ཀྲུང་གོ་བོད་ཀྱི་དྲ་བ།

དཔལ་འབར་རྫོང་གི་ར་ནག་ཐོན་ལས་གྲོང་གསེབ་དར་སྤེལ་གྱི་སྒུལ་ནུས་གསར་བར་གྱུར་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2025-07-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་དཔལ་འབར་རྫོང་ར་ནག་གསོ་སྤེལ་རྟེན་གཞིའི་དཔལ་འབར་ར་ནག་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་ཁོངས་སུ་འཁྱགས་ཀླུང་གི་བཞུར་རྒྱུན་དང་སྨན་རྩྭའི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པས། ར་ནག་སྐྱེ་འཚར་བྱུང་བར་ཐུན་མོང་མ་ཡིན་པའི་རང་བྱུང་ཁོར་ཡུག་མཁོ་འདོན་བྱས་ཡོད། ར་ནག་ཐོན་ལས་སྟོབས་ཆེར་གཏོང་ཆེད། དཔལ་འབར་རྫོང་གིས2016ལོ་ནས་བཟུང་བསྡོམས་པས་མ་དངུལ་སྒོར་ཁྲི1196བཏང་ནས་ར་ནག་གསོ་སྤེལ་རྟེན་གཞི་ཐོག་མ་དེ་བསྐྲུན་པ་དང་། མིག་སྔར་ར་ནག་གསོ་སྤེལ་རྟེན་གཞིར་རྒྱུ་སྤུས་དག་པའི་ར་ནག་མགོ་གྲངས6200ལས་བརྒལ་ཡོད་ལ། ཉེ་འགྲམ་གྱི་མདོག་གསུམ་མཚེའུ་ཡི་མཛེས་ལྗོངས་ཁུལ་གྱི་ལེགས་ཆར་བརྟེན་ནས་བཟའ་བཏུང་གི་ལེ་ལག་ཚང་བའི་སྒྲིག་བཀོད་འཕེལ་རྒྱས་དང་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་བྱས་པས། ར་ནག་ཐོན་ལས་དེ་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་སྒུལ་ནུས་གསར་པ་ཞིག་ཏུ་གྱུར་ཡོད། །

པར་འདི་ནི་དཔལ་འབར་རྫོང་ར་ནག་གསོ་སྤེལ་རྟེན་གཞིའི་དཔལ་འབར་ར་ནག་རེད།

པར་འདི་ནི་དཔལ་འབར་རྫོང་ར་ནག་གསོ་སྤེལ་རྟེན་གཞིའི་ལས་དོན་མི་སྣས་རེའུ་ཡི་བདེ་ཐང་གནས་ཚུལ་ལ་ཞིབ་བཤེར་བྱེད་པའི་རྣམ་པ་རེད།

པར་འདི་ནི་དཔལ་འབར་རྫོང་ར་ནག་གསོ་སྤེལ་རྟེན་གཞིའི་དཔལ་འབར་ར་ནག་རེད།

པར་འདི་ནི་དཔལ་འབར་རྫོང་ར་ནག་གསོ་སྤེལ་རྟེན་གཞིའི་ཉེ་འཁོར་དུ་ཁ་ཐོར་གསོ་བའི་དཔལ་འབར་ར་ནག་རེད།

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།
རྩོམ་སྒྲིག་འགན་ཁུར་བ། : ཀླུ་མོ་མཚོ།