ད་ལོ་ནི་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ60འཁོར་བའི་ལོ་རེད། བགྲང་བྱ་དྲུག་ཅུའི་འབད་པ་ཆེན་པོ་ལ་ཁུར་དུ་ལྕི་བའི་གྲུབ་འབྲས་ཐོབ་ཡོད། གངས་ལྗོངས་མཐོ་སྒང་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་གནང་ས་ཡིན། གྲོང་གསེབ་ཀྱི་གཤིན་ས་རུ་བསྐྱོད་དེ་བརྟག་ཞིབ་མཛད་སྐབས་དང་། གྲོང་ཁྱེར་གྱི་ཁྲོམ་གཞུང་དུ་ཕེབས་ནས་འཚམས་འདྲི་གནང་སྐབས་གང་ཡིན་རུང་། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་སེམས་གནས་འདིར་འཚོ་བའི་མི་རྣམས་ཀྱི་སེམས་དང་གཅིག་ཏུ་འབྲེལ་ཡོད། བརྩེ་སེམས་ཟབ་པའི་མངགས་བཅོལ་རེ་རེ་དང་། དྲོད་ཁོལ་ལྡན་པའི་འཕྲིན་ལན་རེ་རེས་འབད་བརྩོན་གྱི་སྟོབས་ཤུགས་ཆེན་པོ་བསྐྱེད་པས། བོད་ལྗོངས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་དཀའ་སྤྱད་འབད་འཐབ་དང་། བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་བྱས་པ་དང་ཞུམ་མེད་འབད་བརྩོན་བྱས་ཏེ། ལོ་ངོ་སྟོང་གི་དབུལ་ཕོངས་ལས་ཐར་ནས། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས། སྐྱོད་ལམ་གསར་པའི་སྟེང་། མཐོ་སྒང་གི་བུ་ཕྲུག་ཁྲི370ཡིས་མཐུན་སྒྲིལ་དང་། འབྱོར་ཕྱུག དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་སེམས་གངས་ལྗོངས་མཐོ་སྒང་དང་འབྲེལ་ཞིང་། བརྩེ་བ་བོད་ལྗོངས་མི་དམངས་ལ་བཅངས་ཡོད། དུས་རབས་གསར་པར་སླེབས་པ་ན། ཁོང་གིས་སྐུ་དངོས་སུ་བོད་ལྗོངས་ཀྱི་བྱ་བར་ཁ་ཕྱོགས་གཏན་འཁེལ་དང་ཇུས་འགོད་བཀོད་སྒྲིག་གནང་སྟེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་གཏན་འབེབས་བྱས་ནས། བོད་ལྗོངས་ཀྱི་བརྟན་བརླིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་སྟོབས་ཆེར་གཏོང་བ་བཅས་ཀྱི་དོན་ཆེན་བཞི་གཏན་འཁེལ་གསལ་པོ་བྱས་ཏེ། དུས་རབས་གསར་པའི་བོད་ལྗོངས་ཀྱི་བྱ་བ་ལེགས་པོར་བསྒྲུབ་པར་རྩ་བའི་བསྲུང་བྱ་མཁོ་འདོན་གནང་།
རྒྱལ་ཁབ་ཡུན་རིང་བདེ་འགོད་ཡོང་བར་དམིགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་པར་བྱེད་དགོས་ཞེས་པའི་འཐབ་ཇུས་དགོངས་པ་གལ་ཆེན་བཏོན། རྒྱལ་མཚམས་ཀྱི་བདེ་འཇགས་མེད་ན། ཁྱིམ་ཚང་ཁྲི་ཕྲག་གི་བདེ་འཇགས་མེད་པས། སྤྱི་ཁྱབ་ཧྲུའུ་ཅིས་གངས་ལྗོངས་མཐའ་མཚམས་ཀྱི་མཐའ་སྲུང་མང་ཚོགས་ལ་མཆོག་གྱུར་རྒྱལ་ཁོངས་ཀྱི་སྲུང་སྐྱོབ་པ་དང་བདེ་སྐྱིད་ཁྱིམ་གཞིས་ཀྱི་འཛུགས་སྐྲུན་པ་བྱེད་དགོས་པའི་མངགས་བཅོལ་གནང་ཡོད། བོད་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ལེགས་པོ་བྱེད་པ་ནི། སྐལ་བརྒྱར་ཕན་འབྲས་ལྡན་ཞིང་གནམ་འོག་དྲིན་གྱིས་སྐྱོང་བའི་དོན་ཆེན་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅིས་མདོ་དབུས་མཐོ་སྒང་འདི་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་རུ་འཛུགས་སྐྲུན་བྱེད་དགོས་ཞེས་བསྟན་ཡོད། བོད་ལྗོངས་ཀྱི་འཕེལ་རྒྱས་ལ་འཆར་གཞི་འགོད་ཆེད། སྤྱི་ཁྱབ་ཧྲུའུ་ཅིས་བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ན། འཕེལ་རྒྱས་ཡོད་ཚད་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ནང་སྙིང་ལྡན་པར་བྱེད་དགོས་ཤིང་། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་འགྲིལ་གྱི་དོན་སྙིང་ལྡན་པར་བྱེད་དགོས་ལ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་གཏོང་རྒྱུར་ཕན་པར་བྱེད་དགོས་པ་རྒྱུན་འཁྱོངས་བྱེད་དགོས་ཞེས་ནན་གྱིས་བསྟན།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་མཐའ་མཚམས་ས་ཁུལ་གཅིག་ཀྱང་ཆད་མི་རུང་། 2021ལོའི་ཟླ7པར་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཉིང་ཁྲིའི་ཀ་ལ་སྡེ་བར་ཕེབས་ནས། སྡེ་མི་རྣམས་ལ་འཚམས་འདྲི་གནང་། ཁོང་གིས་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་ལེགས་པོ་བྱས་ཏེ། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་བསྟན། ད་ལོར། ཀ་ལ་སྡེ་བའི་སྡེ་མི་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིར་འཕྲིན་ཡིག་བསྐུར་ཏེ། སྡེ་བའི་འགྱུར་ལྡོག་གསར་པ་སྙན་སེང་ཞུས་པ་དང་། མཐུན་སྒྲིལ་གཅིག་གྱུར་གྱིས་ཏང་གི་རྗེས་སུ་འབྲངས་པའི་ཆོད་སེམས་བསྟན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་ལན་བསྐུར་ནས་ཚང་མས་ཏང་གི་མཐའ་དར་དམངས་ཕྱུག་གི་སྲིད་ཇུས་བཟང་པོའི་སྣེ་ཁྲིད་འོག མི་རིགས་མཐུན་སྒྲིལ་ལ་དངོས་སུ་སྲུང་སྐྱོང་བྱས་ཏེ། སྔར་ལས་བདེ་ཞིང་སྐྱིད་པའི་འཚོ་བ་གསར་སྐྲུན་བྱེད་དགོས་པའི་སྐུལ་མ་གནང་།“བྱང་སྐུར་སྤུན་བདུན་ལ་བལྟས་ནས་སོང་ན་ལམ་མི་ནོར་བ་དང་། གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ལྡན་ངེས”ཞེས་པའི་སྐད་ཆ་འདི་ནི་ཀ་ལ་སྡེ་བའི་སྡེ་མི་ཡོངས་ཀྱི་བབ་ཆགས་ཀྱི་སྐད་ཆ་ཡིན་ལ། བོད་ལྗོངས་ཀྱི་བུ་ཕྲུག་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བཅངས་པའི་བརྩེ་བ་ཟབ་མོའང་ཡིན།
བོད་ལྗོངས་ནི་མདོ་དབུས་མཐོ་སྒང་གི་ལྟེ་བར་གནས་པ་དང་ས་བབ་རྙོག་འཛིང་ཆེ་བས། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་དེ་དུས་ཡུན་རིང་པོའི་ནང་བརྟན་ལྷིང་དང་འཕེལ་རྒྱས་ལ་ཚད་བཀག་ཐེབས་པའི་གནད་འགག་གི་རྒྱུ་རྐྱེན་ཞིག་ཏུ་གྱུར་ཡོད། 2021ལོར་བོད་ལྗོངས་ལ་གཟིགས་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྕགས་ལམ་དང་། གཞུང་ལམ། དེ་བཞིན་རྨང་གཞིའི་སྒྲིག་བཀོད་གལ་ཆེན་གཞན་དག་བཅས་ཀྱི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས་པ་ནན་གྱིས་བསྟན། ད་ལྟའི་བོད་ལྗོངས་དང་མདོ་དབུས་མཐོ་སྒང་དུ་འགྲིམ་འགྲུལ་གྱི་དྲ་རྒྱ་ཞིག་ཆགས་ཏེ། རྫོང་དང་ཡུལ་ཚོ། གྲོང་སྡེ་བཅས་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་ཡོད་ལ། གློག་དྲ་གཙོ་བོས་རྫོང་མཁར་ཡོངས་དང་གྲོང་སྡེ་གཙོ་བོར་ཁེབས་ཡོད།
འོབས་ཆེན་རེ་རེ་སྐྱ་མོ་ལམ་དུ་བསྒྱུར་ནས་མཐོ་སྒང་ལ་རྣམ་པ་གསར་བ་མངོན། ད་ལྟའི་བོད་ལྗོངས་ཀྱི་བྱ་གཞག་ཀུན་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་ཆོག་པའི་ཡོང་འབབ2012ལོའི་སྒོར་བརྒྱད་སྟོང་ལྔ་བརྒྱ་རེ་བརྒྱད་ནས2024ལོའི་ཁྲི་གསུམ་དང་སྟོང་གཅིག་སུམ་བརྒྱ་ང་བརྒྱད་ལ་འཕར། གཞི་རྩའི་སྟེང་ནས་རིམ་པ་མང་བོའི་སྤྱི་ཚོགས་འགན་སྲུང་མ་ལག་བཙུགས་ཏེ་སློབ་གསོ་དང་། སྨན་བཅོས། སྡོད་ཁང་སོགས་ཀྱི་འགན་སྲུང་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་ཕྱིན། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཉིན་རེ་བཞིན་ཇེ་བརྟན་དུ་སོང་སྟེ། འཛམ་གླིང་སྟེང་སྐྱེ་ཁམས་ཁོར་ཡུག་ཆེས་ཡག་པའི་ས་ཁུལ་གྱི་གྲས་སུ་ཚུད་ཡོད།
དབུལ་ཕོངས་ལས་ཐར་བ་ནས་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་བར་དང་། དེ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཐབ་ལམ་གསར་བར་སྐྱོད་པའི་བར་དུ། བོད་ལྗོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྩེ་བ་ཟབ་མོ་ཡིད་ལ་བཅངས་ཡོད།
མདོ་དབུས་མཐོ་སྒང་དུ་ལྷབ་ལྷུབ་བསྐྱོད་པའི་རྒྱལ་དར་གྱིས། མཐོ་སྒང་གི་བུ་ཕྲུག་ཚོས་བདེ་སྐྱིད་ཀྱི་འཚོ་བར་བསྔགས་པའི་བསྟོད་གླུ་དང་། ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཅེས་སྐྱོང་སོགས་མཚོན། ཁམ་བུའི་མེ་ཏོག་རྣམ་པར་བཞད་དེ། འདབ་མ་རེ་རེ་གཅིག་ལ་ཕྱོགས་ཡོད། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཞིག་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་བཞིན་ཡོད། །