ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་བདེ་ཐང་སློབ་གསོ་སློབ་རར་བསྐྱོད་པའི་བྱ་འགུལ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

8.jpg

9.jpg

10.jpg

བྱ་འགུལ་ཡུལ་དངོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཅུའུ་དང་མཉམ་འབྲེལ་སྒོས་ཆེད་མཁས་མི་སྣ་རྩ་འཛུགས་བྱས་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སློབ་གྲྭ་ཆུང་འབྲིང10རུ་བསྐྱོད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་བདེ་ཐང་སློབ་གསོ་ཤེས་བྱ་སློབ་རར་བསྐྱོད་པའི་བྱ་འགུལ་སྤེལ་ཏེ། དགེ་སློབ2456ལ་སློབ་མགོ་དུས་ཚིགས་ཀྱི“བདེ་ཐང་སྐོར་གྱི་སློབ་ཁྲིད་དང་པོ”བྱས་པ་རེད།

བྱ་འགུལ་ཡུལ་དངོས་སུ་ཆེད་མཁས་མི་སྣས་ཉེ་ཆར་བྱུང་བཞིན་པའི་ཆམས་ནད་སོགས་ཀྱི་དོགས་ཡོད་ནད་རྟགས་དང་། མཆེད་པའི་ཐབས་ལམ་དང་སྔོན་འགོག་བྱེད་ཐབས་སོགས་ཀྱི་ནང་དོན་སྐོར་ནས་འགྲེལ་བཤད་བྱས་པ་དང་། དགེ་སློབ་ཚོས་གཙང་སྦྲ་བྱེད་པ་དང་ལག་པ་བཀྲུས་པ། རླུང་རྒྱུག་ཏུ་འཇུག་པ། ལུས་སྦྱོང་བྱེད་པའི་སྲོལ་བཟང་འཚོ་བའི་ཐབས་ལམ་རྒྱུན་འཁྱོངས་བྱེད་དགོས་པར་སྐུལ་སློང་བྱས་པ་མ་ཟད། ལུས་པོ་བདེ་ཐང་མིན་ཚེ་མྱུར་དུ་སྨན་ཁང་སོང་ནས་སྨན་པར་བསྟེན་ནས་ནད་བཅོས་སྔོན་ན་བྱེད་དགོས་པར་བསྟན། དེ་དང་ཆབས་ཅིག་ཏུ་ཨེ་ཙི་འགོས་ནད་མཆེད་པའི་ཐབས་ལམ་དང་སྔོན་འགོག་བྱེད་ཐབས་གསལ་བོར་བཤད་དེ་དཔེ་མཚོན་ནད་དཔེ་བརྒྱུད་དེ་གཞོན་ནུ་སློབ་མ་ཚོར་གྲོགས་སྒྲིག་ན་གཟབ་གཟབ་བྱེད་དགོས་ཚུལ་དང་། རང་ལ་གཅེས་སྐྱོང་བྱེད་དགོས་པ། རང་ཉིད་ལ་བདག་སྐྱོང་ཡག་པོ་བྱས་ནས། མི་རེ་རེ་ནི་རང་ཉིད་ལུས་པོ་བདེ་ཐང་གི་འགན་ཁུར་པ་དང་པོ་ཡིན་པའི་འདུ་ཤེས་འཛུགས་དགོས་ཚུལ་བཤད། 

སློབ་གྲྭ་སོ་སོའི་སྨན་པ་ཚོས《ཀྲུང་གོའི་སྤྱི་དམངས་ཀྱི་བདེ་ཐང་བྱང་ཚད66》དང་། ཉུང་གཏོང་གསུམ་དང་བདེ་ཐང་གསུམ། དུ་འགོག་ཤེས་བྱ་སྐོར་ནས་སློབ་མ་ཚོར་འབྲེལ་ཡོད་གསོ་སྦྱོང་བྱས། ཕན་ཚུན་བརྗེ་རེས་ཁྲོད་སློབ་གྲྭ་སོ་སོའི་སྨན་པ་ཚོས་ཡུལ་དངོས་དགེ་སློབ་རྣམས་ཀྱི་གནད་དོན་ལ་རེ་རེ་ལན་བཏབ་པ་མ་ཟད། རྒྱ་ཆེ་དགེ་སློབ་རྣམས་ལ་དཔྱིད་དུས་འགོས་ནད་འགོག་བཅོས་དང་། བདེ་ཐང་བྱང་ཚད། ཨེ་ཙི་འགོས་ནད་འགོག་བཅོས། བདེ་ཐང་འཚོ་བ་རོལ་སྟངས་སོགས་ཀྱི་དཔེ་ཆ་སོགས་ཀྱི་རིགས7གྱི་བདེ་ཐང་ཤེས་བྱ་དྲིལ་སྒྲོག་ལག་དེབ6667སྤྲད་པས་དགེ་སློབ2456ལ་ཕན་ཐོགས་པ་རེད། ། 

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།