ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླའི་སྟག་མའི་མེ་ཏོག་དུས་ཚིགས་ཀྱི་སྤོ་སྒུལ་ཁོ་ཧྥེ་དུས་ཆེན་བྱ་འགུལ་དངོས་སུ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-05-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

4.jpg

5.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ5བའི་ཚེས14ཉིན། ཕུ་འདའ་མཚོ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དུ་སྐོར་སྐྱོད་ཁོ་ཧྥེ་རླངས་འཁོར་དང་། ས་གནས་ལག་རྩལ་ཐོན་རྫས། བོད་ཀྱི་ཟས་མངར། ཡུལ་དེའི་ཐོན་རྫས་བཅས་གཞི་གཅིག་ཏུ་འདུས་པའི་ཕྱི་རོལ་ཁྲོམ་རས་ཡུལ་སྐོར་བ་མང་པོའི་ཡིད་སེམས་དབང་མེད་དུ་འཕྲོག་ནས། ཁོ་ཚོས་གནས་དེ་རུ་ལག་རྩལ་སྒྱུ་རྩལ་ལ་གཟིགས་པ་དང་། ཁོ་ཧྥེ་འཐུང་བ། ཟས་མངར་རོལ་མྱོང་བྱེད་བཞིན་ཡོད་པ་མ་ཟད། ཡུལ་སྐོར་བ་ཚོས་ད་དུང་སེམས་ཀྱི་ཉི་ཟླའི་སྟག་མའི་མེ་ཏོག་དུས་ཚིགས་ཀྱི་སྤོ་སྒུལ་ཁེ་ཧྥེ་དུས་ཆེན་གྱི་བྱ་འགུལ་ཡུལ་དངོས་སུ་ཁོ་ཧྥེ་དང་རོལ་དབྱངས། མཐོ་སྒང་གི་ཟས་མངར་སོགས་སྣ་མང་ཅན་གྱི་རིག་གནས་རོལ་མྱོང་བྱས།

ཤེས་གསལ་ལྟར་ན། ཐེངས་འདིའི་སེམས་ཀྱི་ཉི་ཟླའི་སྟག་མའི་མེ་ཏོག་དུས་ཚིགས་ཀྱི་སྤོ་སྒུལ་ཁོ་ཧྥེ་དུས་ཆེན་བྱ་འགུལ་དེ་ཕྱི་རོལ་ཁྲོམ་རའི་རྣམ་པའི་སྒོ་ནས་མགོ་ཚུགས་ཤིང་། རྒྱུན་མཐུད་ངང་དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱིས་ཟླ6པའི་ཟླ་སྨད་དུ་བར་དུ་བྱ་འགུལ་སྤེལ་རྒྱུ་རེད། ཡུལ་དངོས་བྱ་འགུལ་ཁྲོད་ཕུན་སུམ་ཚོགས་པའི་བྱ་འགུལ་རོལ་མྱོང་བཏོད་ནས། དེང་རབས་གྲོང་ཁྱེར་འཚོ་བའི་རླབས་རྒྱུན་ཁོ་ཧྥེ་དེ་རང་བྱུང་མཛེས་ལྗོངས་དང་ཟུང་འབྲེལ་གྱིས་བརྩེ་སེམས་རིན་ཐང་ནང་དོན་གྱི་སྐྱེ་ཁམས་བསྐྲུན་ཏེ། སེམས་ཀྱི་ཉི་ཟླའི་ཡུལ་སྐོར་བ་ལ་དར་རྒྱུགས་ཆེ་བའི་འཛད་སྤྱོད་རོལ་མྱོང་ས་གནས་མཁོ་འདོན་བྱེད་པ་དང་། དེ་དང་ཆབས་ཅིག་རྒྱུན་མཐུད་ཀྱིས་ཡུལ་སྐོར་རོལ་མྱོང་ཇེ་ལེགས་སུ་བཏང་ནས་ཡུལ་སྐོར་བ་གནས་དེར་འདུག་པའི་དུས་ཚོད་དང་འཛད་སྤྱོད་མཐོ་རུ་བཏང་ཡོད། གཞན་ཡང་དྲ་ཐོག་གི་ཐབས་ལམ་མང་པོའི་ཁྱབ་སྤེལ་ཐབས་ལམ་སྤྱད་དེ་སྐོར་སྐྱོད་ཁོ་ཧྥེ་རླངས་འཁོར་ཚོང་གཉེར་མི་སྣ་བརྒྱུད་དེ་དྲ་ཐོག་གི་བཞུར་ཚད་དང་བྱ་འགུལ་ཁྱབ་གདལ་ཤུགས་རྐྱེན་བེད་སྤྱོད་བྱས་ནས། ཡུལ་སྐོར་བ་སྔར་ལས་མང་པོ་མཛེས་ལྗོངས་ཁུལ་སོ་སོར་ཕྱིན་ནས་སྟག་མའི་མེ་ཏོག་ལ་གཟིགས་པ་དང་སྐོར་སྐྱོད་ཁོ་ཧྥེ་བར་གསེང་ལོངས་སུ་སྤྱོད་པར་བཀུག་ཡོད་ལ། དྲ་ཐོག་འདེབས་འཛུགས་སྟེགས་བུ UGCནང་དོན་གྲུབ་ནས་རྒྱུན་མཐུད་ཀྱིས་སེམས་ཀྱི་ཉི་ཟླའི་སྟག་མའི་མེ་ཏོག་དུས་ཚིགས་ཀྱི་བརྗོད་གཞི་དར་སྤེལ་དུ་བཏང་ཡོད། བྱ་འགུལ་རིང་སྐོར་སྐྱོད་ཁོ་ཧྥེ་རླངས་འཁོར་དང་། ཞོག་ཁོག་སྲེག་མ། སིལ་ཁུ་སོགས་ཀྱི་ཁོ་ཧྥེ་རླངས་འཁོར20ལྷག་སེམས་ཀྱི་ཉི་ཟླའི་མཛེས་ལྗོངས་ཁུལ་སོ་སོར་ཕྱིན་ནས་ཡུལ་སྐོར་འཆར་གཞི་མགོ་བརྩམས་ནས། ཡུལ་སྐོར་བར་རི་ཀླུང་ཀུན་གྱི་ཡུལ་ལྗོངས་ལ་གཟིགས་པའི་ཞོར་དུ་ཞིམ་མངར་ལྡན་པའི་ཁོ་ཧྥེ་ལོངས་སུ་སྤྱོད་དུ་འཇུག་རྒྱུ་རེད། ། 

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།