ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་གི་སེམས་ཀྱི་ཉི་ཟླ་ནས་ཕུལ་བའི་གདན་ཞུ་ཡི་གེ

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས25ཉིན། “ཡུན་ནན་གྱི་འཚོ་བ”ཞེས་འབོད་པའི་ཕྲེང་བརྒྱུད་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཚོགས་ར་དྲུག་པ་སྟེ་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་ཆེད་དམིགས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་དེ་ཕུ་མདའ་མཚོ་རྒྱལ་ཁབ་སྤྱི་གླིང་ཧྲུའུ་ཏུའུ་མཚོ་འགྲམ་དུ་གཟབ་རྒྱས་ངང་འཚོགས་པ་རེད། ཚོགས་འདུ་ནང་ཞུགས་པའི་སྐུ་མགྲོན་གསུམ་གྱིས་ཡུལ་དངོས་སུ་ཁོང་ཚོའི་སེམས་ནང་གི་སེམས་ཀྱི་ཉི་ཟླ་བརྗོད་པ་དང་། སྐུ་མགྲོན་མང་པོས་བརྙན་ལམ་ནས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་བདེ་ཆེན་རྫོང་། འབའ་ཐང་རྫོང་ལུ་སུའུ་མི་རིགས་རང་སྐྱོང་རྫོང་གི་ཚབ་བྱེད་རང་བཞིན་ལྡན་པའི་ཡུལ་སྐོར་དམིགས་ས་འོས་སྦྱོར་བྱས།

3.jpg

འདི་ནི་གསར་འགྱུར་ཁྱབ་བསྒྲགས་ཡུལ་དངོས་ཡིན།

བདེ་ཆེན་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལུའོ་ཀྲི་ཅུན་གྱི་མིག་ལམ་དུ་སེམས་ཀྱི་ཉི་ཟླའི་འཚོ་བ་ནི་འཆམ་མཐུན་ལྡན་པའི་མཉམ་སྒྲོག་རོལ་མོ་ཞིག་དང་། འབྲས་བུ་སྨིན་པའི་ཤིང་ཏོག མེ་ཏོག་སྣ་ཚོགས་རབ་ཏུ་བཞད་པའི་ལྡུམ་ར། ངོ་མཚར་ཅན་གྱི་རི་ཆུའི་རི་མོ་བཅས་ཡིན། ཁོང་གིས་མི་རིགས་རིག་གནས་དང་། ཟས་མངར་ཁྱད་རྫས། བདེ་སྐྱིད་འཚོ་བ། གཟུགས་འདས་རིག་གནས། སྐྱེ་དངོས་སྣ་མང་རང་བཞིན་སོགས་ཀྱི་ཕྱོགས་ནས་ཁོང་གི་སེམས་ནང་གི་སེམས་ཀྱི་ཉི་ཟླ་ངོ་སྤྲོད་བྱས། 

4.jpg

ཕུ་མདའ་མཚོ་རྒྱལ་ཁབ་སྤྱི་གླིང་གི་ཟུར་ཞིག

5.jpg

ཉི་འོད་རི་རྩེར་རྒྱག་པའི་རྣམ་པ།

ཡུན་ནན་གྱི་འཚོ་བ’ཞེས་གླེང་ཚེ། སེམས་ཀྱི་ཉི་ཟླ་ནི་འཚོ་བ་འདིའི་ནང་གི་ཐུག་འཕྲད་ཅིག་ཡིན”ཞེས་བདེ་ཆེན་ཁུལ་རིག་གནས་དང་ཡུལ་སྐོར་ཅུའུ་ཏང་ཨུ་ཧྲུའུ་ཅིའམ་ཅུའུ་ཀྲང་ཀའོ་ཞང་གིས་དེ་ལྟར་ངོ་སྤྲོད་བྱས། བདེ་ཆེན་དུ“སེམས་ཀྱི་ཉི་ཟླ”དང“གཙང་གསུམ་མཉམ་རྒྱུག” “སྨན་རི་གངས་རི” ། “ཇ་རྟའི་གནའ་ལམ”བཅས་ཀྱི་འཛམ་གླིང་རིམ་པའི་ཚོང་རྟགས་བཞི་ཡོད། 2022ལོར་བདེ་ཆེན་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི1535.29སྣེ་ལེན་བྱས་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར148.17ཟིན་པ་དང་། 2023ལོའི་དུས་ཚིགས་དང་པོར་ཡུལ་སྐོར་བ་མི་ཐེངས་ཁྲི453.95སྣེ་ལེན་བྱས་ནས་དུས་མཉམ་ལས190.01%འཕར་ཞིང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར50.03ཟིན་ནས་དུས་མཉམ་ལས149.94%འཕར་ཏེ་བདེ་ཆེན་གྱིས་ཡུལ་སྐོར་བ་ཤིན་ཏུ་མང་བའི་དུས་ཚིགས་བསུས། 

6.jpg

ཁྱབ་བསྒྲགས་ཡུལ་དངོས་ཀྱི་མི་རིགས་ཁྱད་ལྡན་འཁྲབ་སྟོན།

2025ལོར་སླེབས་ཚེ། བདེ་ཆེན་ཁུལ་ཡོངས་ཀྱི་ཡུལ་སྐོར་སྣེ་ལེན་ཚད་མི་ཐེངས་ཁྲི2500དང་། ཡུལ་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར310 ། རིག་གནས་ཡུལ་སྐོར་ཐོན་ལས་འཕར་གྲངསGDPབསྡུར་ཚད་ཀྱི24%ཡས་མས་སུ་བརྩོན་ལེན་བྱ་རྒྱུ་རེད།

7.jpg

ཕུ་མདའ་མཚོ་རྒྱལ་ཁབ་སྤྱི་གླིང་གི་ཟུར་ཞིག

8.jpg

 ཉི་འོད་རི་རྩེར་རྒྱག་པའི་རྣམ་པ།

ཡུལ་དངོས་ནས་མཉམ་སྤྱོད་བྱས་པ་མ་ཟད། ཁྱབ་ཁོངས་སོ་སོ་ནས་སླེབས་པའི་འཐུས་མི11གིས་བརྙན་ལམ་བརྒྱུད་དེ་བདེ་ཆེན་གྱི་ཚབ་བྱེད་རང་བཞིན་ལྡན་པའི་མཛེས་ལྗོངས་ཁུལ10ངོ་སྤྲོད་བྱས་པ་དང་། དེའི་ནང་རྡོ་མཁར་རྫོང་གནའ་གྲོང་དང་། སྨན་རི་གངས་རི། སྟག་མཆོང་འགག ཡུན་ནན་སྤྲེའུ་སེར་རྒྱལ་ཁབ་སྤྱི་གླིང་ཚུད་ཡོད། ། 

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།