འདི་ནི་ཟླ8པའི་ཚེས24ཉིན་མང་ཚོགས་ཀྱིས་ལྷ་སའི་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་ལྷ་མོའི་ཟློས་གར་ལ་ལྟ་བའི་རྣམ་པ་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར60ལོན་པར་རྟེན་འབྲེལ་ཞུ་བ་དང་ཞོ་སྟོན་དུས་ཆེན་རིང་ལྷ་མོའི་ཟློས་གར་འཁྲབ་སྟོན་གྱི་སྲོལ་རྒྱུན་ལེགས་པར་སྲུང་ཆེད། ཟླ8པའི་ཚེས23ཉིན་ནས་ཚེས27ཉིན་བར། ལྷ་སའི་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དང་ནོར་བུ་གླིང་ཁ་སོགས་ས་ཁུལ་དུ་ལྷ་མོའི་ཟློས་གར་འགྲེམ་འཁྲབ་ཀྱི་བྱ་འགུལ་སྒྲིག་འཛུགས་བྱས་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། 2012ལོར་ཞོ་སྟོན་དུས་ཆེན་གཉེར་མགོ་ཚུགས་པ་ནས་ད་ལྟའི་བར་བསྡོམས་པས་ལོ13རིང་བྱ་འགུལ་དག་ལེགས་པོར་སྒྲུབ་ནས། ས་གནས་རྒྱུན་མཐུད་རང་བཞིན་གྱི་རིག་གནས་དམངས་ཕན་རྣམ་གྲངས་ཞིག་ཏུ་གྱུར་ཡོད། །
འདི་ནི་ཟླ8པའི་ཚེས24ཉིན་ལྷ་སའི་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་ལྷ་མོའི་ཟློས་གར་འགྲེམ་འཁྲབ་བྱེད་བཞིན་པའི་རྣམ་པ་རེད།