ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས15ཉིན། “བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར60ལོན་པའི”མུ་འབྲེལ་བརྗོད་གཞིའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བཅོ་བརྒྱད་པ་འཚོགས་ཤིང་། ཀྲུང་གུང་ཉིང་ཁྲི་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར60ལོན་པའི་རིང་གི་ཉིང་ཁྲི་གྲོང་ཁྱེར་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གྲུབ་འབྲས་ངོ་སྤྲོད་བྱས།
2024ལོར། ཉིང་ཁྲི་གྲོང་ཁྱེར་གྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར267.78ལ་སླེབས་ཡོད་ཅིང་། དེ2021ལོའི་ལྡབ1.28ཡིན་པ་དང་ལོ་རེའི་ཆ་སྙོམས་འཕར་ཚད8%ཡན་དུ་སླེབས་པ། སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར18.51ལ་སླེབས་ཡོད་ལ། དེ2021ལོའི་ལྡབ1.23ཡིན་པ་དང་ལོ་རེའི་ཆ་སྙོམས་འཕར་ཚད7%ཡན་དུ་སླེབས་པ། གཏན་འཇགས་རྒྱུ་ནོར་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར180.1ལ་སླེབས་ཡོད་པ་དང་། དེ2021ལོའི་ལྡབ1.33ཡིན་པ་དང་ལོ་རེའི་ཆ་སྙོམས་འཕར་ཚད10%ཡན་དུ་སླེབས་པ། སྤྱི་ཚོགས་འཛད་རྫས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར68.1ལ་སླེབས་ཡོད་པ་དང་། དེ2021ལོའི་ལྡབ1.21ཡིན་པ་དང་ལོ་རེའི་ཆ་སྙོམས་འཕར་ཚད6%ཡན་དུ་སླེབས་པ། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོ་སོར་སྒོར49621དང27427ལ་སླེབས་ཡོད་པ་དང་། སོ་སོར2021ལོའི་ལྡབ1.2དང་ལྡབ1.26ཡིན་པ་དང་ལོ་རེའི་ཆ་སྙོམས་འཕར་ཚད6%དང8%ཡན་དུ་སླེབས་ཡོད།
འདི་ནི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས་རྣམ་པ་རེད།
རྨང་གཞིའི་སྒྲིག་བཀོད་ཉིན་བཞིན་འཐུས་ཚང་དུ་ཕྱིན་པ། ལྷ་ཉིང་མཐོ་རིམ་གཞུང་ལམ་དང་གནམ་གྲུ་ཐང་མྱུར་བགྲོད་གཞུང་ལམ་སྐྲུན་ཚར་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་། G219ཉིང་ཁྲིའི་མངའ་ཁོངས་ཡོངས་སུ་འདིང་བ། G318སྤོ་མེས་ནས་ཀླུ་ནང་མཚམས་ཀྱི་རིམ་སྤོར་བསྒྱུར་བཀོད་ཕྱོགས་ཡོངས་ནས་སྤེལ་མགོ་ཚུགས་པ། གཞུང་ལམ་གྱི་ལམ་ཐག་སྤྱི་ལེ7462.6ལ་སླེབས་པ། ལྷ་ཉིང་ལྕགས་ལམ་སྐྲུན་ཚར་ནས་འཁོར་སྐྱོད་ཚོང་གཉེར་བྱས་རྗེས། ཁྲོན་བོད་ལྕགས་ལམ(ཉིང་ཁྲིའི་མངའ་ཁོངས)འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ། ཡུན་ནན་ནས་བོད་ལྗོངས་ཀྱི་ལྕགས་ལམ་སྤོ་མེས་ནས་ར་འོག་མཚམས་དང་ལྷ་ཉིང་ལྕགས་ལམ་གྱི་ལམ་ཉིས་གཤིབ་མའི་འཆར་གཞི་ལས་མགོ་ཚུགས་པ། ཉིང་ཁྲིའི་གནམ་གྲུ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་གྱི་དུས་ཐེངས་དང་པོའི་ལས་གཞི་ལེགས་འགྲུབ་བྱུང་ནས་གྲོང་ཁྱེར10ལྷག་ལ་མཁའ་ལམ་ཤར་གཏོང་ཐུབ་པ། རྫོང7གྲོང་ཁྱེར་དང་ཆུས)གྱི་ཤང་གྲོང་དང་སྒྲིག་གཞི་ཚང་བའི་གྲོང་ཚོར་ཤར་བགྲོད་ཐུབ་ཚད་དང་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་བྱེད་ཚད། ཞིང་སྡེའི་འཐུང་ཆུའི་བདེ་འཇགས་མི་འབོར་ཡོངས་ཁྱབ་ཚད། ཤང་དང་གྲོང་རྡལ་དུ་སྤོ་འགུལ་བརྡ་རྟགས་ཁྱབ་ཚད། འོད་སྐུད་བརྒྱུད་འདྲེན་བྱེད་ཚད་ཚང་མ100%ལ་སླེབས་པ། “ཕྱོགས་གསུམ་གཞི་གཅིག”གི་ལངས་གཟུགས་འགྲིམ་འགྲུལ་དྲ་རྒྱ་ཉིན་བཞིན་འཐུས་ཚང་དུ་ཕྱིན་ཡོད།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ། ཉིང་ཁྲི་གྲོང་ཁྱེར་གྱིས་བོད་ཤར་ལྷོའི་ས་ཁོངས་ཀྱི་ལྟེ་བའི་གྲོང་ཁྱཆེ་འཛུགས་པ་དམིགས་ཡུལ་དུ་འཛིན་པ་དང་། ཡུལ་སྐོར་གྲོང་ཁྱེར་གྱི་ངེས་གནས་དམ་པོར་བཟུང་སྟེ་གྲོང་ཁྱེར་གྱི་འཛུགས་སྐྲུན་རྒྱ་ཁྱོན1983ལོའི་སྤྱི་ལེ་གྲུ་བཞི་མ1ལས་མེད་པ་ནས་ད་ལྟའི་སྤྱི་ལེ་གྲུ་བཞི་མ19.8དུ་རྒྱ་སྐྱེད་ཡོད་པ། གྲོང་རྡལ་ཅན43%ལ་སླེབས་ནས“ཀྲུང་གོའི་ཆེས་མཛེས་པའི་དམིགས་སའི་གྲོང་ཁྱེར”སོགས་ཀྱི་མཚན་སྙན་ཐོབ་པ། དབུལ་ཐར་འགག་སྒྲོལ་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་སྦྲེལ་མཐུད་ནུས་ལྡན་བྱས་ཏེ། གྲོང་ཚོའི་ཐུན་མོང་དཔལ་འབྱོར་གྱི“ཡོང་སྒོ་སྟོང་བའི་གྲོང་ཚོ”གཙང་བཤེར་བྱ་འགུལ་ལག་ལེན་བསྟར་བ། གྲོང་ཁྱེར་ཡོངས་སུ་ཐུན་མོང་དཔལ་འབྱོར་ཡོང་འབབ་སྒོར་ཁྲི5ཡན་དུ་སླེབས་པའི་གྲོང་ཚོ438ཡོད་པ་དང་དེའི86.4%ཟིན་ཡོད་པ་དང་། ཡོང་འབབ་སྒོར་ཁྲི50ཡན་དུ་སླེབས་པའི་གྲོང་ཚོ139ཡོད་ལ་དེའི27.4%ཟིན་ནས་ཐུན་མོང་འབྱོར་ཕྱུག་གི་གོམ་སྟབས་སྔར་བས་བརྟན་དུ་བཏང་ཡོད།
འདི་ནི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་རྣམ་པ་རེད།
བཅོས་སྒྱུར་སྒོ་འབྱེད་ཀྱི་ཕན་འབྲས་མངོན་གསལ་ཡིན་པ། ཉིང་ཁྲི་གྲོང་ཁྱེར་གྱིས“བོད་ལྗོངས་ཀྱི་བཅོས་སྒྱུར་སྒོ་འབྱེད་སྔོན་སྤེལ་ཁུལ”བསྐྲུན་པར་དམིགས་ནས་བཅོས་སྒྱུར་ཉམས་མྱོང་གསལ་ཐོ22ལྗོངས་ཡོངས་སུ་ཁྱབ་གདལ་དུ་བཏང་། སྲིད་དོན་ཞབས་ཞུ་ཕྱོགས་བསྡུས་སྒེའུ་ཁུང་བཅོས་སྒྱུར་རྒྱལ་ཡོངས་སུ་ཁྱབ་གདལ་དུ་བཏང་བར་ཁེ་ལས་དང་མང་ཚོགས་སྤྱི་ཡོངས་ཀྱི་བློ་ཡིད་ཚིམ་ཚད99.2%ལ་སླེབས་པ། ཚོང་གཉེར་ཁོར་ཡུག་སྤྱི་ཡོངས་ཀྱི་ཆུ་ཚད་གོང་དུ་འཕར་ནས་ལྗོངས་ཡོངས་ཀྱི་དྲ་རིས་དང་པོར་སླེབས་པ་དང་། གྲོང་ཁྱེར་གྱི་རྒྱལ་དབང་ཁེ་ལས་གུན་སེལ་ཁེ་སྒྱུར་ཐུབ་ནས་མྱུར་སྐྱེལ་གྲོང་ཚོར་བསྐྱལ་བའི“མཇུག་མཐའི་སྤྱི་ལེ་གཅིག”དང་ཁྱད་ལྡན་ཐོན་རྫས་གྲོང་ཚོ་ནས་ཕྱིར་འཚོང་གི“ཐོག་མའི་སྤྱི་ལེ་གཅིག”བདེ་བགྲོད་ཐུབ་པ། ཉེ་བའི་ལོ་གསུམ་རིང་ཞིང་ལས་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་ཡོང་འབབ་སྒོར་དུང་ཕྱུར10ཟིན་པ། “གླེང་སྟེགས+འགྲན་བསྡུར+བོད་སྐྱོར+བཤམ་སྟོན”ལ་བརྟེན་ནས་ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་སུ་བཏང་བ། ཉིང་ཁྲིའི་ཀུ་ཤུ་ཐོག་མར་ནེ་པ་ལར་ཕྱིར་གཏོང་བྱས་པ་དང་། ཇ་ལོ་ཐོག་མར་ཁ་ན་ཏར་ཕྱིར་གཏོང་བྱས་པ། 2024ལོའི་ཕྱི་ཕྱོགས་ཉོ་ཚོང་བསྡོམས་འབོར་སྒོར་ཁྲི842ལ་སླེབས་ནས་འཕར་སྣོན573%ལས་བརྒལ་བ། ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི5.7སྣེ་ལེན་བྱས་པ་དང་ཕྱི་སྒོར་གྱི་ཡོང་འབབ་སྒོར་དུང་ཕྱུར1.6ཟིན་ནས་དུས་མཉམ་ལས288.45%དང282.5%འཕར་བ། ཀྲུང་གོའི་བོད་ལྗོངས་ཀྱི“ཧི་མ་ལ་ཡ་སྐོར་བའི”རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་བཞི་བ་དང“ཧི་མ་ལ་ཡ་སྐོར་བའི”ཁེ་ལས་པའི་རྒྱལ་སྤྱིའི་ཚོགས་འདུ་སྐབས་དང་པོ་རྒྱལ་ཁའི་ངང་སྒྲུབ་གཉེར་བྱས་ཏེ། ཉིང་ཁྲི་འདི་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་བ་འགྲེམ་སྟོན་གྱི་སྒེའུ་ཁུང་གལ་ཆེན་ཏུ་འགྱུར་བཞིན་ཡོད།
ཁྱད་ལྡན་ཐོན་ལས་རྒྱུན་མཐུད་རྒྱ་ཆེར་ཕྱིན་པ། ཉིང་ཁྲི་གྲོང་ཁྱེར་གྱིས་འཛམ་གླིང་རིམ་པའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་འགྲོ་ས་དང་འཛམ་གླིང་རིམ་པའི་ནུས་ཁུངས་གཙང་མའི་རྟེན་གཞི་བསྐྲུན་པར་དམིགས་ཏེ། སྲོལ་རྒྱུན་ཐོན་ལས་སྤུས་ལེགས་ནུས་སྤེལ་དང་འཐབ་ཇུས་ཐོན་ལས་ཀྱི་ལེགས་ཆ་ཆེ་རུ་གཏོང་བ། གསར་དར་ཐོན་ལས་ཀྱི་ཞན་ཆ་ཁ་གསབ། འབྱུང་འགྱུར་ཐོན་ལས་ཀྱི་ཚོད་ལྟའི་བཀོད་པ་རྒྱུན་འཁྱོངས་བྱས་ནས། ཐོན་ལས་གྲུབ་ཚུལ་རྒྱུན་མཐུད་ཇེ་ལེགས་དང་ལྗང་མདོག་གསར་དར་བཟོ་ལས་ཅན་གྱི་ལོ་གསུམ་འགག་སྒྲོལ་བྱ་སྤྱོད༎ ཡུལ་སྐོར་ཁོར་ཡུག“མཐོར་འདེགས་སུ་གཏོང་བ་དགུའི་བྱ་སྤྱོད”ལག་བསྟར་གཏིང་ཟབ་བྱས་པ། མཐོ་སྒང་གི་གྲང་ཆུའི་ཉ་དང་གླ་བ། ཤྭ་བ་ཁྲ་རིས། ཤྭ་བ་སེར་ཆེན་སོགས་ཁྱད་ལྡན་གསོ་སྤེལ་བྱེད་སྟངས་གསར་བ་འཚོལ་ཞིབ་ཧུར་ཐག་བྱས་པ། གྲོང་ཁྱེར་ཡོངས་ཀྱི་སྔོ་ཚལ་དང་ཇ་ལོ། ནགས་ཚལ་ཤིང་འབྲས། ནགས་གསེབ་དཔལ་འབྱོར་བཅས་ཀྱི་རྒྱ་ཁྱོན་སོ་སོར་མུའུ་ཁྲི4.59དང་མུའུ་ཁྲི5.4། མུའུ་ཁྲི7.44། མུའུ་ཁྲི1.1ལ་སླེབས་པ། ཡུལ་སྐོར་བ་སྣེ་ལེན་གྱི་གྲངས་འབོར་དང་ཡུལ་སྐོར་སྤྱིའི་ཡོང་འབབ་སོ་སོར2021ལོའི་མི་ཐེངས་ཁྲི1006དང་སྒོར་དུང་ཕྱུར83.75ནས2024ལོའི་མི་ཐེངས་ཁྲི1530.65དང་སྒོར་དུང་ཕྱུར138.21ལ་སླེབས་ཡོད་པ། ཉིང་ཁྲིའི“ཁམ་བུའི་མེ་ཏོག་གྲོང་ཚོའི”ཚོང་རྟགས་ཀྱི་སྙན་གྲགས་རྒྱལ་ཡོངས་སུ་ཁྱབ་པ། ནུས་ཁུངས་གཙང་མའི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཆན་ཝ་ཁྲི46ཙམ་དུ་སླེབས་ཡོད།
འདི་ནི་གནམ་ལྕགས་འབར་བའི་རི་རྒྱུད་དུ་རྒྱང་ལྟ་བྱས་པའི་རྣམ་པ་རེད།
དམངས་འཚོའི་བྱ་གཞག་ཕྱོགས་ཡོངས་ནས་གོང་དུ་འཕེལ་བ། ཉིང་ཁྲི་གྲོང་ཁྱེར་གྱིས་ལས་ཞུགས་དང་སློབ་གསོ། སྨན་བཅོས། རིག་གནས། འཕྲོད་བསྟེན་སོགས་བྱ་གཞག་རྒྱུན་མཐུད་ལེགས་པོར་སྒྲུབ་པ། རྫོང7(གྲོང་ཁྱེར་དང་ཆུས)ཚང་མར་རྒྱལ་ཁབ་ཀྱི་རྫོང་ཁོངས་འོས་འགན་སློབ་གསོ་དོ་མཉམ་འཕེལ་རྒྱས་ཀྱི་དཔྱད་དཔོག་རྩིས་ལེན་བྱས་པ་དང་། རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར་བཏོད་པའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་བ། ཤང་དང་གྲོང་རྡལ། གྲོང་ཚོ་རིམ་པའི་རིག་གནས་ས་ཚིགས་དང་རིག་རྩལ་རུ་ཁག་ཡོངས་སུ་ཁྱབ་པ་མངན་འགྱུར་བྱུང་བ། ལྗོངས་ཡོངས་སུ་ཐོག་མར་ཞིང་ཆེན་བརྒལ་ནས་སྨན་རིན་ཐད་ཀར་རྩིས་རྒྱག་པ་མངོན་འགྱུར་བྱུང་བ། ཀུན་ཕན་རང་བཞིན་གྱི་རྒན་གསོ་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་བ། གྲོང་གསེབ་ཀྱི་དམའ་སྲུང་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། དེ་བཞིན་རིགས་གསོའི་ཁ་གསབ་འདང་ངེས་འགྲེམ་གཏོང་བྱས་ནས། མི་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་རྒྱུན་མཐུད་ཆེ་རུ་བཏང་།
སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ཇེ་ལེགས་སུ་ཕྱིན་པ། ཉིང་ཁྲི་གྲོང་ཁྱེར་གྱིས“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་དུ་བཏང་ནས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་པ་དང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་བ། ཡར་ཉང་རོང་གི་སྐྱེ་ཁམས་སླར་གསོའི་ལས་གཞིར་གཅིག་འདོམས་སྐུལ་འདེད་བཏང་བ། གཙོ་གནད་བཞུར་རྒྱུན་དང་གཞུང་ལམ་འགྲམ་རྒྱུད། གྲོང་རྡལ་ཉེ་འཁོར་གྱི་སྡོང་འཛུགས་ནགས་སྐྲུན་ལག་བསྟར་ཤུགས་ཆེན་བྱས་ཏེ། རྒྱལ་ཁབ་ནགས་ཚལ་སྤྱི་གླིང་རྒྱལ་ཁའི་ངང་སྐྲུན་པ། མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་བསྡུར་ཚད99.6%རྒྱུན་འཁྱོངས་ཐུབ་པ། ཆུ་བོ་དང་གཙང་པོ་གཙོ་བོའི་ཆུའི་སྤུས་ཚདⅢརིགས་ཀྱི་ཚད་གཞིར་ལོན་པའམ་ཡང་ན་དེ་ལས་ལེགས་པ། རྫོང་རིམ་པ་ཡན་གྱི་གྲོང་རྡལ་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་ཁོངས་ཀྱི་ཆུའི་སྤུས་ཚད100%ཚད་གཞིར་ལོན་པ། ས་རྒྱུའི་སྤུས་ཚད་སྤྱིའི་ཆ་ནས་རང་བྱུང་གི་གདོད་མའི་རྣམ་པར་གནས་ཡོད།
འདི་ནི་ཉིང་ཁྲི་སྨན་གླིང་གྲོང་ཁྱེར་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་སྟེ་གནས་ཡུལ་རོང་ཆུང་གླིང་གྲོང་ཚོའི་རྣམ་པ་རེད།
མཐའ་དར་དམངས་ཕྱུག་ལ་སྐུལ་འདེད་གཏིང་ཟབ་བཏང་བ། ཉིང་ཁྲི་གྲོང་ཁྱེར་གྱིས་མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་རྒྱུན་མཐུད་གསབ་ནས་མཐའ་མཚམས་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་བཏང་བ། “གསར་བརྗེའི་འབྲོག་ཁྱིམ་ཆུང་ངུ”སོགས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི28བསྐྲུན་པ་དང་། མཐའ་དར་དམངས་ཕྱུག་འགུལ་སྐྱོད་ཀྱི་ལྟེ་གནས་གྲོང་རྡལ16བཙུགས་ནས་མཐའ་མཚམས་རྫོང་གི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི2.6ལ་སླེབས་ཡོད། །