ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་གཞིས་ཀ་རྩེ་ཇོ་རི་གྲོང་རྡལ་གྱིས་ཇོ་རིའི་ཤར་བསྐྱོད་རྐང་ཐང་ཡུལ་སྐོར་ལས་རིགས་གླེང་སྟེགས་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། “རི་བོའི་ཕྱོགས་སུ་བསྐྱོད་པ·མི་ཚང་མ་རི་ལ་འཛེག་མཁན་ཡིན”ཞེས་པའི་ཇོ་རིིའི་ཤར་བསྐྱོད་རྐང་ཐང་ཡུལ་སྐོར་ལས་རིགས་ཀྱིས་སྤེལ་བའི་གླེང་སྟེགས་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་ཇོ་རི་གྲོང་རྡལ་ཆུང་ཆུང་ནས་སྤེལ། བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་། དིང་རི་རྫོང་མི་དམངས་སྲིད་གཞུང་དང་ས་ཆ་མང་པོའི་རིག་གནས་ཡུལ་སྐོར་སྡེ་ཚན་གྱི་འཐུས་མི་ཐེངས་འདིའི་བྱ་འགུལ་ནང་ཞུགས་ནས། ཡུལ་དངོས་སུ་རི་འཛེག་ལུས་རྩལ་པ་དང་རིག་གནས་ཡུལ་སྐོར་ཁེ་ལས། ཡུལ་སྐོར་ཚོགས་པ། ཕྱི་རོལ་སྤྲོ་སྐྱིད་ཁང་སོགས་ཀྱི་ལས་རིགས་འཐུས་མི་གདན་འདྲེན་ཞུས།


གླེང་སྟེགས་ཀྱི་ཡུལ་དངོས།

ཐེངས་འདིའི་བྱ་འགུལ་གྱི་དམིགས་ཡུལ་གཙོ་བོ་ནི། རི་བོ་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་དུས་ཐོན་ལ་ཉེ་བའི་རིང་། ས་ཆ་སོ་སོའི་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་འཐུས་མི་དང་། ཕྱི་རོལ་དུ་བསྐྱོད་དགའ་བ་དག་ཇོ་རི་གྲོང་རྡལ་ཆུང་ཆུང་དུ་འདུས་ནས། མཉམ་གྱིས་ཇོ་རི་ཤར་ཕྱོགས་རྐང་ཐང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཁ་ཕྱོགས་གླེང་བསྟར་སྔར་ལས་ལྷག་པའི་ངང་ཡུལ་སྐོར་ཐོན་རྫས་དང་མིང་གྲགས་ཆོད་དུ་འཇུག་རྒྱུ་དེ་ཡིན།

དིང་རི་རྫོང་ཨུའི་རྒྱུན་ཨུའམ། སྲིད་གཞུང་གི་རྫོང་དཔོན་གཞོན་པ། ཧྲང་ཧེའུ་གྲོང་ཁྱེར་གྱི་སྐོར་བཅུ་བའི་བོད་སྐྱོར་ལས་བྱེད་མི་སྣ་ཀྲུའུ་ཏུང་ཧྥུན་གྱིས“ཐེངས་འདིའི་རྐང་ཐང་ཡུལ་སྐོར་ལས་རིགས་གླེང་སྟེགས་གོ་སྐབས་སུ་བྱས་ནས། དིང་རི་རྫོང་གི་ཡུལ་སྐོར་ཐོན་ཁོངས་ལེགས་སྒྲིག་གིས་དིང་རི་རྫོང་གི་ཡུལ་སྐོར་ལས་གཞི་རྩེ་གྲ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་དང་ཡུལ་སྐོར་རྒྱུ་ཆ་ཕུན་ཚོགས་དང་འཐུས་ཚང་དུ་བཏང་ནས། ཇོ་རིའི་ཤར་བསྐྱོད་རྐང་ཐང་སྤུས་ལེགས་ཐོན་རྫས་གསར་གཏོད་དང་ཁྱབ་གདལ་གཏོང་དགོས། སྔར་ལས་ལྷག་པའི་ངང་དིང་རི་རྫོང་གི་ཡུལ་སྐོར་མིང་གྲགས་ཆོད་ཚད་མཐོ་རུ་གཏོང་དགོས”ཟེར།

ད་ལོར། ཚན་རིག་དང་ལྡན་པ་དང་ཚད་གཞི་ཅན། ཚད་ལྡན་ཅན་གྱིས་ཇོ་རིའོ་ཤར་བསྐྱོད་རྐང་ཐང་ཡུལ་སྐོར་ཐོན་རྫས་ཚོང་གཉེར་བྱ་ཆེད། བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་དང་། གཞིས་ཀ་རྩེ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུའུ་ཡི་རོགས་སྐྱོར་འོག དིང་རི་རྫོང་གིས་ས་གནས་ཅན་གྱི་རྐང་ཐང་ཡུལ་སྐོར་ལས་རིགས་ཞབས་ཞུ་ཀུང་སི་སྟེ་བོད་ལྗོངས་ཁེངས་ཞོང་རྐང་ཐང་ཡུལ་སྐོར་ལས་རིགས་ཀུང་སི་བཙུགས་པ་དང་། ཐེངས་འདིའི་བྱ་འགུལ་ཁྲོད་ཀུང་སི་དེས་དངོས་སུ་ཧྲང་ཧེའུ་ཕྱི་རོལ་དང་མཉམ་འབྲེལ་གྱིས། དིང་རི་རྫོང་ཕུན་ཚོགས་ཁམས་བཟང་ཡུལ་སྐོར་ཚོགས་པ་དང་། བོད་ལྗོངས་ཕུན་ཞང་ཡུལ་སྐོར་ཚོགས་པ་དང་མཉམ་དུ་ཇོ་རིའོ་ཤར་བསྐྱོད་རྐང་ཐང་ཡུལ་སྐོར་ཐོན་རྫས་གསར་གཏོད་དང་ཡུལ་སྐོར་པ་སྐྱེལ་འདྲེན་སོགས་ཀྱི་ཕྱོགས་ནས་དམག་འཐབ་མཉམ་འབྲེལ་བྱས། དེས་ནུས་ལྡན་གྱིས་ས་གནས་ཡུལ་སྐོར་མི་སྣའི་གསོ་སྦྱོང་དང་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བྱ་རྒྱུ་རེད། །


ཇོ་རིའི་ཤར་ཕྱོགས་སུ་རྐང་ཐང་དུ་བསྐྱོད་པ།

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།