ཀྲུང་གོ་བོད་ཀྱི་དྲ་བ།

མངའ་རིས་ས་ཁུལ་གྱིས་ཤེས་ལྡན་མི་སྣ་ནང་འདྲེན་གྱི་ལག་བསྟར་བྱ་ཐབས་བཏོན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མངའ་རིས་ས་ཁུལ་ཨུ་ལྷན་རྩ་འཛུགས་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཤེས་ལྡན་མི་སྣ་ནང་འདྲེན་བྱེད་སྟངས་དང་ཐབས་ལམ་སྔར་ལས་རྒྱ་སྐྱེད་དུ་གཏོང་བ་དང་། ཤེས་ལྡན་མི་སྣའི་སྐྱེ་ཁམས་ལེགས་བཅོས། ཕྱོགས་སོ་སོའི་ཕུལ་བྱུང་ཤེས་ལྡན་མི་སྣ་གཅིག་སྡུད་བྱས་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མངའ་རིས་ལེའུ་གསར་བ་འབད་པའི་རྩོམ་པར་ཤེས་ལྡན་མི་སྣའི་འགན་སྲུང་དང་རིག་སྟོབས་ཀྱི་འདེགས་སྐྱོར་མཁོ་འདོན་བྱ་ཆེད། ཉེ་སྔོན། མངའ་རིས་ས་ཁུལ་གྱིས《མངའ་རིས་ས་ཁུལ་གྱི་ཤེས་ལྡན་མི་སྣ་ནང་འདྲེན་གྱི་ལག་བསྟར་བྱ་ཐབས(ཚོད་ལྟའི་ལག་ལེན)》(གཤམ་དུ《ལག་བསྟར་བྱ་ཐབས》ཞེས་བསྡུ་རྒྱུ)བཏོན་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། 《ལག་བསྟར་བྱ་ཐབས》དེས《བོད་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་དང་ཉེར་མཁོའི་ཤེས་ལྡན་མི་སྣ་ནང་འདྲེན་བྱ་ཐབས》དང《དུས་རབས་གསར་བར་བོད་ལྗོངས་ཀྱི་ཤེས་ལྡན་མི་སྣའི་ལས་དོན་ལེགས་བཅོས་དང་ཤུགས་སྣོན་བྱེད་པའི་སྐོར་གྱི་བྱེད་ཐབས་འགའ་ཤས(ཚོད་ལྟའི་ལག་ལེན)》 སོགས་ཡིག་ཆ་བསྡུ་སྒྲིལ་གང་ལེགས་བྱས་ཏེ། ཤེས་ལྡན་མི་སྣའི་སྲིད་ཇུས་ལ་བརྒྱུད་རིམ་ལྡན་པའི་རིམ་སྤོར་ཐེངས་གཅིག་བྱས་ཡོད།

《ལག་བསྟར་བྱ་ཐབས》ཡིས་མངའ་རིས་ས་ཁུལ་གྱི་དངོས་ཡོད་དགོས་མཁོར་རྐང་ཚུགས་ནས་ནང་འདྲེན་བྱ་ཡུལ་དེ་རྒྱལ་ཁབ་ཕྱི་ནང་གི་རྩེར་སོན་ཤེས་ལྡན་མི་སྣ་དང་རྒྱལ་ཁབ་རིམ་པའི་སྣེ་ཁྲིད་ཤེས་ལྡན་མི་སྣ། ས་ཁུལ་རིམ་པའི་སྣེ་ཁྲིད་ཤེས་ལྡན་མི་སྣ་སོགས་རིགས་དྲུག་གི་ཤེས་ལྡན་མི་སྣར་དབྱེ་སྟེ། ས་གནས་ཀྱི་ཉེར་སྤྱོད་རྣམ་པའི་རྐང་འཛིན་ཤེས་ལྡན་མི་སྣ་ཇེ་མང་དང་རྩེར་སོན་ཤེས་ལྡན་མི་སྣའི་སྐྱེ་སྲིང་དང་རྒྱབ་སྐྱོར་སྔར་བས་འབུར་ཐོན་བྱུང་ནས། གཞི་རིམ་ཤེས་ལྡན་མི་སྣ་ནས་རྩེར་སོན་ཤེས་ལྡན་མི་སྣ་རིམ་པ་སོ་སོར་ཁྱབ་པ་མངོན་འགྱུར་བྱུང་བ། ཤེས་ལྡན་མི་སྣའི་བཟའ་ཟླ་བཀོད་སྒྲིག་དང་བྱིས་པ་སློབ་གྲྭར་ཞུགས་པ། ཁྱིམ་གཞིས་ཆགས་པ། མ་དངུལ་སྤྲོད་པ། སྤྱི་ཚོགས་འགན་བཅོལ། སྡོད་ཁང་། སྨན་བཅོས་ཐོགས་མེད་བགྲོད་ལམ། སྨན་བཅོས་འགན་བཅོལ་སོགས་ཐད་ཀྱི་སྲིད་ཇུས་ཆ་ཚང་བཏོན་ནས། ཆབ་སྲིད་ཐོག་སྐུལ་ལྕག་དང་ལས་དོན་ཐོག་རྒྱབ་སྐྱོར། ཐོབ་ཐང་ཐད་འགན་སྲུང་། འཚོ་བའི་ཐོག་སེམས་ཁུར། སེམས་ཁམས་ཐད་ཐུགས་ཁུར་བྱས་ཏེ། ཤེས་ལྡན་མི་སྣར་གཅེས་སྤྲས་དང་བརྩི་བཀུར། སྲུང་སྐྱོང་བྱེད་པའི་རྣམ་པ་ལེགས་པོ་སྐྲུན་ནས་ཁོངས་གཏོགས་ཀྱི་འདུ་ཤེས་དང་སྐྱིད་སྣང་ཆེ་རུ་བཏང་ཡོད།

《ལག་བསྟར་བྱ་ཐབས》ནང་ད་དུང་ཏང་ཨུའི་གཅིག་གྱུར་མགོ་ཁྲིད་སྔར་བས་འཐུས་ཚང་དང་རྩ་འཛུགས་སྡེ་ཁག་གིས་སྣེ་ཁྲིད་དེ་སྤྱི་འདོམས་དམ་འཛིན། འགན་ནུས་སྡེ་ཁག་དག་གིས་རང་འགན་རང་སྒྲུབ། སྤྱི་ཚོགས་སྟོབས་ཤུགས་རྒྱ་ཁྱབ་ངང་ཟབ་ཞུགས་ཀྱི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་སྟངས་བཏོན་ནས། ཤེས་ལྡན་མི་སྣ་ནང་འདྲེན་བྱ་བར་སྔར་བས་སྟོབས་ལྡན་གྱི་རྩ་འཛུགས་འགན་སྲུང་མཁོ་འདོན་བྱས་ཏེ། རིགས་ཁག་གི་ཤེས་ལྡན་མི་སྣའི་ལས་དོན་བྱེད་ཐབས་དོན་འཁྱོལ་ནུས་ལྡན་ཡོང་བར་འགན་ལེན་ཏན་ཏིག་བྱས།

མངའ་རིས་ས་ཁུལ་ཨུ་ལྷན་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཧོང་ཝུན་ཁའོ་ཡིས་ང་ཚོས་སེམས་ཤུགས་གཅིག་སྒྲིལ་གྱིས་ཤེས་ལྡན་མི་སྣའི་ཞབས་ཞུའི་ལས་དོན་ལེགས་པར་སྒྲུབ་ཏེ། ཐོབ་ཐང་འགན་སྲུང་དོན་འཁྱོལ་ནན་མོ་བྱེད་པ་དང་། རང་སྐྱོང་ལྗོངས་རིམ་པའི་མི་སྒེར་གྱི་ཁ་གསབ་རོགས་རམ་གྱི་རྨང་གཞིའི་ཐོག རིགས་སོ་སོའི་ཤེས་ལྡན་མི་སྣར་ས་ཁུལ་རིམ་པའི་ཁ་གསབ་རོགས་དངུལ་བཀོད་སྒྲིག་བྱས་ནས་མཐོ་ཤོས་སྒོར་ཁྲི400ལ་སླེབས་ཡོད་ཅེས་བསྟན། །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།