ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་དངུལ་རྩའི་ཞབས་ཞུ་གཙོ་གནད་ཁྱབ་ཁོངས་ཕན་ནུས་མངོན་གསལ་མཐོ་རུ་ཕྱིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་ལམ་ཀྲུང་གོ་མི་དམངས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ནས་རྒྱུས་ལོན་ལྟར་ན། ད་ལོའི་ཚུན་བོད་ལྗོངས་ཀྱི་དངུལ་ཁང་སོ་སོའི་དངུལ་རྩའི་སྒྲིག་གཞི་ཡིས་ཀྲུང་གོ་མི་དམངས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་སྣེ་ཁྲིད་འོག མུ་མཐུད་དུ་ཡིད་རྟོན་དངུལ་བུན་སྒྲིག་གཞི་ལེགས་སུ་བཏང་ནས་གཙོ་གནད་ཁྱབ་ཁོངས་དང་ཞན་ཕྱོགས་ཀྱི་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཡིད་རྟོན་རྒྱབ་སྐྱོར་དངོས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕན་ནུས་མངོན་གསལ་མཐོ་རུ་ཕྱིན། དུས་ཚིགས་དང་པོར་དངུལ་བུན་རིགས་སོ་སོའི་ལྷག་གྲངས་སྒོར་དུང་ཕྱུར6380.75ཟིན་ནས་དུས་མཉམ་ལས13.55%འཕར་བ་རེད།

ངོ་སྤྲོད་ལྟར་ན། བོད་ལྗོངས་ཡོངས་ཀྱི་དངུལ་ཁང་སོ་སོའི་དངུལ་རྩའི་སྒྲིག་གཞི་ཡིས་མུ་མཐུད་དུ་དངུལ་རྩའི་ཞབས་ཞུ་དངོས་གཉེར་དཔལ་འབྱོར་གྱི་ནུས་བ་ལེགས་སུ་བཏང་ནས། རྒྱུན་མཐུད་ངང་ཐོན་ལས་གཉིས་པའི་ཡིད་རྟོན་དངུལ་བུན་གཏོང་སྤྲོད་བྱེད་ཤུགས་ཆེ་རུ་བཏང་བས་དུས་ཚིགས་དང་པོར་བོད་ལྗོངས་ཀྱི་ཐོན་ལས་གཉིས་པའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར2853.17ཟིན་ནས་དུས་མཉམ་ལས30.53%འཕར། དེ་ནང་འཛུགས་སྐྲུན་ལས་རིགས་དང་གློག་ཤུགས། ཚ་ནུས་དང་ཆུའི་ཐོན་སྐྱེད་མཁོ་འདོན་ལས་རིགས་དུས་མཉམ་ལས54.34%འཕར་ཡོད།

དེ་དང་ཆབས་ཅིག་ཏུ་བོད་ལྗོངས་ཡོངས་ཀྱི་དངུལ་ཁང་སོ་སོའ་དངུལ་རྩའི་སྒྲིག་གཞི་ཡིས་མུ་མཐུད་དུ་གྲོང་གསེབ་དངུལ་རྩའི་ཞབས་ཞུ་མ་ལག་འཐུས་ཚང་དུ་བཏང་ནས། དངུལ་རྩའི་ཞབས་ཞུ“ཞིང་གསུམ”ཕན་ནུས་མངོན་གསལ་གྱི་མཐོ་རུ་ཕྱིན། དུས་ཚིགས་དང་པོར་བོད་ལྗོངས་ཀྱི་ཞིང་འབྲེལ་དབུལ་བུན་ལྷག་གྲངས་སྒོར་དུང་ཕྱུར854.47ཟིན་ནས་དུས་མཉམ་ལས12.67%འཕར་ཡོད། དེ་ནང་གྲོང་གསེབ་དངུལ་བུན་དུས་མཉམ་ལས19.51%གིས་འཕར་ཞིང་ཞིང་ཁྱིམ་དངུལ་བུན་དུས་མཉམ་ལས8.07%འཕར་བ་རེད།

གཞན་ཡང་། བོད་ལྗོངས་ཡོངས་ཀྱི་དངུལ་ཁང་སོ་སོའི་དངུལ་རྩའི་སྒྲིག་གཞི་རྩ་འཛུགས་ཀྱིས་སྣ་མང་ཅན་གྱི་དངུལ་རྩའི་ཞབས་ཞུ་བྱ་འགུལ་སྤེལ་ནས། རང་འགུལ་གྱིས་ཁྲོམ་ར་གཙོ་གཞིའི་དངུལ་རྩའི་དགོས་མཁོ་དང་སྦྲེལ་མཐུད་ཀྱིས་ཀུན་ཕན་དངུལ་རྩའི་ཞབས་ཞུ་རྒྱུན་མཐུད་ངང་མཐོ་རུ་བཏང་བ་མ་ཟད། ཁེ་ལས་ཆུང་གྲས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བྱས་ནས་ཁྲོམ་རའི་གཙོ་གཞིའི་གསོན་ཤུགས་དང་ནང་གནས་འཕེལ་རྒྱས་སྒུལ་ཤུགས་ལ་ཤུགས་སྣོན་བརྒྱབ་པས། དུས་ཚིགས་དང་པོར་བོད་ལྗོངས་ཀྱི་ཀུན་ཕན་ཁེ་ལས་ཆུང་གྲས་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར419.77ཟིན་ནས་ཐོག་མར་སྒོར་དུང་ཕྱུར400ལས་བརྒལ་བ་རེད། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།