ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རྩྭ་འདེབས་སླར་གསོ་ལ་ཕན་འབྲས་ཐོབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུའུ་ནས་རྒྱུས་ལོན་ལྟར་ན། ཉེ་བའི་ལོ་འགའི་རིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་མུའུ་ཁྲི0.85ཡི་རྩྭ་ཐང་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་རྣམ་གྲངས་དང་མུའུ་ཁྲི25ཡི་ཕྱུགས་སྐྱུར་རྩྭ་གསོ་རྣམ་གྲངས་ལག་བསྟར་བརྒྱུད། མི་བཟོས་རྩྭ་ས་ཁ་སྣོན་དང་རང་བྱུང་རྩྭ་ཐང་སྤུས་ཚད་ལེགས་བཅོས། རྩྭ་ཐང་བེད་སྤྱོད་ལམ་སྲོལ་དཔེ་དབྱིབས་ལེགས་སྒྱུར་བྱས་ནས། རྩྭ་ཐང་སྐྱེ་ཁམས་སླར་གསོ་དང་རྩྭ་ཐང་སྐྱེ་ཁམས་རྒྱུན་མཐུད་ཞན་འགྱུར་སོགས་ཀྱི་ཕྱོགས་ནས་ཕན་འབྲས་ཅུང་ཙམ་བླངས་པ་དེས་སྐྱེ་ཁམས་དང་སྤྱི་ཚོགས། དཔལ་འབྱོར་བཅས་ཀྱི་ཕན་འབྲས་མཐོ་རུ་ཕྱིན།

རྩྭ་ཐང་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་སྟེ་མི་ཡིས་རྩྭ་འདེབས་འཛུགས་ལག་བསྟར་བྱས་པ་བརྒྱུད། རྣམ་གྲངས་ཁུལ་གྱི་རྩྭ་ཐང་སྔོ་ཁེབས་ཁྱབ་ཚད་མཐོ་རུ་ཕྱིན་པ་མ་ཟད། རྩྭ་ཐང་སྐྱེ་ཁམས་མ་ལག་སླར་གསོ་འཁོར་བསྐྱོད་ཡག་པོ་བྱུང་ནས། རྩྭ་ཐང་རང་བྱུང་ཚོད་འཛིན་ནུས་བ་མངོན་གསལ་གྱིས་འཕར་ཞིང་། ཞན་འགྱུར་རྩྭ་ཐང་སྔོ་ཁེབས་སྲུང་སྐྱོང་དང་སླར་གསོ་ཐོབ་པ། རྩྭ་ཐང་གི་ཐཱན་འདུས་ནུས་བ་འཕར་བ། ནུས་ལྡན་གྱིས་ས་ཆུ་ཤོར་བར་ཚོད་འཛིན་བྱས་པ། རྣམ་གྲངས་ཁུལ་གྱི་ས་རྒྱུ་གནས་ཚུལ་ལེགས་བཅོས་བྱུང་བ། རྩྭ་ཐང་སྐྱེ་ཁམས་མ་ལག་གི་ཞབས་ཞུ་ནུས་བ་ལེགས་སྒྱུར། རྩྭ་ཐང་ཆུ་ཁོངས་གསོ་སྐྱོང་དང་ཆུ་གསོག་ས་སྲུང་སོགས་ཀྱི་ནུས་བ་མཐོ་རུ་ཕྱིན་ཡོད།  

རྣམ་གྲངས་ལག་བསྟར་བྱས་པ་དེས་ནུས་ལྡན་ངང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་དང་སླར་གསོ་ཐེབས་ནས། རྣམ་གྲངས་ཁུལ་གྱི་གནོད་འགོག་གནོད་སྐྱོབ་ནུས་བ་ཇེ་ཆེར་སོང་ཞིང་། ཚན་རྩལ་ཁྱབ་གདལ་དང་། ལས་སྒོ་ནུས་རྩལ་གསོ་སྦྱོང་བརྒྱུད། ནགས་རྩྭ་ལས་དོན་མི་སྣའི་དོ་དམ་ཆུ་ཚད་དང་ཆེད་ལས་བྱང་ཚད་མཐོ་རུ་ཕྱིན་པ་མ་ཟད། མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་གཏིང་ཟབ་ཏུ་གྱུར།   

རྣམ་གྲངས་ཁུལ་མང་ཚོགས་ཀྱིས་ཐད་ཀར་ཞུགས་པ་དང་རྣམ་གྲངས་འཛུགས་སྐྲུན་བརྒྱུད་དེ་ཁེ་ཕན་ཐོབ་པ་དང་དཔལ་འབྱོར་ཡོང་འབབ་འཕར་བ། གྲོང་གསེབ་དར་སྤེལ་འཐབ་ཇུས་དང་སྐྱེ་ཁམས་སྲུང་སྐྱོང་ཕན་ཚུན་མཐུན་སྦྱོར་དང་། དཔལ་འབྱོར་འཛུགས་སྐྲུན་དང་རྒྱུན་སྲིང་འཕེལ་རྒྱས་ཕན་ཚུན་སྐུལ་འདེད་བྱས་པ། རྣམ་གྲངས་ཁུལ་དང་མཐའ་འཁོར་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱུང་བ་དང་བསྟུན། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་སྔར་ལས་ལྷག་པའི་ཐོན་ཁུངས་འགན་སྲུང་མཁོ་འདོན་བྱས་ནས། འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་ལ་ཡང་སྣེ་ཁྲིད་བྱས། །  

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།