ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས17ཉིན། “བདེ་སྐྱིད་ཀྱི་བོད་ལྗོངས། རླབས་ཆེན་གྱི་འཕོ་འགྱུར”ཞེས་པའི་བོད་ལྗོངས་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་འཁོར65ལོན་པར་རྗེས་དྲན་གྱི་བརྗོད་གཞིའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས་ཤིང་། བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་འབྲེལ་ཡོད་འགན་འཁུར་བས་བོད་ལྗོངས་དམངས་གཙོ་བཅོས་སྒྱུར་བྱས་ནས་ལོ་འཁོར65ལོན་པའི་རིང་བོད་ལྗོངས་སློབ་གསོ་འཕེལ་རྒྱས་ཐད་བླབས་པའི་གྲུབ་འབྲས་ངོ་སྤྲོད་བྱས།

བོད་ལྗོངས་རྙིང་བའི་སྐབས་སུ་ལོ་ན་རན་པའི་བྱིས་པ་སློབ་གྲྭར་ཞུགས་པའི་ཚད2%ལ་ཟིན་མེད་པ་དང་། སྤྱིའི་མི་འབོར་གྱི95%ཟིན་པའི་ཞིང་བྲན་དང་བྲན་གཡོག་ལ་སློབ་གསོ་མྱངས་བའི་དབང་ཆ་མེད་པ། དེང་རབས་ཀྱི་དོན་སྙིང་ལྡན་པའི་སློབ་གྲྭ་གཅིག་ཀྱང་མེད། བོད་ལྗོངས་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་འོས་འགན་སློབ་གསོ་འཕེལ་རྒྱས་ཐད་འཛམ་གླིང་གི་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད། མིག་སྔར། བོད་ལྗོངས་ཀྱི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད97.78%ལ་སླེབས་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད2.08%ལས་བརྒལ་ཡོད། བོད་ལྗོངས་སུ་བསྡོམས་པས་འོས་འགན་སློབ་གསོའི་སློབ་གྲྭ931ཡོད་ཅིང་། བོད་རང་སྐྱོང་ལྗོངས་ནང་ཁུལ་དུ་སློར་གྲྭར་ཡོད་པའི་སློབ་མ་ཁྲི54.11ཡོད་པ་དང་། དགེ་རྒན་དང་ལས་བཟོ་བ་ཁྲི5.3ཡོད་པའི་ནང་ཆེད་འགན་འཛིན་པའི་དགེ་རྒན་ཁྲི4ཡོད།

 ངོ་སྤྲོད་བྱས་པ་ལྟར་ན། བོད་ལྗོངས་ཀྱིས《འོས་འགན་སློབ་གསོའི་བཅའ་ཁྲིམས》ཕྱོགས་ཡོངས་ནས་ལག་ལེན་དོན་འཁྱོལ་བྱས་ནས་ལོ་ན་རན་པའི་བྱིས་པསློབ་གྲྭ་བསྐྱལ་བརའགན་ལེན་ཏན་ཏིག་བྱས་པ། “གཞི་རྩ་གཉིས”“གཞི་རྩ་གཉིས”ཞེས་པ་ནི“གཞི་རྩའི་ཆ་ནས་ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་དུ་གཏོང་བ་དང་། གཞི་རྩའི་ཆ་ནས་གཞོན་ནུ་དང་དར་མའི་ཡིག་རྨོངས་སེལ་བ”ལ་གོ་དགོས)དང་དབུལ་ཐར་འགག་སྒྲོལ་གྱི་ལས་འགན་ཕྱོགས་ཡོངས་ནས་ལེགས་པར་འགྲུབ་སྟེ། ལོ་ན་རན་པའི་བྱིས་པཚང་མ་སློབ་གྲྭ་འགྲོ་བརའགན་ལེན་ཏན་ཏིག་བྱས་པ། རྫོང་ཁོངས་འོས་འགན་སློབ་གསོ་གཞི་རྩའི་ཆ་ནས་དོ་མཉམ་འཕེལ་རྒྱས་བྱུང་ནས་ལོ་ན་རན་པའི་བྱིས་པསསློབ་གསོ་ཡག་པོ་མྱངས་བརཁག་ཐེག་བྱས་པ།  རྫོང་ཁོངས་འོས་འགན་སློབ་གསོ་སྤུས་ལེགས་དོ་མཉམ་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས་མི་དམངས་མང་ཚོགས་ཀྱི“ཐོབ་སྣང”མཐོར་འདེགས་སུ་བཏང་བ། 

1994ལོར་བོད་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་བཅའ་ཁྲིམས〉ལག་བསྟར་བྱེད་ཐབས》བཟོས་པ་མ་ཟད། ད་དུང2001ལོ་དང2008ལོར་བྱེད་ཐབས་དེར་བཟོ་བཅོས་འོས་འཚམ་བྱས་ནས་བོད་ལྗོངས་སུ་ལོ་དགུའི་འོས་འགན་སློབ་གསོ་ཕྱོགས་ཡོངས་ནས་ཁྱབ་གདལ་དུ་གཏོང་བ་དང་། འོས་འགན་སློབ་གསོ་ལེགས་པར་སྒྲུབ་པའམ་ཐ་ན་བོད་ལྗོངས་ཀྱི་རྨང་གཞིའི་སློབ་གསོའི་བྱ་གཞག་ལ་སྐུལ་འདེད་གཏོང་བར་བཅའ་ཁྲིམས་ཀྱི་འགན་སྲུང་མཁོ་འདོན་བྱས། 

“གཞི་རྩ་གཉིས”ཀྱི་འགག་སྒྲོལ་ཁྲོད་བོད་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི“གཞི་རྩ་གཉིས”ཀྱི་འགག་སྒྲོལ་ལག་བསྟར་འཆར་འགོད(2004-2007ལོ)》སྒྲིག་བཟོ་ལག་བསྟར་བྱས་ཏེ། 2010ལོའི་མཇུག་ཏུ་སླེབས་དུས་བོད་ལྗོངས་ཀྱི“གཞི་རྩ་གཉིས”མི་འབོར་ཁྱབ་ཚད100%ལ་སླེབས་ཅིང་། ལོ་ན་རན་པའི་བྱིས་པ་སློབ་གྲྭར་ཞུགས་པའི་ཚད99.2%དང་དམའ་འབྲིང་སློབ་མ་སློབ་གྲྭར་ཞུགས་པའི་ཚད98.2%ལ་སླེབས་ནས་གཞོན་ནུ་དང་དར་མའི་ཡིག་རྨོངས་ཚད1.2%དབར་མར་ཆག་ནས“གཞི་རྩ་གཉིས”ཀྱི་འགག་སྒྲོལ་ལས་འགན་ཕྱོགས་ཡོངས་ནས་ལེགས་པར་འགྲུབ་པ། དབུལ་ཐར་འགག་སྒྲོལ་ཁྲོད་འོས་འགན་སློབ་གསོའི་སློབ་མཚམས་འཇོག་པ་དང་སློབ་ཞུགས་འགན་ལེན་དམ་འཛིན་བྱས་ཏེ། ལོ་ན་རན་པའི་བྱིས་པ་དང་ན་གཞོན་གྱི་སློབ་མཚམས་འཇོག་པ་དང་སློབ་ཤོར་གནད་དོན་ཕྱོགས་ཡོངས་ནས་གཙང་སེལ་བྱས་པ་དང་། ལོ་རྒྱུས་རང་བཞིན་གྱི་འགུལ་རྣམ་གཙང་སེལ་མངོན་འགྱུར་བྱུང་བ། ལོ་ན་རན་པའི་བྱིས་པ་དང་ན་གཞོན་གྱི་སློབ་གསོ་མྱངས་བའི་ཁེ་དབང་ལ་འགན་སྲུང་བྱས་ནས། དབུལ་ཐར་འགག་སྒྲོལ་གྱི་འོས་འགན་སློབ་གསོའི་འགན་སྲུང་དམིགས་ཚད་དུས་བཅད་ལྟར་མངོན་འགྱུར་ཡོང་བར་རྨང་གཞི་བརྟན་པོ་བཏང་།

“གཞི་རྩ་གཉིས”ཀྱི་འགག་སྒྲོལ་ལས་འགན་ལེགས་འགྲུབ་བྱུང་རྗེས། བོད་ལྗོངས་ཀྱིས་འོས་འགན་སློབ་གསོ་གཞི་རྩའི་དོ་དམ་འཕེལ་རྒྱས་གྱི་ལས་གཞི་ལག་བསྟར་གཏིང་ཟབ་བྱས་ནས《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འོས་འགན་སློབ་གསོ་དོ་མཉམ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར》ལག་བསྟར་བྱས་ཤིང་། ལོ་ངོ་བཅུ་ལྷག་རིང་སྐུལ་འདེད་བཏང་བ་བརྒྱུད། བོད་ལྗོངས་ཀྱི་རྫོང་ཁོངས་འོས་འགན་སློབ་གསོའི་སློབ་གྲྭ་ཚང་མ་རང་སྐྱོང་ལྗོངས་ཀྱི་སློོབ་གྲྭ་འཛུགས་སྐྱོང་ཚད་གཞིར་སླེབས་ཡོད་པ་དང་། སློབ་གྲྭ་དེ་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ཡུལ་ལྗོངས་ཞིག་ཏུ་གྱུར་ཡོད་པ་དང་། སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་ཁ་གསབ་ཚད་གཞི་རྒྱུན་མཐུད་ཇེ་མཐོར་ཕྱིན་ནས་སློབ་གསོའི་འགན་སྲུང་ནུས་པ་མུ་མཐུད་མཐོར་འདེགས་སུ་ཕྱིན་པ།2021ལོར་སླེབས་དུས་བོད་ལྗོངས་ཀྱི་རྫོང74ཚང་མ་རྒྱལ་ཁབ་ཀྱི་གདེང་འཇོག་ངོས་འཛིན་ཐོབ་པ་དང་། རྫོང་ཁོངས་འོས་འགན་སློབ་གསོ་གཞི་རྩའི་ཆ་ནས་དོ་མཉམ་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱུང་བ། ལོ་ན་རན་པའི་བྱིས་པ་དང་ན་གཞོན་ཚང་མ་རིམ་བཞིན“སློབ་གྲྭར་འགྲོ་ཐུབ་པ”ནས“སློབ་གསོ་ཡག་པོ་མྱངས་བའི”ཕྱོགས་སུ་སྤོས་ཡོད།

གཞི་རྩའི་ཆ་ནས་དོ་མཉམ་འཕེལ་རྒྱས་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་རྨང་གཞིའི་ཐོག སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་སྒྲུབ་པའི་དམིགས་འབེན་ལ་བཟུང་སྟེ། རྫོང་ཁོངས་འོས་འགན་སློབ་གསོ་སྤུས་ལེགས་དོ་མཉམ་སྒོས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དེ་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཞིག་གི་དམངས་འཚོའི་ལས་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། རྨང་གཞིའི་སློབ་གསོ་རྒྱ་སྐྱེད་དང་སྤུས་འདེགས་བྱ་སྤྱོད་འཆར་གཞི་ལག་བསྟར་ཤུགས་ཆེན་བྱས་པ་དང་། རྫོང་ཁོངས་འོས་འགན་སློབ་གསོ་སྤུས་ལེགས་དོ་མཉམ་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ།2030ལོར་སླེབས་དུས་བོད་ལྗོངས་ཀྱི50%རྫོང་ཆུས་སུ་འོས་འགན་སློབ་གསོ་སྤུས་ལེགས་དོ་མཉམ་འཕེལ་རྒྱས་མངོན་འགྱུར་ཐུབ་པ་དང་།2035ལོར་སླེབས་དུས་བོད་ལྗོངས་ཀྱི་རྫོང་ཆུས་ཚང་མར་འོས་འགན་སློབ་གསོ་སྤུས་ལེགས་དོ་མཉམ་མངོན་འགྱུར་བྱུང་བར་ཁག་ཐེག་བྱེད་དགོས། །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།