ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཉི་མ་རྫོང་དུ་ཆག་སྒོ་སློང་བའི་གསའ་ཞིག་རང་བྱུང་ཁམས་སུ་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།


ཟླ5བའི་ཚེས7ཉིན། ཉི་མ་རྫོང་རི་སྐྱེས་སྲོག་ཆགས་དོ་དམ་སྲུང་སྐྱོང་མི་སྣས་གསའ་བཅུག་པའི་ལྕགས་དྲ་སྲ་བརྟན་དུ་གཏོང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས7ཉིན། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་རི་སྐྱེས་སྲོག་ཆགས་དོ་སམ་སྲུང་སྐྱོང་རུ་ཁག་གིས་གསའ་ཞིག་རང་བྱུང་ཁམས་སུ་བཏང་།

ངོ་སྤྲོད་ལྟར་ན། ནར་སོན་པའི་གསའ་དེ་ཡིས་ཟླ5བའི་ཚེས5དགོང་མོ་ཉི་མ་རྫོང་ཉི་མ་གྲོང་རྡལ་གྲོང་ཚོ4བའི་ཁྱིམ་ཚང་ཞིག་གི་ལུག་ར་ནང་འཛུལ་ཏེ་ལུག4བསད་པ་དང་། ས་གནས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་སྡེ་ཚན་གྱིས་གནས་ཚུལ་ཡར་ཞུ་ཐོས་རྗེས་ཉིན་གཉིས་པའི་ཞོགས་པར་གསའ་ལ་ཚོད་འཛིན་བྱས།

ཞིབ་བཤེར་བྱས་པ་བརྒྱུད། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་སྡེ་ཚན་གྱིས་གསའ་ཡི་ལུས་པོ་བདེ་ཐང་ཡིན་པ་དང་རྨས་སྐྱོན་ཐེབས་མེད་པ་རྟོགས་རྗེས། གསའ་དེ་མི་མེད་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ལྟེ་གནས་ཁུལ་དུ་སྐྱེལ། ། 


ཟླ5བའི་ཚེས7ཉིན། ཉི་མ་རྫོང་རི་སྐྱེས་སྲོག་ཆགས་དོ་དམ་སྲུང་སྐྱོང་མི་སྣས་གསའ་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་གཏོང་བཞིན་པ།


ཟླ5བའི་ཚེས7ཉིན། ཉི་མ་རྫོང་རི་སྐྱེས་སྲོག་ཆགས་དོ་དམ་སྲུང་སྐྱོང་མི་སྣས་གསའ་རང་བྱུང་ཁམས་སུ་བཏང་བ།


འདི་ནི་རང་བྱུང་ཁམས་སུ་བཏང་བའི་གསའ་ཡིན།

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།