ཀྲུང་གོ་བོད་ཀྱི་དྲ་བ།

ནག་ཆུ་གྲོང་ཁྱེར་གྱིས་རིག་གནས་རིག་རྩལ“མཐོ་སྒང”ནས“མཐོ་རླབས”ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2023ལོར། བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་རིག་གནས་དགོོངས་པ་མཐའ་གཅིག་ཏུ་ལག་ལེན་དོན་འཁྱོལ་བྱས་པ་དང་། ནག་ཆུའི་གཏིང་ཟབ་པའི་རིག་གནས་ནང་དོན་གྱི་ཞིབ་ཆར་བརྟེན་ནས་མཐོ་སྒང་གི་ཕུལ་བྱུང་ཁྱད་ལྡན་རིག་གནས་རྒྱུན་འཛིན་གསར་གཏོད་ཁུལ་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། ནག་ཆུའི་རིག་གནས་རིག་རྩལ“མཐོ་སྒང”ནས“མཐོ་རླབས”ཕྱོགས་སུ་འཕེལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།

སྟེང་གི་བཀོད་པར་དམ་འཛིན་བྱས་ནས་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོར་བྱས་པ།《ནག་ཆུ་གྲོང་ཁྱེར་གྱི་རིག་གནས་ཐོན་ལས་འཕེལ་རྒྱས་འཆར་འགོད(2023ལོ—2030ལོ)》 བཟོས་པ་དང་། ལྗོངས་ཡོངས་ཀྱི་འཕྲལ་བསྟུན་རྒྱང་སྒྲོག་དྲིལ་བསྒྲགས་སློབ་གསོའི་རོང་འབྲོག་པའི་ཚོད་ལྟའི་ལས་དོན་རྒྱལ་ཁའི་ངང་སྤེལ་བ། མ་དངུལ་སྒོར་ཁྲི1219བཏང་ནས་གྲོང་ཁྱེར་གྱི་སྨྱན་བྱད་མཉམ་འདྲེས་ལྟེ་གནས་རིམ་སྤོར་བསྒྱུར་བཀོད་ལ་སྐུལ་འདེད་བཏང་བ། གྲོང་ཁྱེར་རིམ་པའི་རིག་རྩལ་ཁང་དང་རིག་རྩལ་ཚོགས་པའི་བཅོས་སྒྱུར་ཚོད་ལྟའི་ལས་དོན་ལ་འཆར་འགོད་སྐུལ་འདེད་བཏང་ནས། ཆེད་ལས་རིག་རྩལ་ཤེས་ལྡན་མི་སྣ་གདན་འདྲེན་དང་བསྡུ་ལེན་སོགས་ཀྱི་ལས་དོན་སྤེལ། 

རིག་གནས་བྱ་གཞག་དམ་འཛིན་བྱས་ནས་མི་དམངས་ལ་ཞབས་ཞུ་སྒྲུབ་པ། རིག་རྩལ་འཁྲབ་སྟོན་བྱ་འགུལ་ཐེངས་ཁྲི1.57ལྷག་སྤེལ་བ་དང་། ཕུལ་བྱུང་རིག་རྩལ་བརྩམས་ཆོས188གསར་གཏོད་བྱས་པ། “བཤམས་སྟོན་ཁང་གསུམ་དང་ས་ཚིགས་གཅིག”ཏུ་རིན་མེད་བྱ་འགུལ་ཐེངས3715སྤེལ་ནས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། མང་ཚོགས་རིག་གནས་བྱ་གཞག་ནང་ཞུགས་པའི་ཚོར་སྣང་དང་སྐྱིད་སྣང་མུ་མཐུད་མཐོར་འདེགས་སུ་བཏང་།

རིག་གནས་ཐོན་ལས་དམ་འཛིན་བྱས་ནས་བརྩམས་ཆོས་སྤུས་ལེགས་བཏོན་པ། “འོད་སྟོང་འཕྲོ་བའི་བྱང་ཐང”ཞེས་པའི་རིག་རྩལ་བརྩམས་ཆོས་གསར་གཏོད་མཁོ་སྤྲོད་ལས་གཞི་ལག་བསྟར་བྱས་ཏེ། 《གེ་སར་གྱི་ལོ་རྒྱུས་སྙན་ངག》དང《སྙན་ངལ་གི་གཞུང》སོགས་གར་སྟེགས་འཁྲབ་སྟོན་ཆེ་གྲས་དང་གླུ་གར་ཟློས་གར《བྱང་ཐང》སོགས་གཙོ་གནད་རིག་གནས་ཐོན་ལས་རྣམ་གྲངས་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ་དང་། 《རྨི་ལམ་དུ་སུའུ་ཕུའུ་བུད་མེད་རྒྱལ་ཁབ་འཚོལ་བ》སོགས་ཟློས་གར9དང་དཔེ་ཆ་དེབ7000ལྷག་དཔེ་སྐྲུན་འགྲེམ་སྤེལ་བྱས། 

རིག་གནས་བརྗེ་རེས་དམ་འཛིན་བྱས་ནས་ནག་ཆུའི་ཡིད་དབང་འགུག་ཤུགས་ངོམ་པ། བོད་སྐྱོར་མ་དངུལ་སྒོར་ཁྲི760བརྩོན་ལེན་བྱས་པ་དང་། ཕུལ་བྱུང་རིག་གནས་ལེ་ཚན11སྒྲིག་འཛུགས་བྱས་ནས2023ལོའི་ལུའོ་ཉིང་གི་དཔྱིད་གསར་དུས་ཆེན་གྱི་དགོང་ཚོགས་ལ་ཞུགས་པ།“ཕྱིར་སྐྱོད་པའི”འཐབ་ཇུས་ལ་སྐུལ་འདེད་བཏང་ནས་ནག་ཆུའི་འཁྲབ་སྟོན་མི་སྣ་ཧྲང་ཧའེ་དང་ཁྲེང་ཏུའུ། ཁོན་མིང་སོགས་ས་ཁུལ་དུ་སོང་སྟེ། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་བྱ་འགུལ་གྱི་གྲུབ་འབྲས་སྒྱུར་བ་དང་ནག་ཆུའི་སྲོལ་རྒྱུན་སྐོར་བྲོ་བརྗེ་རེས་འགྲེམ་འཁྲབ་བྱ་འགུལ་ཐེངས10ལྷག་སྤེལ་བ་དང་། ཡུལ་དངོས་ཀྱི་ལྟད་མོ་བ་མི་ཁྲིར་བརྒལ་བ་དང་དྲ་ཐོག་ཏུ་ལྟ་མཁན་མི་ཁྲི་བརྒྱ་ལས་བརྒལ།

རིག་གནས་ཡུལ་སྐོར་མཉམ་འདྲེས་དམ་འཛིན་བྱས་ནས་ནག་ཆུའི་གཟུགས་བརྙན་བཙུགས་པ། རིག་གནས་ལ་བརྟེན་ནས་ཡུལ་སྐོར་གྱི་སྣང་བརྙན་སྐྲུན་པ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་གསལ་བོར་སྟོན་པ་རྒྱུན་འཁྱོངས་བྱས་ཏེ། རིག་རྩལ་གར་སྟེགས་བསྐྲུན་པ་དང་ཡུལ་སྐོར་གླུ་ལེན་གྱི་འོས་སྦྱོར་ཚོགས་འདུ་ཐེངས10སྤེལ་བ་དང་།“ནོར་གནག་ཡག་ཤོས”“སྒེར་འཁོར་སྐོར་བའི་བགྲོད་ལམ་མཛེས་ཤོས”སོགས་དྲིལ་སྒྲོག་འོས་སྦྱོར་སྤེལ་ནས“སྣེ་ཁུལ་གྱི་ནག་ཆུ་དང་གནམ་མཐའི་ཡུལ་སྐོར”ཞེས་པ་དང་རིག་གནས་ཡུལ་སྐོར་གྱི་ཚོང་རྟགས། སྤུས་ལེགས་མཛེས་ལྗོངས་ཁུལ་མང་པོ་ཞིག་རྒྱལ་ཁའི་ངང་བཏོན། ། 

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།