བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར60ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུ་བཅས་ཀྱིས་རྟེན་འབྲེལ་གློག་འཕྲིན་སྤྲིངས།
ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས།
ཝང་ཧུའུ་ཉིང་ཚོགས་ཆེན་ལ་ཞུགས་པ་མ་ཟད་གསུང་བཤད་གནང་། ཚའེ་ཆི་ཚོགས་ཆེན་ལ་ཞུགས།
ཟླ8པའི་ཚེས21ཉིན་གྱི་སྔ་དྲོར། བོད་ལྗོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་ལས་བྱེད་མང་ཚོགས་ཁྲི2ལྷག་ལྷ་ས་གྲོང་ཁྱེར་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འཛོམས་ནས། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར60ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལོ་ངོ་དྲུག་ཅུའི་རིང་ལ་དཀའ་སྤྱད་འབད་བརྩོན་བྱས་ཤིང་། ལོ་ངོ་དྲུག་ཅུའི་རིང་ལ་གངས་ལྗོངས་ལ་འཕོ་འགྱུར་ཆེན་པོ་བྱུང་། ཚེས21ཉིན་གྱི་སྔ་དྲོར། བོད་ལྗོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཁྲི2ཙམ་ལྷ་ས་གྲོང་ཁྱེར་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འཛོམས་ནས། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར60ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་ཚའེ་ཆི་ཚོགས་འདུར་ཞུགས།
གནའ་གྲོང་ལྷ་སར་དར་ཚོན་སྣ་ལྔའི་དར་ཆ་རླུང་གིས་ལྷབ་ལྷུབ་དུ་བསྐྱོད་བཞིན་གང་སར་དུས་ཆེན་གྱི་རྣམ་པས་ཁེངས་ཡོད། གཟི་བརྗིད་ལྡན་པའི་ཕོ་བྲང་པོ་ཏ་ལའི་གཤམ་དུ་བོད་ལུགས་རྣམ་པའི་ཚོགས་ཆེན་གྱི་ཀྲུའུ་ཞིའི་སྟེགས་བུ་བསྐྲུན་ཡོད། ཀྲུའུ་ཞིའི་སྟེགས་བུའི་སྟེང་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་རྟགས་དང“བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར60ལོན་པའི་རྟེན་འབྲེལ་ཚོགས་འདུའི”འཕྲེད་འགེལ་སྦྱར་ཡིག་གསལ་ལམ་མེར་མངོན་ཡོད། རྒྱབ་ལྗོངས་ཀྱི་གྱང་ངོས་སུ་ཚོགས་ཆེན་གྱི་ཚོགས་རྟགས་དང“1965”དང“2025”ཞེས་པའི་ཡི་གེ་བཀལ་ཡོད་པ་དང་། དར་དམར10ཕྱོགས་གཉིས་སུ་བཙུགས་ཡོད། ཀྲུའུ་ཞིའི་སྟེགས་བུའི་ཁ་གཏད་ཀྱི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་དུས་ཆེན་གྱི་གྱོན་ཆས་གྱོན་པའི་མི་རིགས་ཁག་གི་མང་ཚོགས་ཕྱོགས་བཞི་ནས་དེ་གར་འཛོམས་ཏེ་ལག་ཏུ་དར་དམར་གཡུག་ནས་སྤྲོ་སྣང་གི་རྒྱ་མཚོ་ཞིག་ཏུ་གྱུར་འདུག
སྔ་དྲོའི་ཆུ་ཚོད10པར། སྤྲོ་སྣང་ལྡན་པའི་རོལ་དབྱངས་ཁྲོད་དུ། ཞི་ཅིན་ཕིང་སོགས་མགོ་ཁྲིད་བློ་མཐུན་ཀྲུའུ་ཞིའི་སྟེགས་བུའི་ཐོག་ཏུ་ཕེབས་པའི་སྐབས་སུ། ཚོགས་ར་ཡོངས་སུ་དུས་ཡུན་རིང་པོར་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས་པ་རེད།
ཟླ8པའི་ཚེས21ཉིན་གྱི་སྔ་དྲོར། བོད་ལྗོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་ལས་བྱེད་མང་ཚོགས་ཁྲི2ལྷག་ལྷ་ས་གྲོང་ཁྱེར་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འཛོམས་ནས། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར60ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས། ཝང་ཧུའུ་ཉིང་དང་ཚའེ་ཆི་ཚོགས་ཆེན་ལ་ཞུགས།
བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ཚོགས་ཆེན་མགོ་ཚུགས་པ་ཁྱབ་བསྒྲགས་གནང་། ཚོགས་ཞུགས་མི་སྣ་ཡོངས་ཡར་ལངས་ནས་རྒྱལ་གླུ་མཐོན་པོར་བླངས་པ་དང་སྐར་ལྔའི་དར་དམར་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་དལ་གྱིས་བསྒྲེངས་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་ཀྲང་གོ་ཆིང་གིས་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུ་བཅས་ཀྱིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར60ལོན་པར་རྟེན་འབྲེལ་ཞུས་པའི་རྟེན་འབྲེལ་ཞུ་ཡིག་སྒྲོག་འདོན་བྱས།
ཟླ8པའི་ཚེས21ཉིན་གྱི་སྔ་དྲོར། བོད་ལྗོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་ལས་བྱེད་མང་ཚོགས་ཁྲི2ལྷག་ལྷ་ས་གྲོང་ཁྱེར་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འཛོམས་ནས། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར60ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས།
ཝང་ཧུའུ་ཉིང་གིས་བོད་རང་སྐྱོང་ལྗོངས་ལ་ཞི་ཅིན་ཕིང་གིས་ཕྱག་བྲིས་གནང་བའི“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱས་ནས། མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་བྱ་གཞག་གསར་པ་གཏོད”ཅེས་པའི་རྟེན་འབྲེལ་ཞུ་བྱང་གནང་།
ཝང་ཧུའུ་ཉིང་གིས་གསུང་བཤད་གནང་བ་དང་། ཁོང་གིས་བཤད་རྒྱུར། 1965ལོའི་ཟླ9པར་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་འོད་སྟོང་འབར་བའི་ཏང་གི་མི་རིགས་སྲིད་ཇུས་འོག བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་ཁྱབ་བསྒྲགས་བྱས། དེ་ནི་བོད་ལྗོངས་འཕེལ་རྒྱས་ལོ་རྒྱུས་ཐོག་གི་དུས་རབས་དབྱེ་བའི་དོན་སྙིང་ལྡན་པའི་དོན་ཆེན་ཞིག་ཡིན་ཞིང་། བོད་ལྗོངས་ཞི་བས་བཅིངས་འགྲོལ་དང་དམངས་གཙོའི་བཅོས་བསྒྱུར་གྱི་རླབས་ཆེན་གྲུབ་འབྲས་སྲ་བརྟན་དུ་བཏང་བ་དང་། བོད་ལྗོངས་ཀྱི་སྤྱི་ཚོགས་ལམ་ལུགས་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་ཡོད། ལོ་ངོ60རིང་ལ་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་ནས་འཕེལ་རྒྱས་ཕྱིན་པ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་གྲུབ་འབྲས་ཐོབ་པའི་སྒོ་ནས་ལག་ལེན་བསྟར་བ་དང་། མི་རིགས་མཐུན་སྒྲིལ་ཉིན་རེ་བཞིན་སྲ་བརྟན་དུ་ཕྱིན་ལ། མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་ཉིན་རེ་བཞིན་ཡར་རྒྱས་ཕྱིན་པ་བཅས་ཀྱི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ཀྱི་སྟོབས་ཤུགས་བརྟན་པོ་དང་། རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་ཀྱི་མངོན་གསལ་གྱི་ལེགས་ཆ་མངོན་ཡོད།
ཟླ8པའི་ཚེས21ཉིན་གྱི་སྔ་དྲོར། བོད་ལྗོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་ལས་བྱེད་མང་ཚོགས་ཁྲི2ལྷག་ལྷ་ས་གྲོང་ཁྱེར་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འཛོམས་ནས། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར60ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས། ཝང་ཧུའུ་ཉིང་དང་ཚའེ་ཆི་ཚོགས་ཆེན་ལ་ཞུགས།
ཝང་ཧུའུ་ཉིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ཕྱོགས་ཡོངས་ལ་ཤུགས་བསྣན་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་གཏན་འཁེལ་གནང་ཞིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁྱོན་ཡོངས་ལ་གཞིགས་ནས་བོད་ལྗོངས་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུར་གོ་རིམ་ལྡན་པའི་འཆར་འགོད་གནང་བས། བོད་ལྗོངས་ཀྱིས་རྒྱལ་ཡོངས་དང་མཉམ་དུ་དབུལ་སྐྱོར་འགག་སྒྲོལ་ལ་རྒྱལ་ཁ་ཐོབ་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པ། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་ཐོལ་བརྒལ་བྱུང་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཞིང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ལ་ལོ་རྒྱུས་རང་བཞིན་གྱི་ཐོལ་བརྒལ་བྱུང་བས། བོད་ལྗོངས་འཕེལ་རྒྱས་ཡག་ཤོས་དང་འགྱུར་ལྡོག་ཆེ་ཤོས། མི་རིགས་ཁག་གི་མང་ཚོགས་ལ་ཕན་ཁེ་ཐོབ་ཚད་མང་ཤོས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་སུ་བསླེབས་པར་བརྟེན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྱོང་ལ་སྐྱེས་སྟོབས་ཆེན་པོ་མངོན་ཡོད།
ཝང་ཧུའུ་ཉིང་གིས་བསྟན་དོན། ལོ་རྒྱུས་ཀྱི་མགོ་ཚུགས་ས་གསར་པའི་སྟེང་། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ། “ཡིད་ཆེས་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ལག་བསྟར་དང་དོན་འཁྱོལ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་འཛུགས་པའི་གཙོ་གནད་ལ་དམ་འཛིན་བྱས་ཏེ། བརྟན་རླིང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་སྟོབས་ལྡན་བཅས་དོན་ཆེན་བཞི་ལ་དམ་འཛིན་ཡག་པོ་བྱེད་པ་དང་། མཐུན་སྒྲིལ་དང་འབྱོར་ཕྱུག དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཧུར་ཐག་གིས་འཛུགས་སྐྲུན་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་པ་ལྷོད་མེད་བྱེད་དགོས།
ཟླ8པའི་ཚེས21ཉིན་གྱི་སྔ་དྲོར། བོད་ལྗོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་ལས་བྱེད་མང་ཚོགས་ཁྲི2ལྷག་ལྷ་ས་གྲོང་ཁྱེར་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འཛོམས་ནས། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར60ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས། ཝང་ཧུའུ་ཉིང་དང་ཚའེ་ཆི་ཚོགས་ཆེན་ལ་ཞུགས།
བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཅུན་ཀྲིན་དང་བོད་རིགས་མང་ཚོགས་ཀྱི་འཐུས་མི་སྒྲོལ་མ་རིག་འཛིན་གྱིས་ཚོགས་ཆེན་སྟེང་གཏམ་བཤད་གནང་།
དེའི་རྗེས་སུ། བཀྲ་ཤིས་ཤིང་བདེ་སྐྱིད་ཀྱི་རྣམ་པས་ཁེངས་པའི་མང་ཚོགས་ཀྱི་ཁྲོམ་སྐོར་གཟབ་རྒྱས་ངང་སྤེལ་བ་རེད། ཁྲོམ་སྐོར་དེ“དར་ཆའི་སྣེ་ཁྲིད”དང“དོན་ཆེན་བཞི”“དུས་རབས་གསར་པར་འབད་པས་བསྐྱོད་པ” “མ་འོངས་ཕྱོགས་སུ་བསྐྱོད་པ”ཞེས་པའི་ཚན་པ4ལ་དབྱེ་ཡོད་པ་དང་། མང་ཚོགས་ཀྱི་ཁྲོམ་སྐོར་རུ་ཁག26དང་རྒྱན་སྤྲས་རླངས་འཁོར་བཅས་སྤྲོ་སྣང་ལྡན་པའི་རོལ་དབྱངས་ཁྲོད་རིམ་པ་བཞིན་མདུན་དུ་བསྐྱོད་ཅིང་། མི་རིགས་སོ་སོའི་མང་ཚོགས་ཀྱིས་ལུས་ལ་མཛེས་སྡུག་གི་གྱོན་ཆས་གྱོན་པ་དང་། སྤྲོ་སེམས་འཁོལ་བའི་ཞབས་བྲོ་འཁྲབ་ནས། བདེ་སྐྱིད་ཀྱི་འཚོ་བ་རོལ་བའི་དགའ་སྤྲོ་དང་། ཏང་དང་རྒྱལ་ཁབ་ལ་བཀའ་དྲིན་ཞུ་བའི་བརྩེ་སེམས་མཚོན་པར་བྱས། ཞི་ཅིན་ཕིང་སོགས་ཀྱིས་མཚམས་མཚམས་སུ་ལས་རིགས་སོ་སོའི་མང་ཚོགས་ལ་ཕྱག་གཡུག་གནང་ནས་གུས་འདུད་ཞུས།
《མེས་རྒྱལ་ལ་བསྟོད་གླུ་ལེན》ཞེས་པའི་སྤྲོ་སྣང་གི་དབྱངས་རྟའི་ཁྲོད། ཞི་བདེའི་ཕུག་རོན་གྱིས་གཤོག་ཟུང་བརྐྱངས་ནས་མཁའ་ལ་འཕུར་བ་དང་། ཚོན་མདོག་ལྡན་པའི་དབུགས་ལྒང་མཁའ་དབྱིངས་སུ་སྤུར་བས། ཡུལ་དངོས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་དང་དགའ་སྤྲོའི་འབོད་སྒྲས་ཁེངས་ནས། ཚོགས་ཆེན་རྒྱལ་ཁའི་ངང་མཇུག་སྒྲིལ་བ་རེད།
ལི་ཀན་ཅེ་དང་ཧོ་ལི་ཧྥིན། ཝང་ཞའོ་ཧུང་། བློ་བཟང་རྒྱལ་མཚན། ཧུའུ་ཁྲུན་ཧྭ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཀྲང་ཧྲིན་མིན། བོད་ལྗོངས་སུ་ཕྱག་ལས་གནང་མྱོང་བའི་བློ་མཐུན་རྒན་པ་དང་། དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཁོངས་མི་ཡོངས། བོད་རང་སྐྱོང་ལྗོངས་ཏང་སྲིད་དམག་གི་འགན་འཁུར་བློ་མཐུན་སོགས་ཚོགས་ཆེན་ལ་ཞུགས་ཡོད། །