ཀྲུང་གོ་བོད་ཀྱི་དྲ་བ།

ཚན་རྩལ་ལ་བརྟེན་ནས་སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་རོགས་འདེགས་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་བོད་བྱའི་ཐོན་ལས་གླིང་གི་ཕྱིའི་བཀོད་པ་རེད།

པར་འདི་ནི་རྣམ་པ་གསར་བའི་བྱ་ཁང་རེད།

པར་འདི་ནི་ལག་རྩལ་མི་སྣས་བྱ་ཁང་གི་བཀོད་པར་ལྟ་ཞིབ་བྱེད་པའི་རྣམ་པ་རེད།

པར་འདི་ནི་ནད་མེད་བྱ་ཕྲུག་གི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཧུའུ་པེ་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གིས་ནང་འདྲེན་བྱས་པའི་བོད་ལྗོངས་ཧོང་ནུང་རིག་ནུས་ཅན་གྱི་བོད་བྱའི་ཐོན་ལས་གླིང་གི་རྣམ་གྲངས་ཀྱིས་ཚན་རྩལ་སྟོབས་ཤུགས་ལ་བརྟེན་ནས། སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་རོགས་འདེགས་བྱས་ཏེ། བོད་བྱ་གསོ་སྤེལ་ལྟེ་བ་ཡིན་པ་དང་གཟན་རྩྭ་ལས་སྣོན་དང་བྱ་སྒོང་དབྱེ་གསེད་ཐུམ་སྒྲིལ། སྐྱེ་ལྡན་ལུད་ཐོན་སྐྱེད། ཞིང་ལས་ཐོན་རྫས་ཀྱི་ཐོག་མའི་ལས་སྣོན། སྐྱེ་ལྡན་འདེབས་འཛུགས་ཀྱི་ཐོན་ལས་ཕྲེང་འབྲེལ་ཧྲིལ་བོའི་འཁོར་སྐྱོད་ཚོང་གཉེར་བཅས་འདུས་པའི་ཞིང་ལས་རྣམ་པ་གྲུབ་ཡོད། །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།