ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་སྐར་མ་རོང་དུ་ཧི་མ་ལ་ཡའི་གདོད་མའི་མཛེས་པར་མྱོང་རོལ་བྱེད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྐར་མ་རོང་ནི་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དང་གཏིང་སྐྱེས་རྫོང་གི་བར་དུ་གནས་ཤིང་། རི་ལུང་ཀུན་ཏུ་མིའི་རྐང་རྗེས་ཤིན་ཏུ་དཀོན་པ་དང་དེ་གར་ཇོ་མོ་གླང་མ་ས་ཁུལ་གྱི་ཉར་ཚགས་ཆེས་ལེགས་པ་དང་རྒྱ་ཁྱོན་ཆེས་ཆེ་བའི་གདོད་མའི་ནགས་ཚལ་སྐྱེ་འཚར་བྱུང་ཡོད་ལ། དུས་རབས20པར་ནུབ་ཕྱོགས་མྱུལ་དཔྱད་པས“འཛམ་གླིང་ཐོག་ཆེས་མཛེས་པའི་གྲོག་རོང”ཞེས་པའི་མཚན་སྙན་བསྩལ་ཡོད།

དེ་དང་ཆབས་ཅིག་འདི་གར་ཇོ་མོ་གླང་མའི་ཤར་ངོས་ཀྱི་མིང་ཐོགས་ཡོད་པ་དང་ནང་ཁུལ་དུ་སྤྱི་ལེ40སྐྱོད་པའི་ཚེ་ཇོ་མོ་གླང་མའི་འདབས་སུ་འབྱོར་བ་དང་། ཇོ་མོ་གླང་མའི་ཤར་གཞོགས་ནས“འཛམ་གླིང་གི་རི་རྒྱུད་མཐོ་ཤོས”ལ་བལྟས་ཆོག འོན་ཀྱང་ཇོ་མོ་གླང་མའི་ཤར་ངོས་ནི་སྲོལ་རྒྱུན་གྱི་རི་འཛེག་ལམ་ཐིག་མིན་པས། སྔོན་ཆད་ས་གནས་འབྲོག་པ་མང་ཚོགས་མ་གཏོགས་གྲོག་རོང་འདི་ཤེས་མཁན་ཧ་ཅང་ཉུང་།

པར་འདི་ནི་ཞོགས་པའི་ཉི་ཟེར་ཧི་མ་ལ་ཡའི་རི་རྒྱུད་དུ་འཆར་བའི་རྣམ་པ་རེད།

ཉེ་བའི་ལོ་འགའི་རིང་། བོད་ལྗོངས་རིག་གནས་ཡུལ་སྐོར་གྱི་འབྲེལ་ཡོད་སྡེ་ཁག་གིས་འདི་གར“ཇོ་མོ་གླང་མའི་ཤར་ངོས་ཀྱི་སྐར་མ་རོང་གི་རྐང་ཐང་ཡུལ་སྐོར་ལམ་ཐིག”བསྐྲུན་ནས། བོད་ལྗོངས་ཡུལ་སྐོར་ཐོན་རྫས་ཀྱི་གཏིང་ཚད་དང་ཞེང་ཚད་སྔར་བས་གཏིང་ཟབ་ཏུ་བཏང་བ་མ་ཟད། ད་དུང་ཡུལ་སྐོར་བས་རྐང་ཐང་གི་རྣམ་པ་སྤྱད་ནས་ཧི་མ་ལ་ཡའི་མཛེས་ལྗོངས་མྱོང་རོལ་བྱེད་པའི་ཡིད་དབང་བཀུགས་ཡོད། ས་གནས་བོད་རིགས་སྣེ་ཤན་པ་དོན་གྲུབ་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། 2018ལོ་ནས་བཟུང་། རྐང་ཐང་ལ་དགའ་ཞེན་མཁན་སྔར་ལས་མང་པོ་སྐར་མ་རོང་དུ་ཡོང་ཡོད་ལ། ང་ཚོའི་སྔོན་ཆད་ཀྱི་འབྲོག་ར་ཡུལ་སྐོར་བ་སྔར་ལས་མང་པོའི་ཡུལ་སྐོར་དམིགས་ཡུལ་ས་གནས་སུ་གྱུར་ཡོད།

ཇོ་མོ་གླང་མའི་སྲོལ་རྒྱུན་ལམ་ཐིག་དང་བསྡུར་ན་ཇོ་མོ་གླང་མའི་ཤར་ངོས་ཀྱི་སྐར་མ་རོང་དུ“གཙང་ཞིང་གསལ་བའི”རྣམ་པ་མངོན་ཡོད་ལ། སྐར་མ་རོང་གི་འཛུལ་སྒོའི་ས་བབ་མཐོ་ཚད་ལ་སྨི3700མ་གཏོགས་མེད་པ་དང་ནང་ཁུལ་དུ་ཆུ་ཚོད་གཅིག་རིང་སོང་རྗེས་ཆུ་རྒྱུན་དང་མེ་ཏོག མཐོ་སྒང་གཞོང་ས་སོགས་མཐོང་ཐུབ། ཟླ4པར། མཐོ་སྒང་གི་དཔྱིད་ཀྱི་དཔལ་ཡོན་རྣམ་པར་བཞད་མེད་པའི་སྐབས་སུ་འདི་གའི་གངས་རི་དང་འཁྱགས་རོམ་གྱི་ཁྲོད་དུ་ཀླ་ཀློ་དང་ཐུན་མོང་མ་ཡིན་པའི་མཛེས་སྡུག་ཞིག་འདུས་ཡོད་ལ། རྐང་ཐང་དུ་སོང་བའི་ཚེ་ཧི་མ་ལ་ཡ་རི་རྒྱུད་ཀྱི་ཕྱོགས་གཞན་ཞིག་ཚོར་ཐུབ།

འདི་ག་མི་མེད་ལུང་སྟོང་ཡིན་མོད། འོན་ཀྱང་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བཞིན་ཡོད། ཁུ་བྱུག་གང་སར་མཐོང་བ་དང་མཐོ་སྒང་གི་ལྕགས་ཏིག་ནག་པོའི་མྱུ་གུ་རྡོ་སྲུབས་དུ་འབུས་པ། ནོར་གནག་དང་གནའ་བ། གོང་མོའི་རྐང་རྗེས་ཁ་བ་མཐུག་པོའི་སྟེང་མཐོང་ཐུབ། ཟླ4པའི་གྲོག་རོང་ཁུལ་གྱི་གང་སར་གཉིད་ལས་སད་གྲབས་ཡོད་པའི་མཛེས་པ་དང་རེ་བ་མངོན་ཡོད།

འདི་ནི་སྐར་མ་རོང་དུ་པར་བླངས་བའི་ནོར་གནག་དང་གངས་རིའི་རྣམ་པ་རེད།

པར་འདི་ནི་སྐར་མ་རོང་དུ་རྐང་ཐང་ལ་འགྲོ་བཞིན་པའི་ཡུལ་སྐོར་བ་རེད།

ཡུལ་སྐོར་བ་སྔར་ལས་མང་པོ་ཇེ་མང་དུ་ཕྱིན་པ་དང་བསྟུན་ནས་དོན་འགྲུབ་ཀྱང་ས་གནས་སྣེ་ཤན་པ་གཞན་དག་དང་འདྲ་བར་ཡུལ་སྐོར་འཕེལ་རྒྱས་ཀྱི་འགན་འཁྲི་ཤེས་རྟོགས་བྱུང་ཡོད། “ང་ཚོས་མཁོ་འདོན་བྱས་པ་ནི་སྣེ་ཤན་པའི་ཞབས་ཞུ་ཁོ་ན་མ་ཡིན་པར། ས་གཞི་འདི་གར་སྲུང་སྐྱོབ་བྱེད་པའི་ཁག་ཐེག་ཀྱང་ཡིན”ད་ལོར་དོན་འགྲུབ་ཀྱི་ཀུང་སིས་ཡུལ་སྐོར་ལས་དོན་ཁང་མང་པོར་མཉམ་ལས་གྲོས་མཐུན་གན་རྒྱ་བཞག་སྟེ། སྣེ་ཤན་ཞབས་ཞུའི་སྤུས་ཚད་མཐོར་འདེགས་དང་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་བསྣན་ཡོད་ལ། ཟླ5པའི་རི་འཛེག་བྱེད་སྒོ་སྤེལ་མགོ་ཚུགས་རྗེས་ཇོ་མོ་གླང་མའི་ཤར་ངོས་སུ་སྔར་ལས་ལེགས་པའི་ཡུལ་སྐོར་བྱེད་སྒོ་སྤེལ་རྩིས་ཡོད།

སྐར་མ་རོང་གི་རྐང་ཐང་ལམ་ཐིག་འཆར་འགོད་དང་གསར་སྤེལ་བྱས་པ་དང་བསྟུན་ནས་ས་གནས་མང་ཚོགས་ཀྱི་འཚོ་བའང་རིམ་བཞིན་ཇེ་ལེགས་སུ་ཕྱིན་ཡོད། ཆེད་ལས་ཅན་གྱི་རི་མཐོའི་སྣེ་ཤན་པ་སྐོར་ཞིག་སྐྱེད་སྲིང་བྱས་ཡོད་ལ། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་ལས་བརྒལ།

པར་འདི་ནི་ཡུལ་སྐོར་བས་སྐར་མ་རོང་གི་སྒར་སར་མཛེས་ལྗོངས་ལ་ལྟ་བཞིན་པའི་རྣམ་པ་རེད།

དེང་སྐབས། མཐོ་སྒང་དུ་སྐྱོད་པ་དང་གདོད་མའི་མཛེས་ལྗོངས་ཁུལ་འདི་གར་སྐྱོད་ནས་མི་དང་སྐྱེ་ཁམས་འཆམ་མཐུན་མཉམ་གནས་བྱེད་ཐབས་འཚོལ་ཞིབ་བྱ་རྒྱུ་དེ་དེང་སང་བོད་ལྗོངས་ཀྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསར་བ་ཞིག་ཏུ་གྱུར་ཡོད། ཡུལ་སྐོར་བ་སྔར་བས་མང་པོ་སྐར་མ་རོང་དུ་ཡོང་ནས་སྔོན་ཆད་འགྲིམ་འགྲུལ་མི་བདེ་བའི་རི་གྲོང་གིས་ཀྱང་ཕྱི་ཕྱོགས་སུ་སྒོ་མོ་ཞིག་ཕྱེས་ཡོད་ལ། མི་རྣམས་ཀྱིས་ཇོ་མོ་གླང་མའི་ཤར་ངོས་སུ་ཕན་ཚུན་གཉིས་ཕན་གཉིས་ཁེ་ཡི་རི་འཛེག་བགྲོད་ལམ་ཞིག་བསྐྲུན་བཞིན་ཡོད། །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།