ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས“འཛམ་གླིང་ཆུ་ཡི་ཉིན་མོ”དང“ཀྲུང་གོའི་ཆུ་ཡི་གཟའ་འཁོར”གྱི་དྲིལ་སྒྲོག་བྱ་འགུལ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-03-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས22ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་ཆུ་དོན་ཅུའུ་ཡིས་སེམས་ཀྱི་ཉི་ཟླ་ཆུ་དོན་ཅུའུ་དང་ཡུན་ནན་ཞིང་ཆེན་ཆུ་དཔྱད་ཆུ་ཐོན་ཁུངས་ཅུའུ་ཏ་ལི་ཡན་ལག་ཅུའུ་བདེ་ཆེན་སྐོར་ཞིབ་རུ་ཁག་དང་མཉམ་འབྲེལ་གྱིས་ཐན་ཁྲིན་ཐང་ཆེན་དུ“འཛམ་གླིང་ཆུ་ཡི་ཉིན་མོ”དང“ཀྲུང་གོའི་ཆུ་ཡི་གཟའ་འཁོར”གྱི་དྲིལ་སྒྲོག་བྱ་འགུལ་སྤེལ་ཏེ། གྲོང་མི་ཚོར་ཆུ་འབྲེལ་ཁྲིམས་ལུགས་དང་ཁྲིམས་སྲོལ་སོགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་ནས། མང་ཚོགས་ཀྱི་ཆུའི་ཐོན་ཁུངས་སྲུང་སྐྱོང་གི་འདུ་ཤེས་མཐོ་རུ་བཏང་། 

4.jpg

བྱ་འགུལ་ཁྲོད་དྲིལ་སྒྲོག་འཕྲེད་ཡིག་འགེལ་བ་དང་། དྲིལ་སྒྲོག་འགྲེམ་པང་བཀོད་སྒྲིག དྲིལ་སྒྲོག་ལག་དེབ་སྤྲོད་པ་སོགས་ཀྱི་རྣམ་པ་སྤྱད་ནས་མང་ཚོགས་རྣམས་ལ《ས་འོག་ཆུའི་དོ་དམ་སྲོལ་ཡིག》དང《ཡུན་ནན་ཞིང་ཆེན་གྱི་ཆུའི་གྲོན་ཆུང་སྲོལ་ཡིག》། 《ཡུན་ནན་ཞིང་ཆེན་གྱི་ས་ཆུ་ནུས་པ་རྒྱུན་འཁྱོངས་སྲོལ་ཡིག》སོགས་ཀྱི་ཆུ་འབྲེལ་ཁྲིམས་ལུགས་ཁྲིམས་སྲོལ་དང་ཆུ(གཙང)དཔོན་ལམ་ལུགས། ཞོད་ཐན་གནོད་སྐྱོན་སྔོན་འགོག་སོགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བ་མ་ཟད། ཁྱིམ་ཚང་གིས་ཆུ་གྲོན་ཆུང་བྱེད་པའི་ཐབས་མཆོག་ཁྱབ་གདལ་དང་། ཆུ་འཕྲོ་བརླག་གཏོང་བའི་རིགས་བཅུ་དང་ཆུ་གྲོན་ཆུང་བྱེད་པའི་དམིགས་ཡུལ་དང་དོན་སྙིང་བརྗོད་ནས། གྲོང་མིའི་ཆུ་གྲོན་ཆུང་དང་ཆུ་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་གཏིང་ཟབ་དུ་བཏང་།

5.jpg

རྒྱུས་ལོན་པ་ལྟར་ན།  ཟླ3པའི་ཚེས22ཉིན་ནི་སྐབས་སོ་གཅིག་པའི“འཛམ་གླིང་ཆུ་ཡི་ཉིན་མོ”ཡིན་ལ། ཟླ3པའི་ཚེས22ནས་ཚེས28བར་ནི་སྐབས་སོ་དྲུག་པའི“ཀྲུང་གོའི་ཆུ་ཡི་གཟའ་འཁོར”ཡིན་པས། དུས་སྐབས་དེ་རིང་བདེ་ཆེན་ཁུལ་ཆུ་དོན་ཅུའུ་ཡིས་ཧོང་ཐའེ་དབྱང་ཐང་ཆེན་དུ་དྲིལ་སྒྲོག་བརྙན་ཐུང་གཏོང་བ་དང་། དྲིལ་སྒྲོག་འཕྲེད་ཡིག་འགེལ་བ། དྲིལ་སྒྲོག་སྦྱར་ཡིག་འགྲེམ་པ། དྲིལ་སྒྲོག་ཐོན་རྫས་སྤྲོད་པ་སོགས་ཀྱི་ཐབས་ཀྱིས་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་མ་ཟད། “ཆུ(གཙང)དཔོན་གྱིས་ཆུ་གཞུང་ལ་སྐོར་ཞིབ་བྱེད་པའི་གཟའ་འཁོར”བྱ་འགུལ་སྤེལ་རྒྱུ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།