ཀྲུང་གོ་བོད་ཀྱི་དྲ་བ།

བྲག་གསུམ་མཚོ་རྒྱལ་སྤྱིའི་གཡེང་རྒྱུག་ཡོངས་བསྒྲགས་འགན་བསྡུར་མི་འགྱང་བར་སྤེལ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཁབ་ལུས་རྩལ་སྤྱི་ཅུའུ་ཆུ་ངོས་སྦྱོང་བརྡར་དོ་དམ་ལྟེ་གནས་དང་བོད་ལྗོངས་ལུས་རྩལ་ཅུའུ། ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི2024ལོའི་བོད་ལྗོངས་ཉིང་ཁྲི་གནམ་ལྕགས་འབར་བ་མཐོ་སྒང་ལུས་རྩལ་ཚོགས་ཆེན་ཏེ་བྲག་གསུམ་མཚོ་རྒྱལ་སྤྱི་གཡེང་རྒྱུག་ཡོངས་བསྒྲགས་འགན་བསྡུར་ཟླ4བའི་ཚེས19ནས21བར་བྲག་གསུམ་མཚོ་རྒྱལ་ཁབ5Aརིམ་པའི་ལྗོངས་ཁུལ་དུ་འགན་བསྡུར་བྱ་རྒྱུ་རེད། འགྲན་བསྡུར་ནང་ཞུགས་མཁན་བསྡོམས་པས་རུ་ཁག32དང་མི128ཡོད། རྒྱུས་ལོན་ལྟར་ན། འགྲན་བསྡུར་ནང་མི་གཉིས་ཀྱི་གཡེང་རྒྱུག་མཚོ་གྲུ་འགྲན་བསྡུར(སྨི200)དང་མི་བཞིའི་གཡེང་རྒྱུག་མཚོ་གྲུའི་འཁོར་ནུས་འགྲན་བསྡུར(སྤྱི་ལེ8)། མི་བཞིའི་གཡེང་རྒྱུག་མཚོ་གྲུའི་བསྐོར་རྒྱག་འགྲན་བསྡུར(སྤྱི་ལེ3)བཅས་འདུས་ཡོད། བྲག་གསུམ་མཚོ་རྒྱལ་སྤྱིའི་གཡེང་རྒྱུག་ཡོངས་བསྒྲགས་འགྲན་བསྡུར་ནི་ཆེད་ལས་འགྲན་རྩལ་དང་མང་ཚོགས་མཉམ་ཞུགས་གཞི་གཅིག་ཏུ་འདུས་པའི་ཆུ་ངོས་ལུས་རྩལ་འགྲན་བསྡུར་རིགས་ཤིག་ཡིན། འགྲན་བསྡུར་སྤེལ་ནས་བོད་ལྗོངས་ཀྱིས་མཐོ་སྒང་གི་ཁྱད་ལྡན་ལུས་རྩལ་ཡུལ་སྐོར་ཐོན་ལས་གཏོད་པ་དང་། ས་གནས་ལུས་རྩལ་འགྲན་བསྡུར་བྱ་འགུལ་མིང་རྟགས་གསོ་སྦྱོང་གིས་ས་གནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཀྱིས་བོད་ལྗོངས་ལུས་རྩལ་དང་རིག་གནས། ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་བཏང་ནས། བོད་ལྗོངས་ཀྱི་རང་བྱུང་མཛེས་ལྗོངས་དང་དུས་ཡུན་རིང་པོའི་རིག་གནས་མངོན་པར་ནང་དོན་གལ་ཆེན་ལྡན། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།