ཀྲུང་གོ་བོད་ཀྱི་དྲ་བ།

ཕུ་འདའ་མཚོ་རྒྱལ་ཁབ་སྤྱི་གླིང་གིས་དགའ་རྟགས་གསུམ་བླངས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

8.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཕུ་འདའ་མཚོ་རྒྱལ་ཁབ་སྤྱི་གླིང་ལ་ཡུན་ནན་ཞིང་ཆེན་ལུས་རྩལ་ཡུལ་སྐོར་ཕུལ་བྱུང་རྣམ་གྲངས་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གི་དགའ་རྟགས་གསུམ་ཐོབ་པ་རེད། རྒྱུས་ལོན་ལྟར་ན། 2022ལོར་ཡུན་ནན་ཞིང་ཆེན་ཡོངས་ཀྱིས་ལུས་རྩལ་ཡུལ་སྐོར་ཕུལ་བྱུང་རྣམ་གྲངས50དང་། ལུས་རྩལ་རིག་གནས་ཕུལ་བྱུང་རྣམ་གྲངས30བདམས་པའི་ཁྲོད། ཕུ་འདའ་མཚོ་རྒྱལ་ཁབ་སྤྱི་གླིང་གིས《2022ལོའི་ཡུན་ནན་ལུས་རྩལ་ཡུལ་སྐོར་མཛེས་ལྗོངས་ཁུལ་རྩེ་གྲ》དང་། ཕུ་འདའ་མཚོ་ཉི་རོང་རྐང་ཐང་ལམ་ཐིག་ལ《2022ལོའི་ཡུན་ནན་ལུས་རྩལ་ཡུལ་སྐོར་ཐམ་ཐིག་རྩེ་གྲ》། སེམས་ཀྱི་ཉི་ཟླའི་ཕྱི་རོལ་སྦྱོང་བརྡར་ཚོགས་ཆེན་ལ《2022ལོའི་ཡུན་ནན་ལུས་རྩལ་ཡུལ་སྐོར་འགྲན་བསྡུར་རྩེ་གྲ》བཅས་ཀྱི་དགའ་རྟགས་བསྩལ།

9.jpg

ཕུ་འདའ་མཚོ་རྒྱལ་ཁབ་སྤྱི་གླིང་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནང་ཁུལ་དང་། ཡུན་ནན་ནུབ་བྱང་རྒྱུད“གཙང་གསུམ་མཉམ་རྒྱུག”འཛམ་གླིང་རང་བྱུང་ཤུལ་བཞག་ལྟེ་གནས་ཁུལ་དུ་ཆགས་ཡོད། རྒྱལ་སྤྱིའི་བརླན་ས་གལ་ཆེན་ཕུ་འདའ་མཚོ་རང་བྱུང་སྲུང་སྐྱོང་ཁུལ་དང“གཙང་གསུམ་མཉམ་རྒྱུག”འཛམ་གླིང་རང་བྱུང་ཤུལ་བཞག་ཧ་པ་ཡུག་ཁུལ་ལ་གཏོགས་པའི་ཧྲུའུ་ཏུའུ་མཚོ་མཛེས་ལྗོངས་ཁུལ་གཉིས་ཀྱིས་གྲུབ་པས། རྒྱལ་ཁབ་ཀྱི5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཡིན་པ་མ་ཟད། རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟའི་སྡེ་ཚན་ཡིན། མཛེས་ལྗོངས་ཁུལ་དུ་གས་སྲུབས་བྲག་རི་དང་། ནགས་ཚལ་ཁྲོད་ཀྱི་རྫ་ཆུ། གྲོང་རོང་སོགས་ཀྱི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་ཡོད་པ་ལས་གཞན་ད་དུང་གདོད་མའི་ཆ་ཚང་བའི་ནགས་ཚལ་སྡོང་ཕྲན་དང་། མཐོ་སྒང་སྤང་ལྗོངས། རླན་ས་མཚེའུ། ས་གཤིས་རྗེས་ཤུལ། ཆུ་བོ་གྲོག་རོང་སོགས་ཀྱི་སྐྱེ་ཁམས་མ་ལག་ཡོད། 2022ལོར་མཛེས་ལྗོངས་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་རྨང་གཞི་ཐོག“ཡུལ་སྐོར+ལུས་རྩལ”གྱི་འཚོལ་ཞིབ་གསར་བ་བྱས་ནས། ལྕགས་རྟ་ཞོན་ནས་མཚོ་བསྐོར་བྱེད་པའི་རྣམ་གྲངས་བཏོད་པ་དང་བར་ཐག་ལ་སྤྱི་ལེ3.6ཡོད། གཞན་ཡང་ཕུ་འདའ་མཚོའི་ཕྱི་རོལ་སྒར་ས་བཏོད་པ་དང་རང་བྱུང་སློབ་གསོ་དང་འབྲེལ་ཡོད་ཀྱི་ཞིབ་འཇུག་བྱ་འགུལ་སྤེལ་བས། ཡུལ་སྐོར་པས་གདོད་མའི་རྣམ་པ་ཅན་གྱི་འཚོ་བ་རོལ་སྟངས་ཉམས་སུ་མྱང་ཆོག་པ་རེད། 

10.jpg

ཕུ་འདའ་མཚོ་ཉི་རོང་རྐང་ཐང་ལམ་ཐིག་དེ་ལ་ཡུལ་སྐོར་པའི་དགའ་བསུ་ཐོབ་བཞིན་ཡོད་དེ། སྤྱིའི་རིང་ཚད་ལ་སྤྱི་ལེ18.26ཡོད་པ་དང་ཆ་བསྒྲིགས་མཚོན་གྲངས་མཐོ་ཞིང་། རྐང་ཐང་འགྲོ་དཀའ་བ། ཡུལ་ལྗོངས་མཛེས་པ། སྤྱི་གླིང་གིས་ཆེད་ལས་སྣེ་ཁྲིད་པ་དང་ལམ་འཁྲིད་མཁོན་འདོན་བྱས་པས། ལམ་ཐིག་དེར2019ལོར་རྒྱལ་ཁབ་རིམ་པའི“ལུས་རྩལ་ཡུལ་སྐོར་ལམ་ཐིག་རྩེ་གྲའི”དགའ་རྟགས་བླངས། ཉི་རོང་གྲོང་ཚོ་དེ་ཕུ་འདའ་མཚོ་རྒྱལ་ཁབ་སྤྱི་གླིང་མཛེས་ལྗོངས་ཁུལ་གྱི་ཤར་བྱང་རྒྱུད་དུ་ཆགས་ཤིང་། དེ་ནི་ཕུ་འདའ་མཚོ་རྒྱལ་ཁབ་སྤྱི་གླིང་གི་རྣམ་གྲངས་དུས་རིམ་གཉིས་པར་གཏོགས་པས། ད་ལྟ་རྐང་ཐང་ལམ་ཐིག་དང་། ལམ་ཁའི་ལམ་རྟགས། དོ་དམ་སྲུང་སྐྱོང་ས་ཚིགས་སོགས་ཀྱི་འབྲེལ་ཡོད་རྨང་གཞིའི་སྒྲིག་བཀོད་སྒྲིག་ཆས་འཛུགས་སྐྲུན་ཟིན་པ་དང་། ལོ་རེར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་མི་ཉུང་པ་ཞིག་གནས་དེར་ཡོང་ནས་རི་ལ་བརྒལ་བ་དང་རྐང་ཐང་དུ་འགྲོ་བ། ཁམས་གསོ་བྱེད་བཞིན་ཡོད།

11.jpg

སེམས་ཀྱི་ཉི་ཟླ་ཕྱི་རོལ་སྦྱོར་བརྡར་ཚོགས་ཆེན་ནི་ཕུ་འདའ་མཚོ་རྒྱལ་ཁབ་སྤྱི་གླིང་གི་ལུས་རྩལ་དང་ཡུལ་སྐོར་མཉམ་འདྲེས་བྱུང་བའི་འོད་མདངས་འཚེར་ས་ཞིག་ཡིན་ལ།  2022ལོའི་ཟླ5བའི་ཚེས28ནས29བར་བདེ་ཆེན་ཁུལ་གྱི་སེམས་ཀྱི་ཉི་ཟླའི་ཕྱི་རོལ་སྦྱོང་བརྡར་ཚོགས་ཆེན་དེ་ཕུ་འདའ་མཚོ་རྒྱལ་ཁབ་སྤྱི་གླིང་ནས་སྤེལ་མགོ་བརྩམས། རྒྱལ་ནང་གི་ཆེད་མཁས་མི་སྣ་གྲགས་ཅན་དང་། མཁས་པ། ལུས་རྩལ་ཨང་དང་པོ་ཐོབ་མཁན། ཕྱི་རོལ་སྦྱོང་བརྡར་ལ་དགའ་མཁན200ལྷག་གནས་དེར་འཛོམས་ནས། ཕུ་འདའ་མཚོ་རྒྱལ་ཁབ་སྤྱི་གླིང་ཧྲུའུ་ཏུའུ་མཚོ་བརྒལ་ཏེ་སྤང་ལྗོངས་དང་ནགས་ཚལ། མཚེའུ་དང་ཆུ་བོ། གྲོང་རོང་སོགས་ཀྱི་ས་གཤིས་སྣ་ཚོགས་བརྒྱུད་དེ“འཛམ་གླིང་གི་གྲོང་ཚོ་དང་པོ”ཉི་རོང་གྲོང་ཚོར་སླེབས་པ་རེད། གནས་དེ་རུ་ཁོ་ཚོས་གྲོང་གསེབ་ཡུལ་སྐོར་དང་། གཟུགས་འདས་ཤུལ་བཞག་རིག་གནས་ཉམས་སུ་མྱངས་པ་མ་ཟད། སེམས་ཀྱི་ཉི་ཟླའི་གདོད་མ་དང་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཀྱི་མཛེས་པ་ཡང་རོལ་མྱོང་བྱས། ། 

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།