས་དབྱར་གནང་སྐབས་སློབ་མ་ཚོར་རིན་མེད་སྒོ་འཛིན་གྱི་གཟིགས་སྐྱོང་སྲིད་ཇུས་བཏོན་པ།​

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

9.jpg

11.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་འབབ་ལྷག་དཀར་རྫོང་མཛེས་ལྗོངས་ཁུལ་ནས་རྒྱུས་ལོན་པ་ལྟར་ན། སླེབས་ལ་ཉེ་པའི་དབྱར་གནང་གི་ཡུལ་སྐོར་དུས་ཚིགས་བསུས་ནས་སློབ་མའི་དབྱར་གནང་གི་ཡུལ་སྐོར་ཁྲོམ་རའི་དགོས་མཁོ་བསྐང་ཆེད། འབབ་ལྷག་དཀར་རྫོང་མཛེས་ལྗོངས་ཁུལ་གྱིས་དབྱར་གནང་དུས་སུ་སློབ་མ་ཚོར་རིན་མེད་སྒོ་འཛིན་གྱི་གཟིགས་སྐྱོང་སྲིད་ཇུས་བཏོན། ཐེངས་འདིའི་གཟིགས་སྐྱོང་སྲིད་ཇུས་བྱ་འགུལ2023ལོའི་ཟླ7པའི་ཚེས15ནས་ཟླ8པའི་ཚེས31བར་ཡིན། རྒྱལ་ཡོངས་ཁྱབ་ཁོངས་ཀྱི་སློབ་མ(ལོ26ལོན་པའི་ཞིབ་འཇུག་སློབ་མ་ཚུད)ཚང་མར་སྒོ་འཛིན་སྒོར110ལེན་རྒྱུ་མིན།

འབབ་ལྷག་དཀར་རྫོང་མཛེས་ལྗོངས་ཁུལ་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་ལྟར་ན། སློབ་མའི་སྒོ་འཛིན་རིན་མི་དགོས་པ་མ་ཟད། དབྱར་གནང་གི་ཡུལ་སྐོར་བ་མང་བའི་དུས་ལ་དམིགས་ཏེ་མཛེས་ལྗོངས་ཁུལ་གྱིས་གཞན་ད་དུང“དབྱར་ཁའི་ཡུལ་སྐོར་དུས་ཚིགས”རྐང་ཐང་བྱ་འགུལ་དང་མཛེས་ལྗོངས་ཁུལ་ནས་མཐོ་རིམ་མགྲོན་ཁང(གངས་རི་ཆུ་མིག་ཁམས་གསོ་གཞིས་ཀ། གངས་རི་བྲག་རིའི་མགྲོན་ཁང་། གངས་རི་སྐར་ཚོགས་གནམ་མཐའི་མགྲོན་ཁང)གི་ཁང་བ་ཉོས་ན་སྒོ་འཛིན་སྟེར་བའི་གཟིགས་སྐྱོང་བྱ་འགུལ་བཏོན། ཐེངས་འདིའི་བྱ་འགུལ་ནི་གཙོ་བོ་ཡུལ་སྐོར་བ་ལ་དྲིན་ལན་འཇལ་པ་དང་། རྒྱ་ཆེའི་སློབ་ཆེན་སློབ་མ་ཚོར་གནས་དེར་ཡོང་ནས་རོལ་མྱོང་བྱེད་པ་དང་ཡུལ་སྐོར་བྱེད་པ། དབྱར་གནང་གི་ཡུལ་སྐོར་བ་མང་བའི་གོ་སྐབས་དམ་འཛིན་བྱེད་པ། འགྲུལ་རྒྱུན་ཇེ་མང་དུ་གཏོང་བ། ཡོང་འབབ་འཕར་བ། དེ་དང་ཆབས་ཅིག་ཏུ་གཟིགས་སྐྱོང་བྱ་འགུལ་བརྒྱུད། སྔར་ལས་ལྷག་པའི་སྒོ་ནས་ཟོང་རྟགས་ཇེ་ལེགས་སུ་བཏང་ནས་མཛེས་ལྗོངས་ཁུལ་གྱི་མིང་གྲགས་ཆོད་ཚད་ཇེ་མཐོར་གཏོང་བའི་ཆེད་ཡིན། 

གཟིགས་སྐྱོང་སྲིད་ཇུས་བཏོན་པ་དང་ཆབས་ཅིག་ཏུ་མཛེས་ལྗོངས་ཁུལ་གྱིས་འབྲེལ་ཡོད་དུས་མགོའི་གྲ་སྒྲིག་ལས་དོན་སྤེལ་ཞིང་། ཕྱོགས་གཅིག་ནས་མུ་མཐུད་དུ་ལས་རྣམ་འཐུས་ཚང་དང་རོལ་མྱོང་ཡུལ་སྐོར་རིགས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས“བཟའ་དང་སྡོད། བསྐྱོད། ཡུལ་སྐོར། ཉོ། རོལ་རྩེད”སོགས་གཞི་གཅིག་ཏུ་འདུས་པའི་རིག་གནས་ཡུལ་སྐོར་ཕྱོགས་བསྡུས་ཅན་བཏོད་དེ། གཟུགས་འདས་རོལ་མྱོང་ཁང་དང་བོད་ཀྱི་རིག་གནས་འཁྲབ་སྟོན་ལྟེ་གནས། བོད་ཀྱི་རིག་ག་ནས་དངོས་མང་བཤམས་སྟོན་ཁང་སོགས་ཀྱི་རིག་གནས་རོལ་མྱོང་ཡུལ་སྐོར་རིགས། གཡེང་བསྐྱོད་སོགས་ཀྱི་ཕྱི་རོལ་ཡུལ་སྐོར། ཁོ་ཧྥེ་འཐུང་ས། རོལ་དབྱངས་ཁང་། དཔེ་ཁང་སོགས་ཀྱི་སྤྲོ་གསེང་ཡུལ་སྐོར་རིགས་ཇེ་ལེགས་སུ་བཏང་ཞིང་། གུང་གསེང་གཏོང་བའི་ཁོར་ཡུག་ཡག་པོ་བསྐྲུན་པ་དང་། ཡུལ་སྐོར་བའི་རོལ་མྱོང་ཕུན་ཚོགས་སུ་གཏོང་བ་རེད། ཕྱོགས་གཞན་ཞིག་ནས་ཞབས་ཞུ་ལས་གནས་དམིགས་ཏེ་གསོ་སྦྱོང་སྐོར་མང་པོ་སྤེལ་བ་དང་། ཞབས་ཞུ་རྣམ་འགྱུར་ཚད་ལྡན་དུ་གཏོང་བ། མི་གཤིས་ཅན་གྱི་ཞབས་ཞུ་འདུ་ཤེས་ཤུགས་ཆེར་བཏང་ནས། ཡུལ་སྐོར་ཞབས་ཞུའི་སྤུས་ཚད་དང་ཡུལ་སྐོར་བའི་ཡིད་ཚིམ་ཚད་ཇེ་མཐོར་བཏང་།   །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།