ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་ཡིས་སྐྱེ་ཁམས་སྲུང་ཡོལ་བརྟན་སྲུང་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-04-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

8.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་སླེབས་པའི་ཚུན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གཏིང་ཟབ་སྒོས“རི་གཉིས་རིགས་གཞུང”དང“གཙང་གཅིག་སྲུང་སྐྱོང་དང་མཚོ་གཅིག་བཅོས་སྐྱོང”བཅས་ལག་བསྟར་དངོས་འབེབས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་ཇེ་ལེགས་སུ་འགྲོ་བའི་ཚད་མཐའ་བརྟན་སྲུང་བྱས་པ་རེད།

གཏིང་ཟབ་སྒོས་ལྗང་མདོག་མཛེས་སྡུག་གི་སེམས་ཀྱི་ཉི་ཟླ་འཛུགས་སྐྲུན་བྱས། གཏིང་ཟབ་པའི་སྒོ་ནས་ལྗང་མདོག་མཛེས་སྡུག་གི་སེམས་ཀྱི་ཉི་ཟླའི་ལོ་གསུམ་རིང་གི་འགུལ་སྐྱོད་སྤེལ་ནས། རྒྱུན་མཐུད་ངང་མཐོ་སྒང་གི་ནགས་ཚལ་སྐྱེ་ཁམས་གྲོང་ཁྱེར་དང་། ལྗང་མདོག་མཛེས་སྡུག་གི་གྲོང་གསེབ། ལྗང་མདོག་མཛེས་སྡུག་གི་བར་ཁྱམས་སོགས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། གྲོང་ཁྱེར་གྱི་ལྗང་སྒྱུར་ཚད་དང་གྲོང་ཁྱེར་ཡོངས་ཀྱི་ནགས་ཚལ་ཁྱབ་ཚད་རྒྱུན་མཐུད་ངང་འཕར་བར་འགན་སྲུང་བྱས་ཡོད།

སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་སྣོན་བྱས། སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་འཛུགས་སྐྲུན་དམིགས་ཚད་དུ་བཟུང་ནས། གཟབ་ནན་གྱིས་གཙང་དཔོན་ཆུ་དཔོན་ལམ་ལུགས་དང་། ནགས་དཔོན་ལམ་ལུགས་ལག་བསྟར་བྱས་ནས། འབྲི་ཆུའི་ལོ་བཅུའི་ཀླུང་རྒྱ་སྡོམ་པ་དང་། འབྲི་ཆུའི་འབབ་རྒྱུད་ཆུ་ཕྲན་གྱི་ཆུའི་སྤུས་ཚད་ལྟ་ཞིབ་ཚད་ལེན་ལས་དོན་མགོ་བརྩམས་ནས་རིམ་བཞིན་གཙང་བོའི་ཆུའི་སྤུས་ཚད་གཞི་གྲངས་མཛོད་བསྐྲུན་ཡོད།

9.jpg

“གཙང་གཅིག་ལ་ཐབས་གཅིག”ལག་བསྟར་གང་ལེགས་བྱས། འབྲི་ཆུའི་དཔལ་འབྱོར་ས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་ཆེན་པོ་བསྣན་ནས། རྒྱུན་མཐུད་ངང་ཤ་མོ་གཙོ་བོར་འཛིན་པའི་ནགས་འོག་ཐོན་ཁོངས་ལ་སྲུང་སྐྱོང་བྱས་པ་དང་། ཀྲུང་བོད་ལུགས་སྨན་རྫས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ལ་སྐུལ་འདེད་བཏང་ནས། ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ཏེ་སྐྱེ་ཁམས་གཏོར་བརླག་དང་ཁོར་ཡུག་འབག་བཟོ་སོགས་ཀྱི་ཉིན་རྒྱུན་ལྟ་སྐུལ་ཞིབ་བཤེར་དང་ལེགས་བཅོས་ལམ་སྲོལ་འཐུས་ཚང་དུ་བཏང་ཞིང་། ས་འོག་ཆུ་ལེན་པའི་ཁྲིམས་འགལ་བྱ་སྤྱོད་དང་ཁྲིམས་འགལ་བཙོག་འབུད། ནགས་རྩྭ་བརླན་སའི་ཐོན་ཁུངས་འབྱུང་ཁུངས་ལ་གཏོར་བརླག་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་གཟབ་ནན་གྱིས་རྡུང་རྡེག་བྱས།

10.jpg

སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་སླར་གསོ་ལ་སྐུལ་འདེད་བཏང་། ནགས་ཕག་མཚོ་འབབ་རྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་གཙོ་གནད་ཐོག་ལག་བསྟར་བྱས་ནས། སྐྱེ་ཁམས་བར་ཁྱམས་དང་མཚོ་སྐོར་གཞུང་ལམ“ཐིག་གཉིས”དབྱེ་འབྱེད་གཏན་འབེབས་མགྱོགས་མྱུར་སུ་བཏང་སྟེ“རབ་མཛེས་གཙང་མཚེའུ”དང་ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་རྣམ་གྲངས་ལ་སྐུལ་འདེད་བཏང་ལ། སུམ་རྩེན་གླིང་སོགས་ཀྱི་ཡུག་ཁུལ་གྱི་ཆར་ཆུའི་སྦུག་ལམ་འཛུགས་སྐྲུན་འཐུས་ཚང་དུ་བཏང་ནས། འབབ་རྒྱུད་མཐའ་འཁོར་གྱི་ཕྱུགས་ཟོག་གསོ་སྤེལ་ཐབས་ལམ་སྒྱུར་བར་སྐུལ་འདེད་བཏང་བ་དང་། གཟབ་ནན་གྱིས་འཛུགས་སྐྲུན་དང་འདེབས་འཛུགས་བཀག་སྡོམ་ལ་ལྟ་སྐུལ་དོ་དམ་བྱས་ནས་རྒྱུན་མཐུད་ངང་ནགས་ཕག་མཚོའི་འབབ་རྒྱུད་ཀྱི་ཆུའི་སྤུས་ཚད་དང་། ཆུའི་སྐྱེ་ཁམས། ཆུའི་ཁོར་ཡུག་ཇེ་ལེགས་སུ་བཏང་ཡོད།

རྒྱུན་མཐུད་ངང་འཛེར་སྒྲ་འབག་བཙོག་བཅོས་སྐྱོང་གང་ལེགས་སྒོས་བསྒྲུབས་ནས། སྒྲའི་ནུས་བ་ཁུལ་དཔྱད་དཔོག་དབྱེ་འབྱེད་ལ་སྐུལ་འདེད་བཏང་སྟེ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་བཏང་། དམངས་འཚོའི་ཞན་ཆ་ཁ་གསབ་བྱས་ནས་མི་རིགས་སོ་སོའི་མང་ཚོགས་དག་ལ་སྐྱེ་ཁམས་དོན་དངོས་ཁྲོད་འགྱུར་ལྡོག་མཐོང་དུ་བཅུག་ནས་ཕན་པ་དངོས་ཐོབ་པར་བྱས། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།