ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་སུ་མང་ཚོགས་ཀྱིས་ལྔ་གཅིག་གུང་གསེང་ལོངས་སྤྱོད་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གནམ་དྭངས་ཤིང་རླུང་འཇམ་པའི་གནམ་གཤིས་ཡག་པོ་ནི་གུང་གསེང་རིང་ཕྱིར་བསྐྱོད་པའི་དུས་བཟང་ཡིན། “ལྔ་གཅིག”ངལ་རྩོལ་དུས་ཆེན་རིང་བོད་ལྗོངས་སུ་རྒྱ་ཆེའི་གྲོང་མི་དང་མང་ཚོགས་ཕྱིར་བསྐྱོད་དེ་ཡང་ན་ཕྱི་རོལ་དུ་འཆམ་འཆམ་ལ་འགྲོ་བ་དང་། ཡང་ན་སྤྱི་གླིང་དུ་ཕྱིན་ནས་གྲུ་ཆུང་སྐོར་བ། ཡང་ན་མངར་ཟས་སྲང་ལམ་དུ་ཕྱིན་པ་རེད། མི་རྣམས་ཚོགས་སྒྲིག་ནས་ཕུན་སུམ་ཚོགས་པའི་བྱ་འགུལ་ཁྲོད་གུང་གསེང་གི་དུས་བཟང་ལ་རོལ་པ་རེད། །


འདི་ནི“ལྔ་གཅིག”གུང་གསེང་རིང་གྲོང་མི་དང་ཡུལ་སྐོར་པ་ཚོ་ལྷ་སའི་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་ནས་གྲུ་ལ་འདུག་པའི་ཚུལ་རེད། 

 

འདི་ནི་ཟླ5བའི་ཚེས2ཉིན་ལྷ་སའི“ཀྲུང་ཧྭའི་མངར་ཟས·བོད་ལྗོངས་བྲོ་བ”ཞེས་པའི་མངར་ཟས་སྲང་ལམ་སྟེང་གྲོང་མི་དང་ཡུལ་སྐོར་པ་ཚོས་བོད་ཀྱི་ལྷ་མོ་ཟློས་གར་འཁྲབ་སྟོན་ལ་ལྟ་བའི་ཚུལ་རེད།


འདི་ནི་ཟླ5བའི་ཚེས3ཉིན་གྲོང་མི་ཞིག་གིས་ལྷ་ཀླུ་བརླན་ས་ནས་དཔེ་ཀློག་བྱེད་བཞིན་པའི་ཚུལ་རེད།

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།