ཀྲུང་གོ་བོད་ཀྱི་དྲ་བ།

མངའ་རིས་ས་ཁུལ་གྱིས“དམངས་ཡོངས་དཔེ་ཀློག་དར་སྤེལ། དཔེ་ཀློག་མངའ་རིས་འཛུགས་སྐྲུན”ཞེས་པའི་བྱ་འགུལ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སློབ་མ་གཉིས་ཀྱིས་བྱ་འགུལ་ཡུལ་དངོས་ནས་དཔེ་ཀློག་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཔྱིད་ཟླ་བཞི་བ་ནི་དཔེ་ཀློག་བྱེད་པའི་དུས་ཚིགས་ཡིན། ཟླ4བའི་ཚེས23ཉིན། མངའ་རིས་ས་ཁུལ་གྱིས2024ལོའི་འཛམ་གླིང་དཔེ་ཀློག་ཉིན་མོའི“དམངས་ཡོངས་དཔེ་ཀློག་དར་སྤེལ། དཔེ་ཀློག་མངའ་རིས་འཛུགས་སྐྲུན”ཞེས་པའི་བྱ་འགུལ་གྱི་མགོ་ཚུགས་མཛད་སྒོ་དང་ཀྲུང་ཧྭ་རྩོམ་རིག་ཐེབས་རྩ་ཚོགས་པས་མངའ་རིས་ས་ཁུལ་ལ་ལག་རྟགས་སུ་ཕུལ་བའི་མཛད་སྒོ་སྤེལ། ས་ཆ་དང་ཐད་གཏོགས་སྡེ་ཚན་གྱི་ལས་བྱེད་མི་སྣ་དང་མང་ཚོགས། དགེ་སློབ་ཚོའི་ཚབ་བྱེད་མི་སྣ120ལྷག་བྱ་འགུལ་ནང་ཞུགས།

རྒྱུས་ལོན་ལྟར་ན། ཐེངས་འདིའི་ཀྲུང་ཧྭ་རིག་གནས་ཐེབས་རྩ་ཚོགས་པས་མངའ་རིས་ས་ཁུལ་ལ་རྩོམ་རིག་སྐོར་གྱི་དཔེ་ཆ་བསྡོམས་པས16565ལག་རྟགས་སུ་ཕུལ་ཞིང་། སྤྱིའི་རིན་ཐང་སྒོར་ཁྲི67.5ཟིན་པ་རེད། མཛད་སྒོ་སྟེང་ཐོག་མར་མངའ་རིས་ས་ཨུའི་ཨུ་ཡོན་ནམ། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲུན་ཡོན་གྱིས་ཤིས་ཚིག་ཞུས་ནས། ཡུན་རིང་ལ་མངའ་རིས་ལ་ཐུགས་ཁུར་དང་མངའ་རིས་ས་ཁུལ་དམངས་ཡོངས་དཔེ་ཀློག་ལས་དོན་ལ་རྒྱབ་སྐྱོར་བྱེད་པའི་སྤྱི་ཚོགས་ཀྱི་རིགས་སོ་སོའི་མི་རྣམས་ལ་བཀའ་དྲིན་ཞུ་ཞིང་། ཚང་མས་ཐེངས་འདིའི་དཔེ་ཆ་ལག་རྟགས་སུ་ཕུལ་བའི་མཛད་སྒོ་འདི་གོ་སྐབས་སུ་བྱས་ནས། སྔར་ལས་ལྷག་པའི་ངང་དཔེ་ཀློག་གི་གལ་ཆེན་རང་བཞིན་དང་དཔེ་ཀློག་ལ་དགའ་བ། དཔེ་ཆ་བཟང་བ་ཀློག་པ། དཔེ་ཀློག་ལ་མཁས་བ་སོགས་རྣམ་པ་གསར་བས་སྣེ་ཁྲིད་བརྒྱུད། དཔེ་ཀློག་གིས་གྲུབ་འབྲས་གསར་བ་བསྐྲུན་པ་དང་། སྔར་ལས་ལྷག་པའི་ངང་སློབ་སྦྱོང་ལ་བརྟེན་ནས་ཡིད་ཆེས་བསྐྲུན་པ། སློབ་སྦྱོང་ལ་བརྟེན་ནས་ཤེས་རབ་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་བྱ་སྤྱོད་ལ་སྐུལ་སློང་བྱེད་པའི་རེ་བ་བཅངས་ཡོད། རྗེས་སུ། དམངས་ཡོངས་དཔེ་ཀློག་གྲོས་འདོན་ཡི་གེ་དང་མིང་འགོད་ལན་སྤྲོད། དཔེ་ཆ་དཔེ་ཀློག་སོགས་ཀྱི་ཐབས་བརྒྱུད་དེ་རྒྱ་ཆེའི་ལས་བྱེད་མི་སྣ་དང་མང་ཚོགས་ཀྱིས་དཔེ་ཀློག་གི་དགའ་བ་ལོངས་སུ་སྤྱད་དེ་དཔེ་ཀློག་གི་མཛེས་རོལ་མྱོང་བྱེད་པའི་སྣེ་ཁྲིད་བྱས།

གཞན་ཡང་། དམངས་ཡོངས་དཔེ་ཀློག་ལ་སྣེ་ཁྲིད་ཆེད། ཟླ4བའི་ཚེས23ནས་བཟུང་མངའ་རིས་ས་ཁུལ་ཞིན་ཧྭ་དཔེ་ཁང་གིས་ཉིན8རིང་གི་དམངས་ཕན་དཔེ་ཆ་ཉོ་བའི་བྱ་འགུལ་སྤེལ་བ་དང་། བྱ་འགུལ་རིང་སློབ་དེབ་མ་གཏོགས་དཔེ་ཆ་ཚང་མ8.5ཟུར་གཅོག་གཟིགས་སྐྱོང་བྱ་རྒྱུ་དང་། “དམངས་ཡོངས་དཔེ་ཀློག་གིས་ང་ཚོར་དཔེ་ཀློག་གི་དགའ་སྤྲོ་ལོངས་སུ་སྤྱོད་འཇུག་པ་མ་ཟད། དེ་དང་ཆབས་ཅིག་དམངས་ཡོངས་ཀྱི་བྱང་ཚད་མཐོ་རུ་བཏང་ནས་མི་སྒེར་འཚར་ལོངས་འབྱུང་བའི་ནང་དོན་གལ་ཆེན་ཡིན། ངའི་རེ་བ་ཡིན་ན་བྱ་འགུལ་འདི་ལྟ་བུ་མང་པོ་སྤེལ་ན་ལེགས”ཞེས་ཞིན་ཧྭ་དཔེ་ཁང་གི་དམངས་ཕན་དཔེ་ཆ་ཉོ་བའི་བྱ་འགུལ་ཡུལ་དངོས་སུ་མངའ་རིས་ས་ཁུལ་གྱི་ལས་བྱེད་མི་སྣ་ཞིག་གིས་དེ་ལྟར་བརྗོད། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།