ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་མངས་རིས་ས་ཁུལ་གྱིས་ཤེས་བྱའི་བདག་དབང་དྲིལ་སྒྲོག་གཟའ་འཁོར་གྱི་བྱ་འགུལ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྔར་ལས་ལྷག་པའི་སྒོ་ནས་ཤེས་བྱའི་བདང་དབང་ལ་བརྩི་བཀུར་དང་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཇེ་ཆེར་བཏང་ནས། མངའ་རིས་ས་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་ཆེད། ཉེ་ཆར་མངའ་རིས་ས་ཁུལ་ཁྲོམ་ར་ལྟ་ཞིབ་ཅུའུ (ཤེས་བྱའི་བདག་དབང་ཅུའུ)ཡིས“ཤེས་བྱའི་བདག་དབང་སྒྱུར་ཞིང་བེད་སྤྱོད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ”ཞེས་པ་བརྗོད་དོན་གཙོ་བོར་བཟུང་ནས་ཤེས་བྱའི་བདག་དབང་དྲིལ་སྒྲོག་གཟའ་འཁོར་གྱི་བྱ་འགུལ་རབ་དང་རིམ་པ་སྤེལ།

རྒྱུས་ལོན་ལྟར་ན། བྱ་འགུལ་ཁྲོད་ཡུལ་དངོས་སུ་སྤྱི་ཕན་བརྙན་གཏོང་བ་དང་། ཚོང་རྟགས་དང་ཆེད་ཁེའི་ཐོ་འགོད་སྙན་ཞུའི་འགྲོ་ལུགས་རི་མོ། ཚོང་རྟགས་དབང་གནོད་གྱོད་དཔེའི་རི་མོའི་དྲིལ་སྒྲོག་པང་ལེབ་བཟོ་བ། དྲིལ་སྒྲོག་ལག་དེབ་དང་དྲིལ་སྒྲོག་དངོས་རྫས་སྤྲོད་པ། ཤེས་བྱའི་བདག་དབང་སྐོར་གྱི་དྲི་བ་དང་འབྲེལ་ཡོད་ཁྲིམས་ལུགས་སོགས་བསྒྲགས་པ་བཅས་ཀྱིས་མང་ཚོགས་ལ་ཤེས་བྱའི་བདག་དབང་གང་ཞིག་ཡིན་པ་དང་། ཤེས་བྱའི་བདག་དབང་ལ་གནོད་པ་སྐྱེལ་ན་ཁྲིམས་ལུགས་ཀྱི་མཇུག་འབྲས་གང་ཞིག་དང་ལེན་བྱེད་དགོས་པའི་ཤེས་བྱ་ཁྱབ་གདལ་བཏང་། གཞན་ཡང་རྒྱ་ཆེའི་མང་ཚོགས་སྣེ་ཁྲིད་བྱས་ནས་ཤེས་བྱའི་བདག་དབང་སྲུང་སྐྱོང་འདུ་ཤེས་ཆགས་པ་རེད། བྱ་འགུལ་རིང་བསྡོམས་པས《ཚོང་རྟགས་ཁྲིམས་ལུགས》དང《ཆེད་ཁེ་ཁྲིམས་ལུགས》། 《བརྡ་ཁྱབ་ཁྲིམས་ལུགས》སྐོར་གྱི་དྲིལ་སྒྲོག་ལག་དེབ2000ལྷག་སྤྲད་པ་མ་ཟད། དྲིལ་སྒྲོག་དངོས་རྫས་རིགས10ཡི1800དང་མང་ཚོགས་ཀྱི་བློ་འདྲི་མི་ཐེངས100ལྷག་དང་ལེན་བྱས།

ཤེས་བྱའི་བདག་དབང་དྲིལ་སྒྲོག་གཟའ་འཁོར་རིང་། མངའ་རིས་ས་ཁུལ་ཁྲོམ་ར་ལྟ་ཞིབ་ཅུའུ(ཤེས་བྱའི་བདག་དབང་ཅུའུ)ཡིས་ཤེས་བྱའི་བདག་དབང་ལ་གནོད་པ་སྐྱེད་པའི་རིགས་ལ་ནན་ཏན་གྱིས་རྡུང་རྡེག་གཏོང་བའི་ཆེད་དོན་ཞིབ་དཔྱད་སྤེལ་ནས། གཙོ་བོ་སེང་གེ་ཁ་འབབ་གྲོང་རྡལ་ནང་གི་སྒོ་རྩིས་ཁང་ཆེ་བ་དང་། གྱོན་ཆས་ཆེད་འཚོང་ཁང་སོགས་གནས་གཙོ་བོར་བདམས་ཤིང་། ཟས་རིགས་དང་མིང་རྟགས་ལྡན་པའི་གྱོན་ཆས་སོགས་ཀྱི་ཁྱབ་ཁོངས་སུ་ཤེས་བྱའི་བདག་དབང་ཕྱོགས་རྫུན་མ་དང་རྫུན་ཞན་གནད་དོན་ཡོད་མེད་ཞིབ་བཤེར་བྱས། ཞིབ་བཤེར་གནས་ཚུལ་དང་ཟུང་འབྲེལ་ངང་དུས་ཐོག་ཏུ་ཚོང་གཉེར་མཁན་ལ་ཤེས་བྱའི་བདག་དབང་སྐོར་གྱི་རྨང་གཞི་ཤེས་བྱ་ཁྱབ་གདལ་བཏང་ནས། ཚོང་གཉེར་མཁན་གྱིས་ཚོང་རྫས་ཤེས་བྱའི་བདག་དབང་གི་ཤེས་རྟོགས་དང་དོ་དམ་ལ་ཤུགས་སྣོན་དགོས་པའི་རེ་བ་བཏོན་པ་དང་། ཚོང་ལམ་གསལ་བོར་ཤེས་ནས་ཤེས་བྱའི་བདག་དབང་རང་བཤེར་རྒྱུན་རྣམ་ཅན་དང་། ཤེས་བྱའི་བདག་དབང་ཁྲིམས་འགལ་ཉེན་ཁ་ལས་གཡོལ་བ། “ཤེས་བྱའི་བདག་དབང་སྒྱུར་ཞིང་བེད་སྤྱོད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ”ཞེས་པའི་འཕྲིན་ཐུང་བསྐུར་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྟབས་བདེ་ངང་སྐབས24པའི་འཛམ་གླིང་ཤེས་བྱའི་བདག་དབང་ཉིན་མོའི་བརྗོད་དོན་གཙོ་བོ་རྟོགས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཤེས་བྱའི་བདག་དབང་གི་གོ་རྟོགས་དང་སྲུང་སྐྱོང་འདུ་ཤེས་མཐོ་རུ་བཏང་ནས། བསྡོམས་པས་དྲིལ་སྒྲོག་འཕྲིན་ཐུང་ཁྲི7.5ལྷག་བསྐུར། ཁྲིམས་འཛིན་མི་སྣ་རྩ་འཛུགས་བྱས་ནས་རྫོང་སོ་སོར་བསྐྱོད་དེ་ས་གཤིས་མཚོན་རྟགས་ཐོན་ཁུངས་རྟོག་ཞིབ་ལས་དོན་སྤེལ་ཏེ་ཐུན་མོང་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་དང་ལས་སྣོན་ཟས་རིགས། བོད་སྨན་སོགས་ཀྱི་ཐོན་རྫས་མངའ་རིས་ས་ཁུལ་གྱི་ཤེས་བྱའི་བདག་དབང་སྲུང་སྐྱོང་མིང་ཐོ་ཁྲོད་བཞག་པ་རེད། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།