ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཚེས20ཉིན་གྱི་ཉིན་གུང་ཆེད་གཏོང་གནམ་གྲུར་བསྡད་ནས་ལྷ་སར་འབྱོར་བ་དང་། བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་འཁོར60ལོན་པའི་རྟེན་འབྲེལ་བྱ་འགུལ་ལ་ཞུགས། གནམ་གྲུ་འབབ་ཚིགས་དང་ལྷ་ས་གྲོང་ཁུལ་དུ་ཞི་ཅིན་ཕིང་སོགས་ལ་རིགས་སོ་སོའི་མང་ཚོགས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་དགའ་བསུ་ཐོབ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་ཚའེ་ཆི་སོགས་མཉམ་དུ་གནམ་གྲུར་བསྡད་ནས་འབྱོར། །