ཀྲུང་གོ་བོད་ཀྱི་དྲ་བ།

“ལྔ་གཅིག”གུང་གསེང་རིང་བོད་ལྗོངས་ཀྱི་འཛད་སྤྱོད་ལ་འཕར་སྣོན་ཆེན་པོ་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཚོང་དོན་ཐིན་ནས་རྒྱུས་ལོན་ལྟར་ན། “ལྔ་གཅིག”གུང་གསེང་རིང་བོད་ལྗོངས་ཡོངས་ཀྱི་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་རྒྱས་ནས་གུང་གསེང་འཛད་སྤྱོད་འཕར་སྣོན་ཆེན་པོ་བྱུང་། གུང་གསེང་རིང་ལ་ཚོང་དོན་སྡེ་ཚན་གྱིས་ཞིབ་བཤེར་བྱས་པའི་གཙོ་གནད་སིལ་འཚོང་དང་བཟའ་བཏུང་ཁེ་ལས་ཀྱིས་བསྡོམས་པས་ཕྱིར་འཚོང་དངུལ་གྲངས་སྒོར་དུང་ཕྱུར2.64མངོན་འགྱུར་བྱུང་ནས་དུས་མཉམ་ལས11.9%འཕར།

འཛད་སྤྱོད་དམིགས་ཚད་འཕར་སྣོན་བྱུང་བ་དང་སྲིད་ཇུས་ཀྱིས་རྒྱུན་མཐུད་ངང་ཤུགས་བཏོན་པ། འཛད་སྤྱོད་ལས་རྣམ་མུ་མཐུད་དུ་ཕུན་ཚོགས་སུ་གྱུར་བ། རིག་གནས་ཡུལ་སྐོར་འཛད་སྤྱོད་ཚ་རླབས་ཡོངས་སུ་རྒྱས་པ། བརྗོད་དོན་གཙོ་བའི་འཛད་སྤྱོད་སྐུལ་འདེད་མི་ཆད་པ་སོགས་ཀྱི་ཕྱོགས་ནས་འབྲེལ་བ་དམ་ཟབ་ཡིན་པ་བཅས་རེད། “2024འཛད་སྤྱོད་སྐུལ་འདེད་ལོའི”ལས་དོན་ཇུས་འགོད་བཏོན་པའི་རྗེས་སུ་བོད་ལྗོངས་ཀྱིས་འཛད་སྤྱོད་ལ་སྐུལ་འདེད་བྱེད་པའི་སྲིད་ཇུས8ཕྱིར་བཏོན་པའི་ཁྲོད་རླངས་འཁོར་འདུག་རིན་ཆག་ཡང་དང་རྩ་ཆག་གཏོང་བ་དང་། རིག་གནས་ཡུལ་སྐོར་འཛད་སྤྱོད་རྒྱ་བསྐྱེད་པ། དམངས་ཕན་འཛད་སྤྱོད་བྱང་བུ་སྤྲོད་པ། ཕྱོགས་ཡོངས་ནས་རླངས་འཁོར་འཛད་སྤྱོད་ལ་སྐུལ་འདེད་བྱེད་པ། འཛད་སྤྱོད་བྱ་འགུལ་རབ་དང་རིམ་པ་སྤེལ་བ། སྡོད་ཁང་འཛད་སྤྱོད་སོགས་ཀྱི་ཕྱོགས8བཏོན་པ་རེད། གུང་གསེང་རིང“བདེ་སྐྱིད་བོད་ལྗོངས·འཚོ་བ་ལོངས་སྤྱོད”ཞེས་པ་བརྗོད་དོན་གཙོ་བོར་འཛིན་པའི་འཛད་སྤྱོད་ལ་སྐུལ་འདེད་དམངས་ཕན་སྲིད་ཇུས་རྒྱུན་མཐུད་ངང་ལག་བསྟར་བྱས་པས། རླངས་འཁོར་དང་ཁྱིམ་ཆས་ཁ་གསབ། བཟའ་བཏུང་། སྣུམ། ཚོང་ཁང་སོགས་ཀྱི་ཁྱབ་ཁོངས་ཀྱི་འཛད་སྤྱོད་བྱང་བུ་སྤྲད་པས་ཐད་ཀར་དུ་འཛད་སྤྱོད་འཕར་སྣོན་སྒོར་ཁྲི3900མངོན་འགྱུར་བྱུང་ཞིང་། སྡོད་དམངས་འཛད་སྤྱོད་ཧུར་སེམས་བསྐྱེད་པའི་ཐད་ནུས་བ་འདོན་སྤེལ་བྱས།

ཟླ5བའི་ཚེས2ཉིན། ལྷ་ས་གྲོང་ཁྱེར་གྱི“ཀྲུང་ཧྭ་མངར་ཟས·བོད་ལྗོངས་བྲོ་བ”ཞེས་པའི་མངར་ཟས་སྲང་ལམ་སྒོ་འབྱེད་མཛད་སྒོ་ལྷ་སའི་ཚོང་ལས་སྲང་ལམ་ནས་སྤེལ་ཞིང་། སྲང་ལམ་སྒོ་འབྱེད་པའི་མཛད་སྒོ་ཐོག་ལྷ་ས་གྲོང་ཁྱེར་གྱི་མཚན་མོའི་དཔལ་འབྱོར་དཔེ་སྟོན་ཁུལ་དང3Aརྒྱལ་ཁབ་རིམ་པའི་ཡུལ་སྐོར་ལྗོངས་ཁུལ་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ། “མཐོ་སྒང་གི་མངར་ཟས་ཀྱི་ཞིང་ཁམས”བཏོད་པའི་གྲོང་ཁྱེར་མིང་བྱང་གྲས་ཤིག་ཡིན་པའི་ངོས་ནས། ལྷ་སའི་མངར་ཟས་སྲང་ལམ་གྱིས་ཆེད་དུ“མངར་ཟས་ཁྲོམ་རའི”མངར་ཟས་ཁང32བཏོད་པ་རེད།

རིག་གནས་དངོས་མང་འགྲེམ་སྟོན་གླེང་རྟགས་ལ་ཉན་པ་དང་། རིག་གནས་དངོས་མང་འགྲེམ་སྟོན་ཁྲོམ་ར་རྒྱུ་པ། དམངས་སྲོལ་ལྷ་མོ་ཟློས་གར་ལྟ་བ་སོགས། “ལྔ་གཅིག”གུང་གསེང་རིང་ལ་ནོར་བུ་གླིང་ག་ཡིས་རིག་གནས་བྱ་འགུལ་རབ་དང་རིམ་པ་སྤེལ་ཞིང་། དུས་ཆེན་རིག་གནས་ཁོར་ཡུག་ཕུན་སུམ་ཚོགས་སུ་བཏང་བས་ཡུལ་སྐོར་པ་མང་པོའི་ཡིད་སེམས་བཀུག ཞེ་ཁྲེང་ཡུལ་སྐོར་གཞི་གྲངས་ལས་མངོན་པ་ལྟར་ན། “ལྔ་གཅིག”གུང་གསེང་དམིགས་ས་བོད་ལྗོངས་ཡིན་པའི་གནམ་གྲུ་པ་སེ་མངག་ཐོ་དུས་མཉམ་ལས7%གྱིས་འཕར་བ་དང་། བོད་ལྗོངས་ཀྱི་མགྲོན་ཁང་མངག་ཐོ་དུས་མཉམ་ལས4%འཕར་ཡོད། དེ་ནང་ལྷ་ས་གྲོང་ཁྱེར་གྱི་མགྲོན་ཁང་མངག་ཐོའི་ཚ་ཚད་དུས་མཉམ་ལས་བརྒྱ་ཆའི་བཞི་འཕར་ཞིང་། ཆབ་མདོ་གྲོང་ཁྱེར་གྱི་མགྲོན་ཁང་མངག་ཐོའི་ཚ་ཚད་དུས་མཉམ་ལས་བརྒྱ་ཆའི་ལྔ་འཕར་བ། ལྷོ་ཁ་གྲོང་ཁྱེར་གྱི་མགྲོན་ཁང་མངག་ཐོའི་ཚ་ཚད་དུས་མཉམ་ལས་བརྒྱ་ཆའི་དགུ་འཕར་ཡོད། ལྗོངས་ཁུལ་ཕྱོགས་ནས་ཕོ་བྲང་པོ་ཏ་ལ་ནི་ཡུལ་སྐོར་པ་ཆེས་མང་བའི་ལྗོངས་ཁུལ་དུ་གྱུར་ནས་འཚོལ་ཞིབ་ཚ་ཚད་དུས་མཉམ་ལས102%འཕར་ཡོད། 

ལྷ་ས་ཝན་ཏཱ་ཐང་ཆེན་དང་ཐན་ཧའེ་ཚོང་ལས་སྲང་ལམ་སོགས་ཀྱི་ཚོང་ལས་ཕྱོགས་བསྡུས་དང་ཚོང་ལས་སྲང་ལམ་གྱིས་གོ་སྐབས་དམ་འཛིན་བྱས་ནས། གཟིགས་སྐྱོང་ཆག་ཡང་དང་གསར་གཏོད་ཁྲོམ་ཚོགས། བརྗོད་དོན་གཙོ་བའི་མཚན་མོའི་ཁྲོམ་ར། ཕན་ཚུན་བརྗེ་རེས་འཁྲབ་སྟོན་སོགས་ཀྱི་ཚོང་ལས་འཛད་སྤྱོད་སྐུལ་འདེད་བྱ་འགུལ་རབ་དང་རིམ་པ་སྤེལ། གཞན་ཡང་། སྐབས་བཅུ་བའི་བོད་ལྗོངས་རྒྱལ་ཁབ་རླངས་འཁོར་འགྲེམ་སྟོན་ཚོགས་འདུ་དང་། 2024ལོའི་བོད་ལྗོངས་ཀྲུང་གོ་དང་ཕྱི་རྒྱལ་ཚོང་རྫས་འགྲེམ་འཚོང་ཚོགས་འདུ། “ལྔ་གཅིག”ཉོ་སྒྲུབ་ནང་འདྲེན་ཚོང་རྫས་འགྲེམ་སྟོན་སོགས་ཀྱི་འཛད་སྤྱོད་སྐུལ་འདེད་གུང་གསེང་རིང་སྤེལ་མགོ་ཚུགས་ནས་དུས་ཆེན་རིང་གི་སྡོད་དམངས་རང་གཤིས་ཅན་དང་སྣ་མང་ཅན་གྱི་ཉོ་སྒྲུབ་དགོས་མཁོ་བསྟུན། ཡུལ་དངོས་འཛད་སྤྱོད་སྐུལ་འདེད་བྱ་འགུལ་རབ་དང་རིམ་པ་སྤེལ་བ་མ་ཟད། དུས་ཆེན་རིང་ཆབ་མདོ་གྲོང་ཁྱེར་གྱི་ཚོང་དོན་སྡེ་ཚན་གྱིས་སྐབས་དྲུག་པའི་དྲ་ཐོག་ནས་ཉོ་འཚོང་རྒྱག་པ་དང་བོད་ལྗོངས་དངོས་བཟང་ཉོ་སྒྲུབ་བྱ་འགུལ་སྤེལ་ཏེ། དངོས་གཉེར་འཛད་སྤྱོད་སྣེ་ཁྲིད་པ་དང་ཆབས་ཅིག་འཛད་སྤྱོད་པར་སྟབས་བདེ་དང་ནུས་མཐོ། གཟིགས་སྐྱོང་གི་དྲ་ཐོག་འཛད་སྤྱོད་རོལ་མྱོང་བྱས། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།