ཀྲུང་གོ་བོད་ཀྱི་དྲ་བ།

ལྗང་མདོག་མཛེས་སྡུག་གི་སེམས་ཀྱི་ཉི་ཟླ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

8.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཔྱིད་ཀར་སེམས་ཀྱི་ཉི་ཟླ་གྲོང་གསེབ་དུ་དལ་གྱིས་རྒྱུ་དུས། ལམ་བར་གྱི་མཛེས་ལྗོངས་སྣ་ཚོགས་དང་བག་ཕེབས་པའི་གྲོང་གསེབ་ཀྱི་མཛེས་པ། གཞན་ཞིང་ཁའི་ཐོན་ལས་དག་གིས་གྲོང་ཚོ་མཛེས་ཤིང་མང་ཚོགས་འཆམ་མཐུན་གྱི་ལྗང་མདོག་མཛེས་སྡུག་གི་རི་མོ་ཞིག་ངང་གིས་གྲུབ་ཡོད།

“ལྗང་མདོག་མཛེས་སྡུག་གི་སེམས་ཀྱི་ཉི་ཟླའི་ལོ་གསུམ་གྱི་འགུལ་སྐྱོད”སྤེལ་བ་ནས་བཟུང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གྲོང་རྡལ་ལྗང་སྒྱུར་མཛེས་སྤྲས་ལས་དོན་གྱི་བླང་བྱ་བཞིན་དོན་དངོས་དང་ཟུང་འབྲེལ་དང་། གནས་བབ་དང་བསྟུན་ནས་ཤུགས་ཡོད་ཚད་ཀྱིས་གྲོང་རྡལ་མཛེས་སྤྲས་འགུལ་སྐྱོད་ལ་སྐུལ་འདེད་བཏང་ཞིང་། ནུས་ཤུགས་ཡོད་རྒུས་སྡོད་འོས་ཡུལ་སྐོར་ལ་འཚམ་པའི་ལྗང་མདོག་མཛེས་སྡུག་གི་སྣང་བརྙན་བསྐྲུན།

9.jpg

ལྗང་མདོག་མཛེས་སྡུག་གི་སེམས་ཀྱི་ཉི་ཟླ།

ལྗང་མདོག་མཛེས་སྡུག་འགུལ་སྐྱོད་གཏིང་ཟབ་པའི་ངང་སྤེལ་བ་དང་བསྟུན། སེམས་ཀྱི་ཉི་ཟླའི“ལྗང་མདོག་གཞི་གྲངས”མུ་མཐུད་དུ་འགྱུར་ལྡོག་བྱུང་ནས། སྲང་ལམ་ཆེ་ཆུང་དང་། གྲོང་ཚོ་ཞིང་ཁར་རིམ་བཞིན་ལྗང་མདོག་གིས་ཁེབས་ནས་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཞིག་བསྐྲུན་ཏེ། མི་རེ་རེས་ལྗང་མདོག་བསྐྲུན་པ་དང་། མི་རེ་རེས་ལྗང་མདོག་དྲིལ་སྒྲོག་བྱེད་པ། མི་རེ་རེའི་ལྗང་མདོག་གི་འདུ་ཤེས་རིམ་བཞིན་གཏིང་ཟབ་དུ་ཕྱིན་ཡོད། 

2022ལོའི་ཟླ10བའི་བར་དུ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡོངས་སུ་རིགས་སོ་སོའི་མྱུ་གུ་རྐང་ཁྲི212.5806འདེབས་འཛུགས་བྱས་པ་དང་། དེའི་ནང་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་སྡོང་རྐང་ཁྲི80.4912ཟིན་ཡོད།

ལྗང་མདོག་མཛེས་སྡུག་གི་སེམས་ཀྱི་ཉི་ཟླ་འཛུགས་སྐྲུན་ལ་སྐུལ་འདེད་བྱས་པ་བརྒྱུད། གཏིང་ཟབ་ངང་གྲོང་རྡལ་གྱི་ལྗང་མདོག་མཛེས་སྤྲས་ལོ་གསུམ་རིང་གི་འགུལ་སྐྱོད་ལག་བསྟར་བྱས་པས། ད་ལྟའི་སེམས་ཀྱི་ཉི་ཟླ་གྲོང་རྡལ་ནས་གྲོང་གསེབ་དང་། རི་ཀླུང་ནས་མཚོ་དང་མཚེའུ། སྤྱི་གླིང་ནས་ཁྱམས་ར་བཅས་གང་ས་གང་དུ་ལྗང་མདོག་གིས་ཁྱབ་ཡོད། 

10.jpg

གྲོང་གསེབ་ཀྱི་ལྗང་སྒྱུར་ཆུ་ཚད་མཐོ་རུ་བཏང་བ།

སེམས་ཀྱི་ཉི་ཟླ་ནས་འབའ་ལུང་བར་གྱི་གཞུང་ལམ་རྒྱུ་སྟེ་ཉི་ཤར་ཤང་ཅང་ཏུང་གྲོང་ཚོར་སླེབས་ཚེ། ལམ་འགྲམ་གྱི་རྩྭ་དང་རྩི་ཤིང་གིས་མི་ཡི་ཡིད་སེམས་འགུགས་ཐུབ། ཅང་ཏུང་གྲོང་ཚོ་རུ་བསྐྱོད་དུས་གྲོང་ཚོ་གཙང་ཞིང་གྲལ་འགྲིག་ལ། གང་སར་འདབ་ཆགས་ཀྱི་སྐད་སྙན་འབྱིན་ཞིང་མེ་ཏོག་གི་དྲི་ཞིམ་འཐུལ་ཡོད། གྲོང་མི་ཚོས་གྲོང་ཚོའི་གཞུང་ལམ་གཙོ་བོ་དང་། བྱ་འགུལ་ཐང་ཆེན། ངལ་གསོ་ས། རང་གི་ཁྱམས་ར་སོགས་སུ་མེ་ཏོག་བཏབ་ཅིང་སྡོང་པོ་བཙུགས་པས་ཁོར་ཡུག་མཛེས་ཤིང་སྡུག་པ་ཞིག་རེད། གཞན་ཡང་། ཞིང་ཁའི་སིལ་སྡོང་དང་ལོ་ཏོག རི་སྟེང་གི་ལྗོན་ཤིང་སོགས་ཀྱིས་གྲོང་ཚོ་ཧྲིལ་བོར་ལྗང་མདོག་གིས་ཁེབས་པ་དང་། གྲོང་མིའི་གདོང་དུ་འཛུམ་གྱིས་ཁེངས་ཡོད།

“ལོ་འདི་གཉིས་རིང་ལ། ཁྱིམ་ཚང་རེ་རེས་རང་གི་ཁྱམས་ར་བདག་སྐྱོང་ཡག་པོ་བྱས་པས། ཁྱམས་ར་ནང་དུ་མེ་ཏོག་དང་རྩྭ་རྩི་ཏོག་གིས་ཁེངས་བས། རང་ཉིད་སྐྱིད་པ་མ་ཟད། མི་གཞན་ཕེབས་ནའང་སེམས་པ་སྐྱིད་ཡོང”ཅེས་ཅང་ཏུང་གྲོང་ཚོའི་གྲོང་མི་སྟག་མོ་ཡིས་དེ་ལྟར་བཤད། 

ཅང་ཏུང་གྲོང་ཚོའི་རྣམ་པ་ནི་སེམས་ཀྱི་ཉི་ཟླའི་ལྗང་མདོག་མཛེས་སྡུག་གྲོང་ཚོ་འཛུགས་སྐྲུན་གྱི་ཟུར་ཞིག་ཡིན་ལ། དུས་དང་རྣམ་པ་ཀུན་ཏུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ནན་ཏན་སྒོས“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན”པའི་འཕེལ་རྒྱས་འདུ་ཤེས་ལག་བསྟར་བྱས་པ་དང་། མུ་མཐུད་དུ་གྲོང་རྡལ་གསར་བ་དང་རབ་མཛེས་གྲོང་གསེབ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། གནམ་སྔོན་པོ་དང་ཆུ་དྭངས་མོ། ས་གཙང་མ་བཅས་ཀྱི་ཁོར་སྲུང་དམག་འཐབ་གསུམ་བརྒྱབ་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་མཐོ་ས་བསྐྲུན་པ་རེད། མིག་སྔའི་བར་དུ་གྲོང་ཁྱེར་ཡོངས་ཀྱི་ནགས་ཚལ་ཁྱབ་ཚད78.6%ཟིན་ཞིང་། གྲོང་ཚོའི་ལྗང་སྒྱུར་ཚད30%ཡན་ཟིན་ཡོད། 

11.jpg

ལྗང་མདོག་མཛེས་སྡུག་གི་སློབ་ར་བསྐྲུན་པ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གནས་བབ་དང་བསྟུན། ལྗང་མདོག་མཛེས་སྡུག་གི་སློབ་རའི་འགུལ་སྐྱོད་སྤེལ་བ་དང་སློབ་ར་འཕེལ་རྒྱས་འཛུགས་སྐྲུན། སློབ་རའི་རྒྱུན་ལྡན་བྱ་འགུལ་བཅས་ཟུང་འབྲེལ་བྱས་ནས། ལྗང་མདོག་སྐྱེ་ཁམས་འདུ་ཤེས་དེ་སློབ་ཁྲིད་དང་སློབ་རའི་རིག་གནས་འཛུགས་སྐྲུན་གོ་རིམ་ཁྲོད་བཞག་སྟེ། ལྗང་མདོག་མཛེས་སྡུག་གི་འཛུགས་སྐྲུན་སྤེལ་བ་དང་ཆབས་ཅིག བྱིས་པ་ཚོ་ལྗང་མདོག་ལ་དགའ་བ་དང་སྲུང་སྐྱོང་། གསོ་སྐྱོང་བྱེད་པའི་གོམས་སྲོལ་ལ་སྣེ་ཁྲིད་བྱས་ཡོད།  

2022ལོར། རྒྱལ་ཐང་སློབ་ཆུང་མཁར་ཤར་སློབ་ར་ཡིས་ལྗང་མདོག་འཛུགས་སྐྲུན་ལ་ཤུགས་བསྣན་ནས། མེ་ཏོག་ཡིང་ཧྭ་དང་། སྒྲོན་ཤིང་། གསོམ་ཤིང་སོགས་ཀྱི་སྡོང་རྐང626བཙུགས་ནས། སློབ་རའི་ཁོར་ཡུག་དང་སྒྲིག་བཀོད་ཇེ་ལེགས་སུ་བཏང་། “རྒྱུན་ལྡན་དུ། བྱིས་པོ་ཚོ་རང་བྱུང་ཁམས་དང་འབྲེལ་འདྲིས་བྱེད་པའི་གོ་སྐབས་ཤིན་ཏུ་ཉུང་བས། ལྗང་མདོག་གི་སློབ་ར་འཛུགས་སྐྲུན་བྱས་པ་དེས་ལྗང་མདོག་སྐྱེ་ཁམས་ཀྱི་རང་བྱུང་ཁམས་སློབ་རར་བསྐྱལ་བ་མ་ཟད། སློབ་མ་ཚོ་ཕྱི་རོལ་དུ་མ་སོང་ཡང་རང་བྱུང་ཁམས་དང་མཉམ་འདྲེས་དམ་ཟབ་བྱེད་ཐུབ་པས། བྱིས་པའི་ལུས་སེམས་གཉིས་ལ་ཕན་ཐོགས་པ་རེད”ཅེས་རྒྱལ་ཐང་སློབ་ཆུང་གི་དགེ་རྒན་སྒྲོལ་མས་དེ་ལྟར་བཤད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།