ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླའི་སྟག་མའི་མེ་ཏོག་དུས་ཚིགས་སུ་བདེ་ཆེན་ཁུལ་གྱིས་ཡུལ་སྐོར་ལམ་ཐིག5བཏོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས18ཉིན། བདེ་ཆེན་ཁུལ་ཨུ་དྲིལ་སྒྲོག་པུའུ་དང་ཁུལ་རིག་གནས་ཡུལ་སྐོར་ཅུའུ་ཡིས་གཙོ་གཉེར་བྱས་ཤིང་། སུམ་རྩེན་ཚོགས་པ་དང་ཁང་ལུའི་ཚོགས་པ། འཁྱུག་དབྱངས་འཚོ་བའི་ཞབས་ཞུ་བཅས་ཀྱིས་གཉེར་འགན་ཁུར་བའི2023ལོའི་སེམས་ཀྱི་ཉི་ཟླའི“སྟག་མའི་མེ་ཏོག་དུས་ཚིགས”དང་སེམས་ཀྱི་དམིགས་ས་སྟེ་སེམས་ཀྱི་ཉི་ཟླའི་ས་ཚིགས་མགོ་ཚུགས་མཛད་སྒོ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་སྤེལ།

བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཡན་ལན་བྱ་འགུལ་ནང་ཞུགས་ནས་བྱ་འགུལ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་ཤིང་། བདེ་ཆེན་ཁུལ་རིག་གནས་དང་ཡུལ་སྐོར་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣ་དང་སུམ་རྩེན་ཚོགས་པ། ཡུན་ནན་ཞིང་ཆེན་ཁང་ལུའི་ཚོགས་པ། འཁྱུག་དབྱངས་འཚོ་བའི་ཞབས་ཞུ་མགྲོན་ཁང་ཡུལ་སྐོར་ལས་རིགས་ཀྱི་འབྲེལ་ཡོད་མི་སྣ་དང་མཉམ་དུ2023ལོའི་སེམས་ཀྱི་ཉི་ཟླའི“སྟག་མའི་མེ་ཏོག་དུས་ཚིགས”ཀྱི་བྱ་འགུལ་རབ་དང་རིམ་པའི་མགོ་ཚུགས་པ་ཁྱབ་བསྒྲགས་བྱས།

5.jpg

ཤེས་གསལ་ལྟར་ན། 2023ལོའི་སེམས་ཀྱི་ཉི་ཟླའི“སྟག་མའི་མེ་ཏོག་དུས་ཚིགས”དང་སེམས་ཀྱི་དམིགས་ས་སྟེ་སེམས་ཀྱི་ཉི་ཟླ་ས་ཚིགས་ཀྱིས་བདེ་ཆེན་སྟག་མའི་མེ་ཏོག་གི་སྐྱེ་དངོས་ཐོན་ཁུངས་འདོན་སྤེལ་གང་ལེགས་བྱས་ནས། སྟག་མའི་མེ་ཏོག་རབ་ཏུ་བཞད་པའི་དུས་སུ་དྲིལ་སྒྲོག་གི་ཚ་རླབས་འཕྱུར་ཞིང་། ཡུལ་སྐོར་བ་སྔར་ལས་མང་པོས་སེམས་ཀྱི་ཉི་ཟླར་དོ་ཁུར་དང་རོལ་མྱོང་བྱེད་པར་སྣེ་ཁྲིད་བྱས། གཞན་ཡང“ཐོན་རྫས་ཅན་དང་། ནང་དོན་ཅན། དཔེ་དབྱིབས་ཅན”བཅས་གཙོ་བོར་བཟུང་ནས་བདེ་ཆེན་གྱི་ཁྱད་ཆོས་ལྡན་པའི་དམིགས་ས་སྐོར་ཞིག་གི་ཡུལ་སྐོར་ནང་དོན་བཏོད་པ་མ་ཟད། ཚབ་བྱེད་རང་བཞིན་གྱི་ཡུལ་སྐོར་ལམ་ཐིག་དང་ཡུལ་སྐོར་ཐོན་རྫས་སྐོར་ཞིག་བཏོད་ནས། འཁྱུག་དབྱངས་སྟེང་ཁྱད་ལྡན་རིག་གནས་ཡུལ་སྐོར་དམིགས་སའི་གྲོང་ཁྱེར་ལ་བལྟ་རུ་བཅུག དེ་དང་ཆབས་ཅིག་ཏུ་སྟག་མའི་མེ་ཏོག་དུས་ཚིགས་སུ་ཁྱབ་བསྒྲགས་བྱས་པའི་ཆེད་གཏོགས་ཀྱི་སེམས་ཀྱི་ཉི་ཟླའི་མེ་ཏོག་ལ་གཟིགས་པའི་ལམ་ཐིག་དང་ཟུང་འབྲེལ་གྱིས། ཡུལ་སྐོར་བ་གདན་འདྲེན་ཞུས་ཏེ་ཡུལ་དངོས་སུ་ལམ་ཐིག་རོལ་མྱོང་བྱེད་དུ་བཅུག་པ་དང་། མཉམ་དུ་དམིགས་ས་དྲིལ་སྒྲོག་དང་ཁྱབ་གདལ་བཏང་བ་རེད། སྤུས་ལེགས་ནང་དོན་དང་སེམས་ཀྱི་ཉི་ཟླའི་དམིགས་ས་གཏོད་པ་དང་ཆ་འཕྲིན་ཁྱབ་སྤེལ་བྱེད་པར་རམ་འདེགས་བརྒྱུད། མིང་གྲགས་ལམ་ཐིག་ནང་དོན་ཕྱིར་བཏོན་ནས་འཁྱུག་དབྱངས་ལེགས་སྒྲིག་རང་བཞིན་ལྡན་པའི་སེམས་ཀྱི་ཉི་ཟླའི་སེམས་འགུལ་དམིགས་ས་བསྐྲུན་པ་རེད། མེ་ཏོག་ལ་གཟིགས་པའི་དུས་ཚིགས་སླེབས་པ་དང་བསྟུན་བདེ་ཆེན་ཁུལ་གྱིས་ཡུལ་སྐོར་ལམ་ཐིག5བཏོད།

ཤེས་གསལ་ལྟར་ན། “སེམས་ཀྱི་དམིགས་ས”ཞེས་པ་ནི་འཁྱུག་དབྱངས་འཚོ་བའི་ཞབས་ཞུའི་ལོ་འཁོར་མགྲོན་ཁང་ཡུལ་སྐོར་ཚོང་གཉེརIPཡིན་ལ། དེས་ཟླ་གཉིས་རེར་མགོ་བརྩམས་པའི་རྣམ་པ་ཡིས་རྒྱལ་ཡོངས་སུ་ལག་བསྟར་བྱས་ནས། ལོ་ཧྲིལ་བོར་དམིགས་ས30ལ་ཁྱབ་རྒྱུ་རེད། བྱ་འགུལ་ཡུལ་དངོས་སུ་འཁྱུག་དབྱངས་འཚོ་བའི་ཞབས་ཞུ་མགྲོན་ཁང་ཡུལ་སྐོར་ལས་རིགས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་ཚོགས་པ་དེས་ཚོང་གཉེར་གསར་སྐྲུན་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་། དྲིལ་སྒྲོག་ཁྱབ་གདལ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་བདེ་ཆེན་གྱི་རྣམ་པ་མངོན་ཏེ་ཡུལ་སྐོར་བ་སྔར་ལས་མང་པོའི་ཡིད་སེམས་འགུགས་རྒྱུ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།