ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་ས་གྲོང་ཁྱེར་གྱིས་ཚོགས་སྒྲིག་རྣམ་པས་སྐབས་བཞི་བའི་ཀྲུང་གོའི་རྒྱལ་སྤྱིའི་འཛད་སྤྱོད་ཐོན་རྫས་དངོས་མང་འགྲེམ་འཚོང་ཚོགས་འདུར་ཞུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས13ནས་ཟླ4བའི་ཚེས18བར། དུས་ཡུན་ཉིན6གི་སྐབས་བཞི་བའི་ཀྲུང་གོ་རྒྱལ་སྤྱིའི་འཛད་སྤྱོད་ཐོན་རྫས་དངོས་མང་འགྲེམ་འཚོང་ཚོགས་འདུ་ཧེ་ནན་རྒྱལ་སྤྱིའི་ཚོགས་བཤམས་ལྟེ་གནས་ནས་འཚོགས།

བཤམ་ཚོགས་རིང་། ལྷ་ས་གྲོང་ཁྱེར་གྱི་ཚོགས་ཞུགས་ཁེ་ལས་ཀྱིས་ཚོད་ལྟ་བྱས་ནས་ཟ་བ་དང་དྲིལ་སྒྲོག་འོས་སྦྱོར། རྒྱུ་ཆ་སྤྲོད་པ། རིན་མེད་སྤྲོད་པ་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱད་དེ“ལྷ་སའི་དངོས་བཟང”ཁྱད་ལྡན་ཐོན་རྫས་དྲིལ་སྒྲོག་བྱས་པ་མ་ཟད། བློ་འདྲི་ཡོང་བའི་འཛམ་གླིང་གི་ས་ཆ་སོ་སོའི་ཚོང་བ་རྣམས་དང་གཏིང་ཟབ་སྒོས་བརྗེ་རེས་དང་གྲོས་མོལ་བྱས་ནས་ལྷ་སའི་ཁྱད་ཆོད་ལྡན་པ་དང་གཏིང་ཟབ་ནང་དོན་བརྒྱུད་སྤྲོད་བྱས། ཚེས18ཀྱི་ཕྱི་དྲོ་བར་དུ་ལྷ་ས་གྲོང་ཁྱེར་གྱི་བཤམ་ཚོགས་ནང་ཞུགས་པའི་ཚོགས་པས་རྒྱལ་ཁབ་ཕྱི་ནང་གི་ལྟད་མོ་པ་དང་ཚོང་བ་མི་ཐེངས་ཁྲི8100སྣེ་ལེན་བྱས་ཤིང་ཕྱིར་འཚོང་གྲངས་འབོར་སྒོར་ཁྲི100ལྷག་ཟིན་པ། ཉོ་སྒྲུབ་དང་མཉམ་འབྲེལ་འདུན་པ26གྲོས་མོལ་བྱུང་།

དེ་དང་ཆབས་ཅིག་ཏུ་འཛད་སྤྱོད་ཐོན་རྫས་དངོས་མང་འགྲེམ་འཚོང་སྟེགས་བུ་ལ་བརྟེན་ནས། ལྷ་ས་གྲོང་ཁྱེར་གྱིས་ཚོགས་སྒྲིག་རང་བཞིན་གྱིས་བོད་ལྗོངས་ཧེའུ་ནན་ཚོང་འགུགས་མ་འདྲེན་འོས་སྦྱོར་བྱ་འགུལ་ནང་ཞུགས་ནས། ལྷ་སའི་ཚོང་འགུགས་མ་འདྲེན་སྲིད་ཇུས་དྲིལ་སྒྲོག་བརྒྱུདད་དེ་སྤུས་ལེགས་ཁེ་ལས་སྔར་ལས་མང་པོས་ལྷ་སར་མ་དངུལ་གཏོང་ཞིང་ལས་རིགས་དར་བར་ནང་འདྲེན་བྱས། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུའུ་ཡི་འགན་ཁུར་མི་སྣས་ལྷ་ས་ཡིས་མཐོ་སྒང་དཔལ་འབྱོར་སྤུས་ཚད་མཐོ་བའི་སྣེ་ཁྲིད་དམག་བྱེད་པར། ལོ་རྒྱུས་རིག་གནས“མིང་གྲགས་གྲོང་ཁྱེར”དང་ཐོན་ཁུངས་ནུས་བསྩལ“ཕྱུག་གྲོང”། འགྲིམ་འགྲུལ་འགག་རྩའི“གྲོང་ཁྱེར་གལ་ཆེན”། འཛད་སྤྱོད་གསོན་ཤུགས“དར་གྲོང”། བཅོས་སྒྱུར་སྒོ་འབྱེད“གྲོང་གསར”བཅས་ཀྱི་ཕྱོགས་ནས་ལྷ་སའི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ནུས་བསྩལ་དང་ས་ཁོངས་ལེགས་ཆ། ཐོན་ལས་བཀོད་སྒྲིག་ངོ་སྤྲོད་བྱས་ནས་རིགས་ཆེན་པོ6གི་ལྷ་ས་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་སྐོར་གྱི་གཟིགས་སྐྱོང་སྲིད་ཇུས30འོས་སྦྱོར་བྱས་པའི་ནང་ཁྲལ་བསྡུ་སྲིད་ཇུས་དང་། དངུལ་རྩ་སྲིད་ཇུས། ཁ་གསབ་སྲིད་ཇུས། ཐོན་ལས་སྲིད་ཇུས། ཁྲོམ་ར་ནང་ཞུགས་པའི་སྲིད་ཇུས་སོགས་ཀྱི་འབྲེལ་ཡོད་ཆ་འགྲིག་སྲིད་ཇུས་འོས་སྦྱོར་བྱས། ཧེའུ་ཁུ་དང་ལྷ་ས་ཡིས་ཡུལ་སྐོར་དང་རིག་གནས། དངུལ་རྩ། ཐོན་ཁུངས། སྨན་བཅོས། ཕྱིར་འཚོང་། ཁྱད་ལྡན་ཐོན་ལས་སོགས་ཀྱི་ཕྱོགས་ནས་བརྗེ་རེས་གཏིང་ཟབ་བྱས་ནས་འཕེལ་རྒྱས་གོ་སྐབས་མཉམ་སྤྱོད་བྱེད་པའི་རེ་བ་བཏོན།

བྱ་འགུལ་རིང་། ལྷ་ས་གྲོང་ཁྱེར་གྱིས་ཚོགས་སྒྲིག་རྣམ་པས་ཧེ་ནན་ཧྲེང་རོང་ཧྲུའུ་ཞུའེ་ཐོན་ལས་གླིང་ཁུལ་དང་། ཧྭ་ཡན་ཅའོ་ཡོན་ཚན་རྩལ་ཚད་ཡོད་ཀུང་སི་སོགས་ཀྱི་ཁེ་ལས་ལ་རྟོག་ཞིབ་བྱས་པ་མ་ཟད། ཧེའུ་ནན་རྒྱལ་སྤྱིའི་དཔལ་འབྱོར་འཕེལ་རྒྱས་ཅུའུ་སོགས་ཀྱི་སྡེ་ཚན་དང་བརྗེ་རེས་དང་བཞུགས་མོལ་གྱིས་མཉམ་གྱིས་ས་ཆ་གཉིས་ཀྱི་འཕེལ་རྒྱས་མདུན་ལམ་དང་ཕན་ཚུན་མིག་དཔེ་སྒོ་འབྱེད་ཉམས་མྱོང་ཇུས་འགོད་བྱས་ནས། “ལྷ་སའི་དངོས་བཟང”ཁེ་ལས་རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་རའི་འཛུགས་སྐྲུན་སྟེགས་བུ་སྟེང་བསྐྱོད་དེ་སྤུས་ལེགས་ཐོན་རྫས་སྔར་ལས་མང་བ་རྒྱལ་ཡོངས་དང་འཛམ་གླིང་ཡོངས་སུ་བསྐྱོད་དགོས། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།