ཀྲུང་གོ་བོད་ཀྱི་དྲ་བ།

ལྷོ་ཁ་གྲོང་ཁྱེར་གྱིས་འཆམ་མཐུན་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་རྣམ་གྲངས106ལག་བསྟར་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི2024ལོའི་ཞིང་སྡེའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་ལས་དོན་གྱི་བཀོད་སྒྲིག་ཚོགས་འདུའི་ཐོག་ཤེས་གསལ་བྱུང་བ་ལྟར་ན། ལྷོ་ཁ་གྲོང་ཁྱེར་གྱིས་བརྟག་བསྡུར་ལ་ལྟ་སྐུལ་སློབ་སྟོན་དང་བཟང་བར་བྱ་དགའ་དང་ངན་པར་ཆད་གཅོད་བྱེད་པར་དམ་པོ་དམིགས་ཏེ། མ་དངུལ་འགན་སྲུང་དང་གཏོང་ཤུགས་ཆེ་རུ་བཏང་ནས་མི་ཚང་མ་ཁོར་ཡུག་ལེགས་བཅོས་ནང་ཞུགས་པ་དང་མི་ཚང་མས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་གྱི་རྣམ་པ་གསར་བ་གཏོད་དགོས། མིག་སྔའི་བར། གྲོང་ཁྱེར་རིམ་པའི་མ་དངུལ་སྒོར་དུང་ཕྱུར11བཏང་ནས་འཆམ་མཐུན་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་རྣམ་གྲངས106ལག་བསྟར་བྱས་ཡོད་པ་དང་། རྫོང་དང་ཤང་གྲོང་ཚོ་རིམ་པ་གསུམ་གྱི་མ་དངུལ་སྒོར་དུང་ཕྱུར5ཙམ་བཏང་སྟེ“གསང་སྤྱོད་གསར་བརྗེ”དང་གད་སྙིགས་གཙང་སེལ་སྐྱེལ་འདྲེན། བཙོག་ཆུ་བཅོས་སྐྱོང་། མི་དང་སྒོ་ཕྱུགས་ལོགས་སུ་གྱེས་པ། སྒྲིག་འགལ་བཟོ་སྐྲུན་བཤིག་པ།“འཚོ་སྡོད་ལ་འཚམ་པའི་ཁྱིམ་གཞིས”མ་དཔེའི་ཚོད་ལྟའི་ས་ཚིགས་སོགས་ལས་དོན་གཙོ་བོར་དམིགས་ནས། “ཉིན་བརྒྱའི་འགག་སྒྲོལ”ལེགས་བཅོས་ཀྱི་མཐོ་རླབས་འཕྱུར་བ་དང་ལེགས་བཅོས་ཕན་འབྲས་ཉིན་བཞིན་མངོན་གསལ་དུ་ཕྱིན་ཡོད།

ལྷོ་ཁ་གྲོང་ཁྱེར་གྱིས་གཙོ་གནད་ལས་འགན་ལ་དམིགས་ནས་འགག་སྒྲོལ་དཀའ་གནད་སེལ་བ་དང་ཁྱིམ་སྤྱོད་གསང་སྤྱོད1500བསྒྱུར་བཀོད་དམིགས་ཚད་ལེགས་པར་འགྲུབ་པ། མིག་སྔར་གྲོང་ཁྱེར་ཡོངས་སུ་བསྡོམས་པས་ཁྱིམ་སྤྱོད་འཕྲོད་བསྟེན་གསང་སྤྱོད་ཁྲི6.27ལྷག་ཡོད་པ་དང་། འཕྲོད་བསྟེན་གསང་སྤྱོད་ཁྱབ་གདལ་དུ་གཏོང་ཚད88.91%ལ་སླེབས་ཡོད། འཕྱོངས་རྒྱས་རྫོང་ཤ་གསོས་ཤང་ཐང་པོ་ཆེ་གྲོང་ཚོ་དང་རྒྱལ་སྨན་ཤང་ཁྲང་དཀར་གྲོང་ཚོ་སོགས་གྲོང་གསེབ་ཁ་ཤས་ཀྱིས་སྐམ་རློན་དབྱེ་འབྱེད་གསང་སྤྱོད་ཁང་བསྐྲུན་ཡོད། གད་སྙིགས་གཙང་སེལ་སྐྱེལ་འདྲེན་གྱི་ཐད། ལྷོ་ཁ་གྲོང་ཁྱེར་གྱིས“ཁྱིམ་དུད་ཀྱིས་འཚོལ་སྡུད་དང་། ཤང་གིས་དབོར་འདྲེན། རྫོང་གིས་ཐག་གཅོད”ཀྱི་རྣམ་པ་ཕྱོགས་ཡོངས་ནས་ལག་ལེན་བྱས་ཏེ། གྲོང་ཚོ(སྡེ་ཁུལ)ཁག་ཏུ་གཙང་སྲུང་མཁན་བཀོད་སྒྲིག་བྱས་པ་དང་། ཀུང་སིའི་ཚབ་གཉེར་ལག་ལེན་བྱས་ནས་གད་སྙིགས་དཀར་པོ་ཏུན8000ལྷག་གཙང་སེལ་བྱས་པ། རོང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་བཅོས་སྐྱོང་ཡོངས་སུ་ཁྱབ་པ། རྒྱ་ཚ་རྫོང་མངར་རབ་གྲོང་རྡལ་སོགས་བཅུ་ཆའི་བདུན་ལས་བརྒལ་བའི་གྲོང་ཚོར(སྡེ་ཁུལ)རིགས་མི་འདྲ་བའི་གད་སྙིགས་དངུལ་བརྗེས་སྒོ་རྩིས་ཁང་བཀོད་སྒྲིག་བྱས་ནས། མང་ཚོགས་ལེགས་བཅོས་ནང་ཞུགས་པའི་ཧུར་ཐག་རང་བཞིན་ནུས་ལྡན་སྒོས་ཆེ་རུ་བཏང་།

བཙོག་ཆུ་བཅོས་སྐྱོང་ལ་དམིགས་ནས་ལྷོ་ཁ་གྲོང་ཁྱེར་གྱིས་རྫོང་མཁར་གྱི་བཙོག་ཆུ་ཐག་གཅོད་བཟོ་གྲྭ10དང་ཤང་དང་གྲོང་རྡལ་གྱི་བཙོག་ཆུ་ཐག་གཅོད་བཟོ་གྲྭ3། སྲིན་པོ་རིའི་ས་བབ་ཧ་ཅང་མཐོ་བའི་སྐྱེ་ཁམས་གནས་སྤོས་ས་ཚུགས་སུ་བཙོག་ཆུ་ཐད་གཅོད་བཟོ་གྲྭ1བཅས་སྐྲུན་པ་དང་། གཞི་ཁྱོན་ཅན་གྱི་གསོ་སྤེལ་ལུད་ཆུ་ཐག་གཅོད་སྒྲིག་བཀོད8སྐྲུན་ནས་གྲོང་ཁྱེར་དང་གྲོང་གསེབ། ཤང་དང་གྲོང་རྡལ། གྲོང་ཚོ་བཅས་སུ་བཙོག་ཆུའི་སྦུག་གུ་སྦྲེལ་མཐུད་བྱས་ཡོད། དེ་དང་ཆབས་ཅིག ཆུ་བོ་དང་གཙང་མའི་འགྲམ་རྒྱུད་དུ“གང་བྱུང་སྔོག་འདོན་དང་། གང་བྱུང་བདག་འཛིན། གང་བྱུང་སྤུང་བ། གང་བྱུང་འཛུགས་སྐྲུན”གྱི་སྣང་ཚུལ་ལ་གྲལ་བཤེར་བྱས་ཏེ། ཆུ་བོ་དང་གཙང་བོའི་གད་སྙིགས་གཙང་སེལ་སྐྱེལ་འདྲེན་དང་ལུང་ཤུར་གྱི་ཆུལམ་གཤོང་བའི་བྱ་སྤྱོད་སྤེལ་བས། གྲོང་ཁྱེར་ཡོངས་ཀྱི་བཙོག་ཆུར་ཐག་གཅོད་ནུས་ལྡན་ཐུབ་པ་དང་གྲོང་གསེབ་ཀྱི་དྭངས་གཙང་ཆུའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་ཐུབ་ཡོད། མི་དང་སྒོ་ཕྱུགས་ལོགས་སུ་གྱེས་པའི་ཐད། ལྷོ་ཁ་གྲོང་ཁྱེར་གྱིས་ཁྱིམ་དུད་མཉམ་འབྲེལ་གྱི་གཅིག་སྡུད་ལོགས་སུ་གྱེས་པ་གཙོར་འཛིན་པ་དང་། ཁྱིམ་ཚང་ནང་ཁུལ་དུ་ལོགས་སུ་གྱེས་པ་གཞོགས་འདེགས་སུ་བཟུང་ནས་བར་སྟོང་ཁ་གྱེས་དང་དངོས་ཁམས་ལ་བརྟེན་པའི་ལོགས་བཀར་ཐུབ་པ། མིག་སྔར་བསྡོམས་པས་མི་དང་སྒོ་ཕྱུགས་ལོགས་སུ་གྱེས་པའི་དུད་ཚང50166ཡོད་པ་དང་ལེགས་འགྲུབ་བྱུང་ཚད80%ལ་སླེབས་པ། རོང་འབྲོག་ཁུལ་གྱི་སྲོལ་རྒྱུན་ཏེ་མི་ཕྱུགས་ལོགས་སུ་མི་གྱེས་པ་དང་ཁང་བའི་མདུན་རྒྱབ་དུ་ཁ་ཐོར་གཉེར་སྐྱོང་གི་གོམས་འདྲིས་ངན་པར་ལེགས་བཅོས་ཅུང་ཆེན་པོ་ཐོབ་ཡོད། །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།