ཀྲུང་གོ་བོད་ཀྱི་དྲ་བ།

མངའ་རིས་ས་ཁུལ་གྱིས་འཁྱགས་རོམ་ཐོན་ཁུངས་སྲུང་སྐྱོང་ལས་དོན་ལེགས་པོར་སྒྲུབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་རང་བྱུང་ཐོན་ཁུངས་ཅུའུ་ཡིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་རྒྱུན་འཁྱོངས་བྱས་ནས། “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་དང་། གངས་རི་འཁྱགས་རོམ་ཡང་གསེར་རི་དངུལ་རི་ཡིན”པའི་འདུ་ཤེས་ལག་ལེན་དོན་འཁྱོལ་གྱིས་ཕྱོགས་ཡོངས་ནས་ས་ཁུལ་ཡོངས་ཀྱི་འཁྱགས་རོམ་གནས་ས་དང་གྲངས་ཀ། རྒྱ་ཁྱོན་སོགས་ལ་རྒྱུས་ལོན་བྱས། རྟོག་ཞིབ་གཞི་གྲངས་ལས་མངོན་པ་ལྟར་ན། མངའ་རིས་ས་ཁུལ་གྱི་རྫོང7དུ་འཁྱགས་རོམ་བསྡོམས་པས19507ཡོད་པ་སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ5151.24ཟིན་ཡོད།

མངའ་རིས་ས་ཁུལ་རང་བྱུང་ཐོན་ཁུངས་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་ལྟར་ན། འཛམ་གླིང་ཡོངས་ཀྱི་གནམ་ཟླ་ཇེ་དྲོར་འགྲོ་བ་དང་བསྟུན་མངའ་རིས་ས་ཁུལ་འཁྱགས་མཚོ་རགས་ཁ་ཤོར་བའི་གནོད་འཚེ་འབྱུང་དང་འབྱུང་བཞིན་ཡོད་པས། དེ་ལས་འབྱུང་སྲིད་པའི་རྡོ་རུད་ལས་ཐོན་པའི་གྱོང་གུན་ཡང་ལོ་རེར་མང་དུ་འགྲོ་བཞིན་ཡོད། 

དེ་བས། མངའ་རིས་ས་ཁུལ་རང་བྱུང་ཐོན་ཁུངས་ཅུའུ་ཡིས་ཧུར་ཐག་གིས་བོད་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིན་གྱི་ལས་དོན་སོ་སོའི་བཀོད་འདོམས་ལག་བསྟར་བྱས་ནས། འབྲེལ་ཡོད་སྡེ་ཚན་དང་སློབ་གླིང་། ལེགས་སྒྲིག་བྱས་པའི་རིགས་སོ་སོའི་རང་རྒྱལ་གྱིས་བསྐྲུན་པའི་དབྱེ་ཚད་མཐོ་བའི་འཁོར་སྐར་གཞི་གྲངས་དང་མཉམ་འབྲེལ་གྱིས་ཕྱི་རྒྱལ་གྱི་འཁོར་སྐར་རྒྱང་ཚོར་གཞི་གྲངས་དང་ཕྱོགས་བསྡུས་བྱས་ནས། ད་ཡོད་རྒྱང་ཚོར་འཁྱགས་རོམ་ལྟ་ཞིབ་ཚད་འཇལ་གཞུང་ལུགས་ཐབས་ལམ་རྨང་གཞི་བཟུང་སྟེ་རྒྱུན་མཐུད་ངང་འཁོར་བསྐྱོད་ཐུབ་པའི་འཁྱགས་རོམ་འགྱུར་ལྡོག་རྒྱང་ཚོར་ལྟ་ཞིབ་ཚད་འཇལ་མ་ལག་བསྐྲུན། དེས་མངའ་རིས་ས་ཁུལ་གྱི་འཁྱགས་རོམ་ལ་བར་སྣང་ནས་དབྱེ་ཚད་མཐོ་བའི་ངང་ལྟ་ཞིབ་ཚད་འཇལ་བྱེད་ཐུབ་པ་མ་ཟད། འཁྱགས་རོམ་འཁོར་བསྐྱོད་མྱུར་ཚད་དང་གས་ཆག་བྱུང་བའི་འགྱུར་ལྡོག རྒྱ་ཁྱོན་འགྱུར་ལྡོག གོ་རིམ་འགྱུར་ལྡོག་སོགས་ལྟ་ཞིབ་ཚད་འཇལ་བྱེད་ཐུབ། ད་དུང་མདོ་དབུས་མཐོ་སྒང་ཞིབ་འཇུག་ཁང་སོགས་ཀྱི་ཚན་ཞིབ་ཁང་དང་མཉམ་འབྲེལ་གྱིས་འཁྱགས་རོམ་གཙོ་བོར་ས་ངོས་ལྟ་ཞིབ་ཚད་འཇལ་བརྒྱུད་དེ་རང་འགུལ་གནམ་གཤིས་ས་ཚིགས་འཛུགས་པ་དང་། དུས་སྲིང་པར་ཆས་གསལ་བོ་འཛུགས་པ། ལེ་ཏ་ལྟ་ཞིབ་ཚད་འཇལ། མི་མེད་གནམ་གྲུས་ལྟ་ཞིབ་ཚད་འཇལ་སོགས་ཀྱི་ཐབས་ཀྱིས་དུས་ཐོག་ཏུ་འཁྱགས་རོམ་གནམ་གཤིས་ཆ་རྐྱེན་བསྡུ་ལེན་བྱེད་པ་དང་། འཁྱགས་རོམ་ངོས་དང་མཇུག་སྣེའི་འགྱུར་ལྡོག་ཁྱད་ཆོས་བསྡུས་ནས་སྔོན་ན་མགྱོགས་མྱུར་འགྱུར་ལྡོག་བྱུང་བའི་གོ་རིམ་ཁྲོད་ཀྱི་འཁྱགས་རོམ་རྙེད་དེ་གནོད་འཚེ་སྔོན་བརྡ་གཏོང་ཐུབ།

དེ་དང་ཆབས་ཅིག་ཏུ་མངའ་རིས་ས་ཁུལ་གྱི་རྫོང་སོ་སོའི་མི་དམངས་སྲིད་གཞུང་གིས་རང་འགུལ་ཇུས་འགོད་ཀྱིས་འཁྱགས་རོམ་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། འཁྱགས་རོམ་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་འགོག་པ་དང་ཕྱུགས་འཚོ་བའི་མང་ཚོགས་དང་ཕྱི་མི་ལ་སྣེ་ཁྲིད་གང་ལེགས་བྱས་ནས་འཁྱགས་རོམ་ཡོད་སར་འགྲོ་བའི་གནས་གཙོ་བོར་འགོག་པ་དང་། འཁྱགས་རོམ་མཐའ་འཁོར་དུ་འབྲོག་མི་འགུལ་བསྐྱོད་ཉུང་གཏོང་བྱས་ནས་འཁྱགས་རོམ་ལ་གནོད་པ་སྐྱེལ་བར་བཀག་འགོག་བྱས། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།