ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས2023ལོའི་ཤེས་རིག་བདག་དབང་དྲིལ་སྒྲོག་གཟའ་འཁོར་གྱི་བྱ་འགུལ་སྤེལ་མགོ་བརྩམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས26ཉིན་ནི་ཐེངས23པའི་འཛམ་གླིང་ཤེས་རིག་བདག་དབང་ཉིན་མོ་ཡིན་ལ། ཤེས་རིག་བདག་དབང་དྲིལ་སྒྲོག་གཟའ་འཁོར་གྱི་བྱ་འགུལ་གང་ལེགས་སྤེལ་ཕྱིར། ཉེ་ཆར་བདེ་ཆེན་ཁུལ་གྱིས་སྔ་མོ་ནས2023ལོའི་ཤེས་རིག་བདག་དབང་དྲིལ་སྒྲོག་གཟའ་འཁོར་གྱི་བྱ་འགུལ་སྤེལ་མགོ་བརྩམས་པ་རེད།

ཤེས་གསལ་ལྟར་ན། ཟླ4བའི་ཚེས19ནས་ཚེས26བར་དུ་བདེ་ཆེན་ཁུལ་གྱི་ཤེས་རིག་བདག་དབང་ལས་དོན་འབྲེལ་ཡོད་སྡེ་ཚན་སོ་སོས“ཤེས་རིག་བདག་དབང་ཁྲིམས་སྐྱོང་འགན་སྲུང་ལ་ཤུགས་བསྣན་ནས་ཕྱོགས་ཡོངས་ནས་གསར་གཏོད་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ”ཞེས་པ་བརྗོད་གཞི་གཙོ་བོར་བཟུང་ནས། གཙོ་གཞི་གསར་གཏོད་དང་། ལས་ཁུངས་ཀྱི་ལས་དོན་མི་སྣ། གཞོན་ནུ་ལོ་ཆུང་དང་སྤྱི་ཚོགས་སྤྱི་དམངས་སོགས་ལ་ཁ་གཏད་དེ་ཤེས་རིག་བདག་དབང་ཆ་འཕྲིན་ཁྱབ་བསྒྲགས་དང་ཤེས་རིག་བདག་དབང་ཆེད་དོན་ཁྲིམས་འཛིན་ཞིབ་བཤེར། ཤེས་རིག་བདག་དབང་དྲིལ་སྒྲོག་ཞབས་ཞུ་ཁྲོམ་ར་དང་སློབ་ར། གླིང་ཁུལ། ཁེ་ལས་བཅས་སུ་བསྐྱོད་པའི་རྣམ་པ་སྣ་ཚོགས་ཀྱི་དྲིལ་སྒྲོག་བྱ་འགུལ་སྤེལ་ནས། མུ་མཐུད་དུ་སྤྱི་ཚོགས་སྤྱི་དམངས་ཀྱིས “ཤེས་བྱར་བརྩི་འཇོག་དང་། གསར་གཏོད་ཡར་གཏོད། དྲང་བདེན་ཁྲིམས་བརྩི། དྲང་གཞག་འགྲན་རྩོད”བཅས་ཀྱི་ཤེས་རིག་བདག་དབང་རིག་གནས་འདུ་ཤེས་མཐོ་རུ་བཏང་།

བདེ་ཆེན་ཁུལ་ལྟ་སྐུལ་དོ་དམ་ཅུའུ་ཡི་འགན་ཁུར་མི་སྣས། རྗེས་མར་ཤེས་རིག་བདག་དབང་ཁྱབ་སྤེལ་དང་སྲུང་སྐྱོང་ཁྲིམས་སྲོལ་སྲིད་ཇུས་དྲིལ་སྒྲོག་ལ་ཤུགས་སྣོན་བརྒྱབ་ནས། ཤེས་རིག་བདག་དབང་སྲུང་སྐྱོང་དང་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། ཤེས་རིག་བདག་དབང་ཆ་འཕྲིན་སྤྱི་པའི་ཞབས་ཞུའི་ནུས་བ་འདོན་སྤེལ་གང་ལེགས་བརྒྱུད། ཕྱོགས་ཡོངས་ནས་ཤེས་རིག་བདག་དབང་གི་གསར་བསྐྲུན་སྤུས་ཚད་དང་། སྲུང་སྐྱོང་གྲུབ་འབྲས། བེད་སྤྱོད་ཕན་འབྲས། དོ་དམ་ཆུ་ཚད་དང་ཞབས་ཞུ་ནུས་བ་མཐོ་རུ་བཏང་ནས། ཤེས་རིག་བདག་དབང་གིས་ཁུལ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་བའི་ཁོར་ཡུག་བསྐྲུན་པ་དང་། མུ་མཐུད་དུ་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་བཏང་སྟེ་གྲོང་གསེབ་དར་སྤེལ་ལ་རམ་འདེགས་བྱ་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།