ཀྲུང་གོ་བོད་ཀྱི་དྲ་བ།

ཆེད་མཁས་མི་སྣ་ཟླ་བས་མཐོ་སྒང་གི་ཕྱེ་ལེབ་ལ་ཞིབ་འཇུག་བྱེད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཀར་མདོག་གི་ཁྲ་རིས་ཡོད་པ་དང་ཞིབ་ཕྲ་ལྡན་པའི་གསེར་མདོག་གོར་ཐིག་གི་རི་མོ་ཡོད་པའི་ཕྱེ་མ་ལེབ་སྐྱ་མདོག་ཞིག་བོད་རང་སྐྱོང་ལྗོངས་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་གི་ཞིབ་འཇུག་མི་སྣ་གཞོན་པ་ཟླ་བའི་འབའ་འབུ་ཐོན་ཁུངས་ཞིབ་འཇུག་ཁང་དུ་ལྷིང་འཇུགས་སུ་གནས་ཡོད། ཕྱེ་ལེབ་དེ་རིགས་ནི་ཟླ་བ་དང་ཁོའི་ཚོགས་པས་བོད་ལྗོངས་སུ་གསར་དུ་རྙེད་པའི་ཕྱེ་ལེབ་རིགས300རིགས་ཟིན་ཐོ་བཀོད་པ་ནང་གི་གཅིག་ཡིན། “གསར་རྙེད་རེ་རེ་ནི‘ངོ་མཚར་ཅན’ཞིག་ཡིན་པ་དེས་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་གྱི་གསང་བ་མཚོན་ཡོད། ”ཟླ་བ་ནི་ད་ལོར་ལོ55ཡིན་ཞིང་འབའ་འབུ་རིགས་འབྱེད་ཞིབ་འཇུག་ལས་དོན་གཉེར་ནས་ལོ་ངོ་སུམ་བཅུ་ལྷག་འགོར་ཡོད།

ཕྱེ་ལེབ་ཀྱི་ཚེ་ཐག་ཉིན་བཅུ་ལྷག་མ་གཏོགས་མེད་ལ་རིང་ནའང་ཟླ་འགའ་ཙམ་མ་གཏོགས་མེད། ཡིན་ཡང་ཚན་ཞིབ་ལས་དོན་མི་སྣའི་ལག་ནང་གི་ཞིབ་འཇུག་རྒྱུ་ཆ་ལོག་མ་ཐག་ཕྱེ་ལེབ་དེ་དག་གི་ལྷོད་ཙམ་བཏང་ན་ཡལ་འགྲོ་བའི་མཛེས་བ་དུས་དེར་གནས་པ་རེད། ཟླ་བས་འབའ་འབུ་བསྡུ་ལེན་བྱས་ན་དངོས་རིགས་རྩ་ཆེན་དེ་དག་ལ་རྒྱུས་ལོན་དང་སྲུང་སྐྱོང་བྱས་ནས་མཐོ་སྒང་གི་སྐྱེ་དངོས་དོ་མཉམ་ཐད་ཤུགས་ལྡན་པའི་བརྟེན་ས་མཁོ་འདོན་བྱས།

མཐོ་སྒང་གི་སྨུག་ཕྱིའི་འོད་ཟེར་དྲག་པས་གནམ་གཤིས་འགྱུར་ལྡོག་ཆེ་ལ་ས་གཤིས་ཁོར་ཡུག་རྙོག་འཛིང་ལྡན། གནས་དེ་ནས་འབའ་འབུ་བསྡུ་ལེན་བྱེད་ན་རང་བྱུང་ཁམས་དང་ཉེ་བར་བཅར་བ་མ་ཟད་གནམ་གཤིས་ངན་པའི་ཕྱི་རོལ་ཆ་རྐྱེན་དང་འཐབ་མོ་བྱེད་པ་ཡིན།

ཡིན་ཡང་། དཀའ་ངལ་ལྡན་པའི་རང་བྱུང་ཆ་རྐྱེན་གྱིས་ཟླ་བ་དང་ཁོའི་ལས་གྲོགས་ཚོའི་འབའ་འབུ་ཡི་རྒྱུ་ཆ་བསྡུ་ལེན་བྱ་རྒྱུའི་བརྩོན་སེམས་ནམ་ཡང་འགོག་མ་ཐུབ། ལོ་རེར་ཕྱི་རོལ་ཚན་ཞིབ་ཉིན140ལྷག་དང་ལམ་ཐག་སྤྱི་ལེ་ཁྲི2རྒྱུ་པ་དང་། ཁོ་ཚོས་རྒྱུན་ལྡན་མི་ཡི་སྤོབས་པ་བསྐྱེད་དེ་ཕྱི་རོལ་ནས་བསྐྱོད་པ་དང་ཚན་ཞིབ་ཡུལ་དངོས་ཁྱིམ་དུ་གྱུར་བ་རེད། ལོ་ངོ་སུམ་བཅུ་རིང་ལ་ཁོ་ཚོའི་རྐང་རྗེས་བོད་ལྗོངས་ཀྱི་མཐོ་སྒང་གྲོག་རོང་དང་རྩྭ་ཐང་མཚོ་དང་མཚེའུ་རུ་བཞག་སྟེ་སྔར་ལས་མང་བའི་འབའ་འབུ་ཡི་མ་དཔེ་ལེན་ཆེད་ཡིན།

མེ་ཏོག་གི་ནགས་གསེང་ནི་རློན་ཆེ་བས་འབའ་འབུ་རིགས་ཤིན་ཏུ་མང་། ཟླ་བའི་ཚོགས་པ་ཕྱི་རོལ་དེ་ནས་ཟླ་བཞི་ལྷག་ལ་བསྡད་ནས། ལྟོགས་སྐོམ་དང་ཉི་འོད་ཀྱི་གནོད་པ། མ་འཕྲོད་པ། འབུ་ཡིས་སོ་འདེབས་པ་བཅས་ཀྱིས་རྒྱུ་ཆ་ཁང་ནང་གི་མཐོ་སྒང་གི་མ་དཔེ་ཁྲི་ཕྲག་བསྡུས་པ་རེད།

མཉམ་དུ་ཕྱི་རོལ་ནས་ལས་དོན་སྤེལ་བའི་ལས་གྲོགས་ཞའོ་ཡོན་ཆིང་གིས། རང་ཉིད་ཀྱིས་མེ་ཏོག་ནས་འབའ་འབུ་ཡི་རྒྱུ་ཆ་བསྡུ་སྐབས་སེམས་ཆུང་མ་བྱས་ན་དཔུང་པ་ཧྲིལ་བོར་འབུ་ཡིས་སོ་བཏབ་ནས་དམར་མདོག་གིས་ལོག་པ་རེད་ཟེར།

“ཆུང་དུས་ཕྱེ་ལེབ་མཐོང་དུས་དེ་ནི་ངའི་མི་ཚེའི་ལམ་ཁྲིད་མཁན་ལྟ་བུར་གྱུར་ཡོད”མེ་ཏོག་གསེང་ལ་བབས་པའི་དཀར་མདོག་གི་ཕྱེ་མ་ལེབ་ཀྱིས་བྱིས་དུས་ཀྱི་་ཟླ་བ་ལ་སྤྲོ་བ་ཆེན་པོ་བསྐྱེད་དེ་མཛེས་པའི་ཚེ་སྲོག་དེ་དག་ལ་རྒྱུས་ལོན་བྱེད་པའི་རེ་བ་བཅངས། ནར་སོན་རྗེས་ཟླ་བས་མཐོ་སྒང་གི་འབའ་འབུ་ལ་ཞིབ་འཇུག་བྱེད་མགོ་བརྩམས། 2012ལོར་ཁོ་ནི“ནུབ་རྒྱུད་འོད་འཚེར”ཞེས་པའི་བཅར་འདྲི་མཁས་བ་རུ་གྱུར་ནས་ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན་ནས་སྦྱངས་བ་བྱས།


ཟླ་བས་རྒྱུ་ཆ་ཁང་དུ་ཕྱེ་ལེབ་ཀྱི་མ་དཔེ་ལ་ལྟ་བཞིན་པ།

ཕྱེ་ལེབ་རིགས་ཁོར་ཡུག་གི་འགྱུར་ལྡོག་ལ་ཚོར་བ་རྣོན་པས། དཔྱད་དཔག་དང་མཐོ་སྒང་གི་སྐྱེ་ཁམས་མ་ལག་སྲུང་སྐྱོང་ཐད་ཀྱི་ཁ་ཕྱོགས་སུ་གྱུར་ཡོད། མཐོ་སྒང་སྐྱེ་ཁམས་མ་ལག་གི་ཁྱད་ཡོད་སྐྱེ་དངོས་ཚད་ཡོད་དང་ངེས་ཅན་གྱི་ཕྱེ་ལེབ་རིགས་ལ་བརྟེན་ནས་ཟེའུ་འབྲུ་ཕོ་མོ་སྡེབ་སྦྱོར་བྱེད་པ་དང་། ངེས་ཅན་ཕྱེ་ལེབ་རིགས་མེད་པར་གྱུར་ཚེ་སྐྱེ་དངོས་རྩ་ཆེན་རིགས་དེ་དག་ཡང་རྩ་མེད་དུ་འགྱུར་ངེས། ཡང་སྐྱེ་དངོས་དེ་དག་བརྟེན་ནས་འཚོ་བའི་སྲོག་ཆགས་ཀྱང་མེད་པར་འགྱུར་ངེས་ཡིན།

“ཕྱེ་ལེབ་ནུས་བ”ཞེས་པ་དེས་འགྱུར་ལྡོག་ཆུང་ཆུང་ཞིག་གིས་ཀྱང་བྱ་དངོས་ལ་འགྱུར་ལྡོག་བྱུང་བ་རེད། “གལ་ཏེ་ངའི་ལས་དོན་འདིས་སྐྱེ་དངོས་སྣ་མང་རང་བཞིན་ལ་ཤུགས་རྐྱེན་ཅུང་ཙམ་ཐེབས་ཐུབ་ན། ཧུར་བརྩོན་འདི་ལ་རིན་ཐང་ལྡན་པ་ཡིན”ཞེས་རིགས་གསལ་འབྱེད་དང་གནོད་འབུ་འགོག་པ། དཔེ་རིས་འབྲི་པ་ནས་ཐོན་ཁུངས་སྲུང་སྐྱོང་ཞིབ་འཇུག་བཅས་ཡོད་ཚད་ནི་ཟླ་བ་འབའ་འབུ་ཞིབ་འཇུག་ལས་དོན་ལ་དགའ་བའི་རྒྱུ་རྐྱེན་ཡིན།


ཟླ་བས་སློབ་མར་མཛུབ་སྟོན་བྱས་ནས་ཕྱེ་ལེབ་རིགས་ཀྱི་གནས་ཚུལ་བཀོད་པ།

2017ལོར། ཟླ་བ་ཚོགས་པས《བོད་ལྗོངས་ཀྱི་ཕྱེ་ལེབ་མིང་བྱང》སྒྲིག་ནས་བྱེ་བྲག་གིས་ཕྱོགས་ཡོངས་ནས་བོད་ལྗོངས་སུ་ཁྱབ་པའི་ཕྱེ་ལེབ་རིགས600ལེགས་སྒྲིག་བྱས་པ་མ་ཟད། ཕྱེ་ལེབ་རིགས་སོ་སོའི་གཟུགས་དབྱིབས་དང་ཁྱད་ཆོད། འཚོ་སྡོད་སྐྱེ་དངོས་རིགས་དང་རྨང་གཞིའི་ཁྱབ་ཚུལ་སོགས་ཀྱི་གནས་ཚུལ་བཀོད་ཡོད། ཁོས“《བོད་ལྗོངས་ཕྱེ་ལེབ་ཀྱི་མིང་བྱང》འདི་མུ་མཐུད་དུ་གསར་སྣོན་བྱེད་བཞིན་ཡོད”ཟེར། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།