ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཅིང་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་ལམ་དུམ་སྤྱི་དྲ་ཡོངས་ཁྱབ་འཛུགས་སྐྲུན་ཕྱོགས་ཡོངས་ནས་མགོ་བརྩམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-04-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ནས་བོད་ལྗོངས་བར་གྱི་ལྕགས་ལམ་གྱི་ལི་ཅིང་ནས་སེམས་ཀྱི་ཉི་ཟླའི་ལམ་དུམ་གྱི་སྤྱི་དྲ་ཡོངས་ཁྱབ་རྣམ་གྲངས་ཀྱི་ཐོག་མའི་དཔེ་མཚོན་རྣམ་གྲངས་ཟླ3པའི་ཚེས31ཉིན་ཝུན་པེ་རི་བོའི་ཕུག་ལམ་གཉིས་པའི་འབུད་ཁར་ཞིབ་བཤེར་རྩིས་ལེན་ལེགས་འགྲུབ་བྱུང་ཡོད། དེས་ཡུན་ནན་ནས་བོད་ལྗོངས་བར་གྱི་ལྕགས་ལམ་ལི་ཅིང་ནས་སེམས་ཀྱི་ཉི་ཟླའི་ལམ་དུམ་གྱི་སྤྱི་དྲ་ཡོངས་ཁྱབ་རྣམ་གྲངས་ཨར་ལས་ཕྱོགས་ཡོངས་ནས་མགོ་བརྩམས་པ་མཚོན་པས། ལམ་ཐིག་ཧྲིལ་བོར་དུས་བཅད་ལྟར་སྤྱི་དམངས་དྲ་རྒྱའི་བརྡ་རྟགས་ཡོངས་ཁྱབ་ཏུ་གཏོང་བ་ཇེ་མགྱོགས་སུ་བཏང་།

8.jpg

ལས་དོན་མི་སྣ་གཉིས་ཀྱིས་སྤྱི་དྲའི་སྒྲིག་ཆས་ལག་ལག་རྩལ་དང་སྤུས་ཚད་ལ་ཞིབ་བཤེར་བྱེད་བཞིན་པ།

 གསར་འགོད་པས་ཀྲུང་གོ་ལྕགས་ལམ་ཁུང་མིན་ཅུའུ་ཚད་ཡོད་ཀུང་སི་ནས་རྒྱུས་ལོན་པ་ལྟར་ན། ཡུན་ནན་ནས་བོད་ལྗོངས་བར་གྱི་ལྕགས་ལམ་ཏེ་ལི་ཅིང་ནས་སེམས་ཀྱི་ཉི་ཟླའི་ལམ་དུམ་རིང་ཚད་ལ་སྤྱི་ལེ139.7ཡོད་པ་དང་། ལྷོ་ཕྱོགས་ལི་ཅིང་གྲོང་ཁྱེར་ནས་མགོ་བརྩམས་ཤིང་། བྱང་ཕྱོགས་སུ་འབྲི་ཆུ་བརྒལ་ནས་ཀྲུང་ཞའོ་ཏན་བརྒྱུད་དེ་སེམས་ཀྱི་ཉི་ཟླར་སླེབས་ཡོད། རྣམ་གྲངས་འཛུགས་སྐྲུན་ཟིན་རྗེས་ལི་ཅིང་ནས་སེམས་ཀྱི་ཉི་ཟླ་བར་ལ་དུས་ཚོད1.5མ་གཏོགས་མི་དགོས་ལ། ཁུང་མིན་ནས་སེམས་ཀྱི་ཉི་ཟླ་བར་དུས་ཚོད5ཙམ་གྱིས་ཆོག

9.jpg

ལས་དོན་མི་སྣ་ཞིག་གིས་ལས་ཀ་བྱེད་བཞིན་པ།

ཡུན་ནན་ནས་བོད་ལྗོངས་བར་གྱི་ལྕགས་ལམ་ཏེ་ལི་ཅིང་ནས་སེམས་ཀྱི་ཉི་ཟླའི་སྤྱི་དྲ་ཡོངས་ཁྱབ་རྣམ་གྲངས་དེ་ཀྲུང་གོ་ལྕགས་སྒྲོམ་རྐང་སྐལ་ཚད་ཡོད་ཀུང་སི་ཡུན་ནན་ཞིང་ཆེན་ཡན་ལག་ཀུང་སི་ཡིས་མ་དངུལ་བཏང་ནས་འཛུགས་སྐྲུན་བྱས་པ་དང་། ལི་ཅིང་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་དང་མཉམ་དུ་འཆར་འགོད་དང་ཇུས་འགོད། འཛུགས་སྐྲུན། ཤར་གཏོང་བཅས་བྱས།  །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།