ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་སུ་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་གྲངས་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཐིན་ནས་རྒྱུས་ལོན་ལྟར་ན། དུས་ཚིགས་དང་པོར་བོད་ལྗོངས་སུ་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཚད12.1%ཟིན་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་བརྒྱ་ཆའི་ཚེག6ལས་མཐོ་ནས་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས།

ད་ལོའི་ཚུན། བོད་ལྗོངས་ཡོངས་ཀྱིས་ལས་གཞི་འཛུགས་སྐྲུན་ནན་གྱིས་བཟུང་སྟེ་རྒྱུན་མཐུད་ངང་མགོ་ཁྲིད་ཀྱིས་འགན་ལེན་ལམ་ལུགས་ལ་ཤུགས་བརྒྱབ་པ་དང་། གཙོ་གནད་ལས་གཞི་འཛུགས་སྐྲུན་ནན་གྱིས་ལག་བསྟར་གྱིས་བཟོ་ལས་ཁེ་ལས་མགྱོགས་མྱུར་ལས་མགོ་བསྐྱར་ཚུགས་ལ་ནུས་ཤུགས་ལྡན་པའི་ངང་སྐུལ་འདེད་བྱས། རིམ་པ་སོ་སོའི་སྡེ་ཚན་སོ་སོས་སྔར་ལས་ལྷག་པའི་ངང་རོགས་སྐྱོར་དང་ཞབས་ཞུ་བྱེད་ཤུགས་ཆེ་རུ་བཏང་ནས། བོད་ལྗོངས་ཡོངས་ཀྱི་བཟོ་ལས་ཁེ་ལས་དུས་ཆེན་རྗེས་སུ་ལས་མགོ་བསྐྱར་ཚུགས་མུ་མཐུད་དུ་མཐོ་རུ་ཕྱིན་པ་དང་། གཞི་ཁྱོན་ཡན་གྱི་ལས་མགོ་བསྐྱར་ཚུགས་ཚད་ཟླ2བའི58.4%ནས་ཟླ3པའི90.7%ཟིན་ནས་ཁེ་ལས་ཐོན་སྐྱེད་འཁོར་སྐྱོད་ཐད་འགན་ལེན་གང་ལེགས་བྱས། བཟོ་སྐྲུན་ལས་རིགས་འཕར་ཚད་བུན་ཚད་ནས་འཕར་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཚད་ཆ་རུ་ཐོན།

དུས་ཚིགས་དང་པོར། བོད་ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་སྐྲུན་ལས་རིགས་འཕར་གྲངས་དུས་མཉམ་ལས3.1%འཕར་ཞིང་། འཕར་ཚད་བུན་ཚད་ནས་འཕར་བའི་ཚད་སླེབས་པ་དང་། ཟླ3པའི་ནང11.6%འཕར་ནས་ཟླ་སྔོན་མ་ལས་བརྒྱ་ཆའི་ཚེག50ལ་སླེབས་ཡོད།

དེ་དང་ཆབས་ཅིག་ཏུ་བཟོ་ལས་དངུལ་གཏོང་བརྒྱ་ཆའི་ཚེག28.2འཕར་བ་དང་། དེ་ནང་གློག་ཤུགས་དང་ཚ་ནུས། རླངས་དབུགས་དང་ཆུའི་ཐོན་སྐྱེད་དང་མཁོ་འདོན་ལས་རིགས་ཀྱི་འཕར་ཚད་ལྡབ1.4ཟིན་ནས། བོད་ལྗོངས་ཡོངས་ཀྱི་དངུལ་གཏོང་འཕར་ཚད་བརྒྱ་ཆའི་ཚེག24.8ལ་སླེབས།

ལྕགས་རིགས་སོགས་ཀྱི་འཕར་གྲངས་དང་བསྡུར་ཆོག་པའི་རིན་པ་ཆ་སྙོམས་ཀྱིས་ན་ནིང་ལས་མཐོ་བ། བོད་ལྗོངས་ཀྱི་གཏེར་འདོན་ལས་རིགས་བརྟན་བརླིང་ངང་འཕར་བས་རྨང་གཞི་རང་བཞིན་གྱི་ནུས་བ་མངོན་གསལ་ཡིན། དུས་ཚིགས་དང་པོར་གཏེར་འདོན་ལས་རིགས་ཀྱི་འཕར་གྲངས་དུས་མཉམ་ལས13.6%འཕར་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་གྲངས་མངོན་གསལ་ཡིན།

ཞིང་ཕྱུགས་ཐོན་རྫས་ལས་སྣོན་དང་བོད་སྨན། གྲངས་འཛིན་དཔལ་འབྱོར། ལྗང་མདོག་འཛུགས་སྐྲུན་རྒྱུ་ཆ་སོགས་ཀྱི་ཐོན་ལས་འཕར་གྲངས་ཅུང་མགྱོགས་པའི་ངང་འཕར་བ་དང་། མཐོ་སྒང་གི་སྐོལ་ཆས་གཙོ་བོར་འཛིན་པའི་ཡང་བའི་བཟོ་ལས་མགྱོགས་མྱུར་འཕེལ་རྒྱས་བྱུང་ནས་བོད་ལྗོངས་ཧྲང་ཁྲུའུ་སྐོལ་ཆས་བཟོ་ལས་ཐོན་སྐྱེད་རིན་ཐང་སྒོར་ཁྲི4200ཟིན་ཡོད། ཉེ་ཆར་ཀུང་སི་དེས་ཐེའུ་ཡི་སླ་ངའི་ཐོན་སྐྱེས་སྒྲུབ་རིམ་དངོས་སུ་མགོ་ཚུགས་པ་དང་། ཐོན་སྐྱེད་སྒྲུབ་རིམ5དང་སྒྲིག་སྦྱོར་སྒྲུབ་རིམ5ཡི་ཐོན་སྐྱེད་རྣམ་པ་བཟང་བ་རེད།

ད་ལོར། ནག་ཆུ་དང་གཞིས་ཀ་རྩེ། ཆབ་མདོ། ལྷོ་ཁ། ཉིང་ཁྲི་སོགས་སུ་ཤུགས་འདོན་པ་མངོན་གསལ་ཡིན། བཟོ་ལས་དཔལ་འབྱོར་འཕར་གྲངས་ལ་ཤུགས་བསྣན་པ་རེད། མིག་སྔར་བོད་ལྗོངས་ཀྱི་ས་ཆ་སོ་སོའི་བཟོ་ལས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་རྣམ་པ་ལེགས་ལ། ས་ཆ་སོ་སོས་ཐོན་ལས་རིམ་སྤར་གཙོ་བོར་བཟུང་ནས་ཐོན་ལས་ཕྲེང་འབྲེལ་བརྟན་པོར་འཛུགས་པ་རེད།

བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་ད་ལོའི་ལས་དོན་ཐད་ཀྱི་བཀོད་འདོམས་བརྒྱུད། བོད་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཐིན་གྱིས་སྔ་རྗེས་སུ་ལས་ཁུངས་ཡོངས་ཀྱི་བཀོད་གཏོང་སྐུལ་འདེད་ཚོགས་འདུ་ཐེངས10ལ་བསྡུས་ཤིང་། འགན་ཁུར་མི་སྣས་ཚོགས་པའི་སྣེ་ཁྲིད་དེ་འབྲེལ་གཏུག་གྲོང་ཁྱེར་དུ་བསྐྱོད་དེ་བཀོད་གཏོང་ཐེངས་དྲུག་ལ་བྱས་པ་དང་། གཏིང་ཟབ་སྒོས་གཙོ་གནད་ཁེ་ལས40ལྷག་དང་གླིང་ཁུལ་དུ་བསྐྱོད་དེ་ལྟ་ཞིབ་ཞབས་ཞུ་སྤེལ་བ། ཤུགས་ཡོད་ཚད་ཀྱིས་བཟོ་ལས་དང་གྲངས་འཛིན་དཔལ་འབྱོར་བརྟན་བརླིང་ངང་འཁོར་སྐྱོད་བྱེད་པར་སྐུལ་འདེད་བྱས། གྲོང་ཁྱེར་དང་ས་ཆ་སོ་སོས་ཤུགས་ལྡན་པའི་ངང་ཁྲོམ་རའི་ཡིད་རྟོན་མཐོ་རུ་བཏང་ནས་བཟོ་ལས་དཔལ་འབྱོར་བརྟན་བརླིང་ངང་འཕར་བའི་བྱེད་ཐབས་རབ་དང་རིམ་པ་བཏོན།

བོད་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཐིན་ཁེ་ལས་ཆུང་འབྲིང་ཁྲུའུ་ཡི་ཁྲུང་ཀྲང་ལྷག་པ་ཚེ་རིང་གིས་བསྟན་དོན། སྔར་ལས་ལྷག་པའི་ངང་ཞབས་ཞུ་ཁེ་ལས་རྒྱུན་རྣམ་ཅན་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཁེ་ལས་ཆེ་ཆུང་ཞབས་ཞུ་ཟླ་བེད་སྤྱོད་བྱེད་པ། མུ་མཐུད་དུ་གཙོ་གནད་ཁེ་ལས་འཕར་ཚད་མཐོ་རུ་གཏོང་ཞིང་། གཙོ་གནད་ལས་གཞི་སྔོན་ན་ནུས་བ་ཐོན་པ། ཁེ་ལས་ཆུང་འབྲིང་གིས་གསོ་སྐྱོང་སོགས་བཟུང་ནས་ཁེ་ལས་ལ་ཞབས་ཞུ་སྒྲུབ་པ་དང་ཤུགས་སྣོན་པ། རམ་འདེགས་བཅས་བྱེད་དགོས་ཟེར།

གྲུབ་འབྲས་ལེན་ཐུབ་པ་དེ་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བོ་དང་རིམ་པ་སོ་སོའི་བཟོ་ལས་སྡེ་ཚན་དང་ཁེ་ལས་ཀྱི་འབད་བརྩོན་དང་ཁ་བྲལ་མི་ཐུབ། མིག་སྔར་བོད་ལྗོངས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མགྱོགས་མྱུར་དུས་ལ་སླེབས་ཡོད་པས། གྲོང་ཁྱེར་དང་ས་ཆ། སྡེ་ཚན་སོ་སོས་མཉམ་ཤུགས་གཅིག་ཏུ་བཏོན་ནས་རིགས་སོ་སོའི་ཚོང་གཉེར་གཙོ་གཞི་བདེ་བླག་ངང་འཕེལ་རྒྱས་ཡོང་ནས་སྔར་ལས་ལྷག་པའི་སྒོ་ནས་བཟོ་ལས་ནུས་བ་འདོན་པ་དང་། དུས་རབས་གསར་བའི་བོད་ལྗོངས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྟོབས་ཤུགས་འདུས་པ་རེད། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།