ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་ལ་ཤུགས་བསྣན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2025-08-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།


འདི་ནི་ཟླ8པའི་ཚེས12ཉིན་གྲོང་ཁྱེར་རིམ་པའི་འཐུས་ཚབ་རང་བཞིན་གྱི་བོད་སྤོས་བཟོ་རྩལ་གྱི་རྒྱུན་འཛིན་པ་ཚེ་རིང་རྡོ་རྗེ་ཡིས་བོད་སྤོས་བཟོ་བའི་རྣམ་པ་རེད།

འདི་ནི་ཟླ8པའི་ཚེས6ཉིན་རྫ་ལས་མཁན་ཞིག་གིས་རྫ་ཆས་བཟོ་བཞིན་པའི་རྣམ་པ་རེད། བོད་ཀྱི་སྲོལ་རྒྱུན་ས་འདམ་རྫ་ལས་འཇིམ་རྐོས་བཟོ་བའི་ལག་རྩལ་བོད་རང་སྐྱོང་ལྗོངས་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རང་བཞིན་གྱི་རྣམ་གྲངས་མིང་གཞུང་ནང་བདམས་ཡོད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་མང་རིང་། བོད་ལྗོངས་ཀྱིས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་ལ་མུ་མཐུད་ཤུགས་བསྣན་པས། རིགས་སོ་སོའི་གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས་ལ་རྒྱུན་འཛིན་དང་སྲུང་སྐྱོབ་ལེགས་པོ་ཐུབ་ཡོད། 2012ལོ་ནས2024ལོའི་བར་ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་བསྡོམས་པས་ཆེད་དོན་མ་དངུལ་སྒོར་དུང་ཕྱུར4.73བཏང་སྟེ། བོད་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་འཐུས་ཚབ་རང་བཞིན་རྣམ་གྲངས་སྲུང་སྐྱོབ་དང་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་ཐོ་འགོད་ལས་དོན། སྦྱོང་བརྡར་བྱ་འགུལ་སྤེལ་བ་དང་སྲུང་སྐྱོང་བེད་སྤྱོད་སྒྲིག་བཀོད་འཛུགས་སྐྲུན་སོགས་ལས་དོན་ལེགས་པོར་སྤེལ། མིག་སྔར་བོད་ལྗོངས་སུ་རིམ་པ་སོ་སོ་དང་རིགས་སོ་སོའི་འཐུས་ཚབ་རང་བཞིན་གྱི་རྣམ་གྲངས2760དང་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ1668ཡོད། །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།
རྩོམ་སྒྲིག་འགན་ཁུར་བ། : ཀླུ་མོ་མཚོ།