ཀྲུང་གོ་བོད་ཀྱི་དྲ་བ།

དུས་ཚིགས་དང་པོར་བོད་ལྗོངས་ཀྱི་ཞིང་ལས་ཁྱད་ཐོན་དངོས་རྫས་ཕྱིར་གཏོང་གི་བསྡོམས་འབོར་སྒོར2206.3ཟིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས22ཉིན་གསར་འགོད་པས་ལྷ་ས་འགག་སྒོ་ནས་ཤེས་གསལ་བྱུང་བ་ལྟར་ན། དུས་ཚིགས་དང་པོར་བོད་ལྗོངས་ཀྱི་ཁྱད་ལྡན་ལུག་བལ་དང་ནས་ཆང་། མཐོ་སྒང་རང་བྱུང་འཐུང་ཆུ་སོགས་ཞིང་ལས་ཁྱད་ཐོན་དངོས་རྫས་ཕྱིར་གཏོང་གི་བསྡོམས་འབོར་སྒོར་ཁྲི2206.3ཟིན་ནས་དུས་མཉམ་ལས39.7%འཕར་ཡོད།

ཤེས་གསལ་བྱུང་བ་ལྟར་ན། སྲིད་ཇུས་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་དབང་གིས་ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱི་ཞིང་ལས་ཁྱད་ཐོན་དངོས་རྫས་སྔར་ལས་མང་པོ་རྒྱལ་ཁོངས་ནས་ཕྱིར་གཏོང་ཐུབ་ཡོད། ལྷ་ས་འགག་སྒོས་རང་ས་གནས་ཁྱད་ལྡན་ཐོན་ལས་ཕྱིར་གཏོང་ལ་དམིགས་ནས་ནེ་པ་ལ་སོགས་ཨེ་ཤ་ཡ་ལྷོ་མའི་རྒྱལ་ཁབ་ཀྱི་ཞིང་ལས་ཟས་རིགས་ཐོན་རྫས་ལག་རྩལ་རང་བཞིན་གྱི་ཉོ་ཚོང་བྱེད་ཐབས་ལ་ཞིབ་འཇུག་བྱས་པ་དང་། དེ་མཚུངས་ཀྱི་ཕྱོགས་སྟོན་སྒྲིག་རྩོམ་བྱས་ནས་ཁེ་ལས་ལ་ལག་རྩལ་མི་སྣའི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་ལག་ལེན་དངོས་ཀྱི་གསོ་སྦྱོང་། དེ་བཞིན་བཟོ་རྩལ་ཐོན་སྐྱེད་ལེགས་བཅོས་དང་ཐོན་རྫས་ཚད་གཞིའི་ལག་རྩལ་བློ་འདྲི་མཁོ་འདོན་བྱས་ཏེ། ཁེ་ལས་ཀྱིས་ཐོན་རྫས་སྤུས་ཚད་མཐོར་འདེགས་སུ་གཏོང་བར་ལག་རྩལ་གྱི་འདེགས་སྐྱོར་ཞབས་ཞུ་མཁོ་འདོན་བྱས།

ལྷ་ས་འགག་སྒོའི་ལག་རྩལ་ལྟེ་གནས་ཀྱི་ཀྲུའུ་རེན་ཝང་ཧྲོན་ཀྲི་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ལྷ་ས་འགག་སྒོ་ལག་རྩལ་ལྟེ་གནས་ཀྱིས་མིག་སྔར་གཏེར་ཆུའི་ཞིབ་དཔྱད་ཚད་ལེན་དང་ལྡད་རྒྱག་ཕྱུགས་ཟོག་གི་འགོས་ནད་ཞིབ་དཔྱད་ཚད་ལེན་ཏེ་རྒྱལ་ཁབ་རིམ་པའི་གཙོ་གནད་ཚོད་ལྟ་ཁང2དང་། ས་ཁོངས་རང་བཞིན་གྱི་ཚོད་ལྟ་ཁང3། ཟས་རིགས་ཞིབ་དཔྱད་ཚད་ལེན་ཚོད་ལྟ་ཁང1བཅས་བཀོད་སྒྲིག་བྱས་ཡོད་ལ། རྒྱལ་ཁབ་ཀྱི་ཚད་གཞིའི་ནང་ཞུགས་པ1དང་ས་གནས་ཚད་གཞི8མདོ་འཛིན་སྒྲིག་བཟོ་བྱས་པ། རྒྱལ་ཁབ་ཀྱི་གསར་གཏོད་ཆེད་ཁེ4དབང་ཆ་སྤྲད་པ། གསར་དར་ཆེད་ཁེ7ཉེར་སྤྱོད་བྱས་ནས། རྒྱལ་སྤྱི་དང་རྒྱལ་ནང་དུ་ཕན་ཚུན་ངོས་འཛིན་གྱི་ཚོད་ལྟ་ཁང་གི་སྤུས་ཚད་དོ་དམ་མ་ལག་བཙུགས་ཡོད་པ་དང་། རྒྱལ་སྤྱིའི་ངོས་འཛིན་ཐོབ་པའི་ཞིབ་དཔྱད་ཚད་ལེན་གྱི་སྙན་ཞུའི་ནུས་པ་ལྡན་ཡོད།

རང་ལུས་ལག་རྩལ་གྱི་ཞིབ་དཔྱད་ཚད་ལེན་ལེགས་ཆར་བརྟེན་ནས་ལག་རྩལ་ལྟེ་གནས་ཀྱིས་ཁེ་ལས་ལ་ཕྱིར་གཏོང་གི“ཐོགས་མེད་བགྲོད་ལམ”གསར་འབྱེད་བྱས་ནས“ག་དུས་འབྱོར་ཡང་དེ་འཕྲལ་ཞིབ་བཤེར”མངོན་འགྱུར་བྱུང་བ་དང་། བོད་ལྗོངས་ཀྱི་ཐོན་རྫས་རྒྱལ་ཁོངས་ནས་ཕྱིར་གཏོང་ཐུབ་པར་གཞོགས་འདེགས་བྱས་པ། དུས་ཚིགས་དང་པོར་བསྡོམས་པས་རང་བྱུང་འཐུང་ཆུ་སོགས་བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་མ་དཔེ400ལྷག་ལ་ཞིབ་དཔྱད་ཚད་ལེན་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་ཀྱི་ཞིང་ལས་ཁྱད་ཐོན་དངོས་རྫས་ཀྱི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་མཐོར་འདེགས་སུ་གཏོང་བར་དམིགས་ཏེ། ལྷ་ས་འགག་སྒོས་མུ་མཐུད་དུ“RCEP”“AEO”“དཔང་ཡིག་མང་པོ་གཅིག་སྒྲིལ”སོགས་ཕན་ཡོད་སྲིད་ཇུས་བཟང་པོ་དྲིལ་སྒྲོག་ཁྱབ་གདལ་དུ་བཏང་ནས། ཁོངས་གཏོགས་ཁུལ་གྱི་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཀྱི“གཅིག་ལ་གཅིག་གཏད”ཀྱི་གནད་འཁེལ་ཞབས་ཞུར་ཤུགས་བསྣན་པ་དང་། རང་འགུལ་ངང་བོད་ལྗོངས་ཀྱི་ཐོན་རྫས་ཕྱིར་གཏོང་གནས་ཚུལ་ལ་དབྱེ་ཞིབ་བྱས་ནས་རང་ས་གནས་ཀྱི་ལུག་བལ་དང་ཁུ་ལུ་ཐོན་སྐྱེད་ཁེ་ལས་ནས་སྤྱིར་བཏང་ཐོན་ཡུལ་གྱི་ལག་ཁྱེར་དཔང་ཡིག་རེ་ཞུ་ནས་གཟིགས་སྐྱོང་བྱེད་ཤུགས་སྔར་བས་ཆེ་བའི་ཨེ་ཤ་ཡའི་ཉོ་ཚོང་ཐོན་ཡུལ་གྱི་དཔང་ཡིག་ལེན་པའི་དབར་སྒྱུར་ཏེ། ཁེ་ལས་ཀྱིསFTAསྲིད་ཇུས་ཁེ་སྤོགས་ལོངས་སུ་སྤྱོད་པར་ཁྲིད་སྟོན་བྱས་ནས་ཁེ་ལས་ཀྱི་ཕྱིར་གཏོང་མ་གནས་ཇེ་དམའ་དང་ཕྱིར་གཏོང་རྒྱ་སྐྱེད་དུ་གཏོང་བར་རོགས་འདེགས་བྱས་པ། དུས་ཚིགས་དང་པོར་བོད་ལྗོངས་ཀྱི་ལུག་བལ་ཕྱིར་གཏོང་སྒོར་ཁྲི308.48ཟིན་ནས་དུས་མཉམ་ལས42.4%འཕར་བ་དང་། ལུག་གི་ཁུ་ལུའི་ཕྱིར་གཏོང་སྒོར་ཁྲི1097.53ཟིན་ནས་དུས་མཉམ་ལས18.6%འཕར་ཡོད།

གཞི་གྲངས་ལས་མངོན་པ་ལྟར་ན། དུས་ཚིགས་དང་པོར་ལྷ་ས་འགག་སྒོའི་ནང་འདྲེན་གྱི“སྤྱིའི་འགག་སྒྲོལ་དུས་ཚོད”ཆུ་ཚོད14.58ཡིན་པ་དང་།2017ལོའི་ཟླ12པ(ཆུ་ཚོད77.43)དང་བསྡུར་ན81%ཇེ་ཉུང་དུ་ཕྱིན་ཡོད་པ། ཕྱིར་གཏོང་གི“སྤྱིའི་འགག་སྒྲོལ་དུས་ཚོད”ཆུ་ཚོད0.74ཡིན་པ་དང་།2017ལོའི་ཟླ12པ(ཆུ་ཚོད11.41)དང་བསྡུར་ན94%ཇེ་ཉུང་དུ་ཕྱིན་ཡོད། །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།