ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་དང་བླངས་ཞབས་ཞུ་བྱ་འགུལ་སྣ་ཚོགས་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-03-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

3.jpg

4.jpg

5.jpg

པར་འདི་དག་ནི་བྱ་འགུལ་ཡུལ་དངོས་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པ་ནི་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་ཟླ་བ་ཡིན་ལ། མི་རྣམས་ཀྱིས་ལེ་ཧྥེང་གི་འདུ་ཤེས་ཡིད་ལ་དམ་པོར་བཅངས་ནས་དུས་རབས་གསར་བའི་སྲོལ་བཟང་དར་སྤེལ་གཏོང་ཆེད། བདེ་ཆེན་ཁུལ་གྱིས་དང་བླངས་ཞབས་ཞུ་བྱ་འགུལ་སྣ་ཚོགས་སྤེལ།

ཉེ་ཆར། རྡོ་མཁར་རྫོང་གནའ་གྲོང་གི་ཟླ་འོད་ཐང་ཆེན་དུ“བྱང་སེམས་ལུས་དཔྱད་ཁང”དང “རྒན་སྐྱོར་དང་བླངས་ཞབས་ཞུ་ཁང”  ། “ས་ཡོམ་འཕྲལ་བསྟུན་རང་སྐྱོབ་ཤེས་བྱ་དྲིལ་སྒྲོག་ཁང”སོགས་ཀྱི“བྱང་སེམས་ཁང་ཆུང”གིས་རྒྱ་ཆེའི་གྲོང་མི་རྣམས་ལ་ཚན་རིག་ཁྱབ་སྤེལ་ཤེས་བྱ་དང་། ལུས་དཔྱད་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྤྱི་ཚོགས་ཞབས་ཞུ་ལས་དོན་ལྟེ་གནས་ཀྱིས་བདེ་ཆེན་ཁུལ་དམངས་སྲིད་ཅུའུ་ཡི་དང་བླངས་ཞབས་ཞུ་རུ་ཁག བདེ་ཆེན་ཁུལ་སྤྱི་ཚོགས་ལས་དོན་གསོ་སྐྱོང་ཞབས་ཞུ་ལྟེ་གནས་དང་བླངས་ཞབས་ཞུ་རུ་ཁག་དང་མཉམ་འབྲེལ་གྱིས་སེམས་ཀྱི་ཉིན་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཚང་ཧྥེང་གཞིས་ཁུལ་དུ“རྒན་བཀུར་རྒན་གཅེས་བདེ་ལེགས་ཞུ། དང་བླངས་ཞབས་ཞུས་དྲོད་ཁོལ་སྦྱིན”བརྗོད་གཞི་བྱ་འགུལ་སྤེལ་ནས། ཚང་ཧྥེང་གཞིས་ཁུལ་གྱི་ཁེར་རྐྱང་དུ་ལུས་པའི་རྒན་པ་རྣམས་ལ་དྲོད་ཁོལ་སྦྱིན་པ་རེད། དང་བླངས་པས་གཞིས་ཁུལ་གྱི་རྒན་པ་རྣམས་ལ་ཁ་བརྡ་བྱས་ནས་ཁོང་ཚོའི་དགོས་མཁོ་རྟོགས་པ་དང་། “ཁྱིམ་སྡོད་ཁོར་ཡུག་གཙང་སྦྲ་ཆེན་མོའི”དང་བླངས་ཞུབས་ཞུ་བྱ་འགུལ་སྤེལ། གཞན་ཡང་སྤྱི་ཚོགས་ལས་དོན་མི་སྣ་དང་དང་བླངས་པས་ཚང་ཧྥེང་གཞིས་ཁུལ་སྡོད་དམངས་ཨུ་ལྷན་དུ་གཞིས་ཁུལ་གྱི་རྒན་པ་རྣམས་ཀྱི་ཕྱིར་དུ“རྒན་པའི་ཐུན་མོང་གི་སྐྱེས་སྐར”བྱ་འགུལ་སྤེལ།

བདེ་ཆེན་ཁུལ“དུས་རབས་གསར་བའི་གཞོན་ནུ་ལོ་ཆུང”དང་བླངས་ཞབས་ཞུ་རུ་ཁག་གིས་གཞོན་ནུ་ལོ་ཆུང་ཡ་རབས་འགའ་རྩ་འཛུགས་བྱས་ནས“དཔེ་བཟང་གིས་ང་ལ་གཏམ་རྒྱུད་བཤད། ང་ཡིས་དཔེ་བཟང་ལ་དྲོད་ཁོལ་སྐྱེལ”ཞེས་པའི་དང་བླངས་ཞབས་ཞུ་བྱ་འགུལ་སྤེལ། 

ཟླ3པའི་ཚེས5ཡི“ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་དྲན་གསོ་ཉིན”དེར་བདེ་ཆེན་ཁུལ་ཏང་ཨུ་ཁུལ་གཏོགས་ལས་དོན་ཨུ་ཡོན་ལྷན་ཁང་དང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་སོགས་ཀྱིས་ཁུལ་རིམ་པའི་ལུས་ཁུངས་ཀྱི་ཏང་ཡོན་དང་རྒྱ་ཆེ་ལས་བཟོ་པ་རྩ་འཛུགས་བྱས་ནས། བདེ་ཆེན་ཁུལ་སྤྱི་ཁྱབ་བཟོ་ཚོགས་སུ་རིན་མེད་ཁྲག་སྦྱིན་དང་བླངས་བྱ་འགུལ་སྤེལ། ལས་བྱེད་ལས་བཟོའི་སེམས་ཤུགས་རྒྱས་པའི་ངང་ཁྲག་སྦྱིན་ཐོ་འགོད་རེའུ་མིག་སྐོང་བ་དང་། རེ་འདུན་བཞིན་ཐོག་མའི་གསེད་གདམ་ལུས་དཔྱད། ཁྲག་གི་མ་དཔེ་ལེན་པའི་གྲ་སྒྲིག་ལས་དོན་ནང་ཞུགས། ཁོང་ཚོས་ཁྲག་ཁུག་རེ་རེས་ལེ་ཧྥེང་གི་འདུ་ཤེས་རྒྱུད་འཛིན་བྱེད་པ་དང་། དོན་དངོས་བྱ་སྤྱོད་ཀྱིས་སྤྱི་ཕན་བྱ་གཞག་ལ་བཅངས་པའི་བརྩེ་སེམས་མཚོན་བཞིན་ཡོད། བསྡོམས་རྩིས་ལྟར་ན། ཉིན་དེར་རིན་མེད་ཁྲག་སྦྱིན་ནང་ཞུགས་པའི་ཏང་ཡོན་ལས་བྱེད་པ་བསྡོམས་པས་མི123ཡོད་པ་དང་། ཁྲག་བླངས་པའི་མི86 ། སྤྱིའི་ལེན་ཚད་ཧའོ་ཧྲེང23300ཟིན་ཡོད། རྗེས་མར་བདེ་ཆེན་ཁུལ་གྱིས་མུ་མཐུད་དུ་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་སྣ་ཚོགས་སྤེལ་ནས། སྤྱི་ཚོགས་དཔལ་ཡོན་གྱི་སྲོལ་བཟང་དར་སྤེལ་བཏང་ནས། “འབུལ་བ། མཛའ་བརྩེ། རོགས་རེས། ཡར་རྒྱས”བཅས་ཀྱི་དང་བླངས་ཞབས་ཞུ་འདུ་ཤེས་དར་སྤེལ་གཏོང་རྒྱུ་ཡིན། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།