ཀྲུང་གོ་བོད་ཀྱི་དྲ་བ།

2024ལོའི་དུས་ཚིགས་དང་པོར་བོད་ལྗོངས་ཀྱིས་ཡུལ་སྐོར་པ་མི་ཐེངས་ཁྲི422.59སྣེ་ལེན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀོང་ཏུང་གི་ཡུལ་སྐོར་པ་སྐུ་ཞབས་མིན་དང་ཆུང་མའི་བོད་ལྗོངས་ཀྱི་འགྲུལ་བཞུད་མཇུག་རྫོགས་པ་དང་། ཁོ་ཚོས་དཔྱིད་དུས་བོད་ལྗོངས་སུ་བསྐྱོད་པའི་དམིགས་ཡུལ་གཙོ་བོ་ནི་མཐོ་སྒང་གི་ཁམ་བུའི་མེ་ཏོག་ལྟ་ཆེད་ཡིན་པ་དང་། ལྔ་གཅིག་གུང་གསེང་ཕྱིར་བསྐྱོད་དང་གཡོལ་བའི་ཆེད་ཡིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་ནས་རྒྱུས་ལོན་པ་ལྟར་ན། 2024ལོའི་དུས་ཚིགས་དང་པོར་བོད་ལྗོངས་ཡོངས་ཀྱིས་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་མི་ཐེངས་ཁྲི422.59སྣེ་ལེན་བྱས་ནས་དུས་མཉམ་ལས65.24%འཕར།

ད་ལོའི་ཟླ2པའི་ཟླ་མགོར་ཀྲུང་གོ་ཡུལ་སྐོར་ཞིབ་འཇུག་ཁང(རིག་གནས་དང་ཡུལ་སྐོར་གཞི་གྲངས་ལྟེ་གནས)གིས《2023ལོའི་ཀྲུང་གོ་ཡུལ་སྐོར་དཔལ་འབྱོར་འཁོར་བསྐྱོད་དབྱེ་ཞིབ་དང2024ལོའི་འཕེལ་རྒྱས་སྔོན་དཔག》ཁྱབ་བསྒྲགས་བྱས། སྙན་ཞུ་ལས་མངོན་པ་ལྟར་ན། 2023ལོར་ཡུལ་སྐོར་ཁྲོམ་ར་དང་ཡུལ་སྐོར་ཐོན་ལས་སྦྲེལ་ཐག་ལ་མངོན་གསལ་གྱི་སླར་གསོ་ཐོབ་ནས། རྒྱལ་ཡོངས་རྒྱལ་ནང་ཡུལ་སྐོར་མི་གྲངས་དང་ཡོང་འབབ་དུས་མཉམ་ལས་ལྡབ་གཅིག་གིས་འཕར་ནས2019ལོའི་ཚད8ཡན་དུ་ཟིན་ཞིང་། ཕྱིར་བསྐྱོད་ནང་འཛུལ་ཡུལ་སྐོར་མི་གྲངས་མི་ཐེངས་དུང་ཕྱིར1.9ལས་བརྒལ་ཏེ་ལོ་སྔོན་པ་ལས་ལྡབ2.8ཡན་འཕར་བ་རེད། སྙན་ཞུ་ལས2024ལོ་ནི་ཡུལ་སྐོར་དཔལ་འབྱོར་འཁོར་ཡུན་ནང་འཁོར་དུས་རིམ་དང་འཁོར་ཡུན་ལས་བརྒལ་བའི་གནད་འགག་གི་ལོ་ཡིན་པ་དང་། ལོ་ཧྲིལ་བོར“འདོན་མཁོའི་གནས་ཚུལ་ཡག་པ”དང་། རྒྱལ་ནང་གི་ཡུལ་སྐོར་དང་ནང་འཛུལ་ཡུལ་སྐོར། ཕྱིར་བསྐྱོད་ཡུལ་སྐོར་ཁྲོམ་ར་ཆེན་མོ་གསུམ་གྱི་དམིགས་ཚད་གཙོ་བོ་འཕར་ཚད་གཉིས་ཡན་ཟིན་ནས། 2019ལོའི་ལོ་རྒྱུས་ཆུ་ཚད་ཆེས་མཐོ་བའི་རིམ་པར་སླེབས།

2024ལོའི་དུས་ཚིགས་དང་པོར། བོད་ལྗོངས་ཀྱི་ཡུལ་སྐོར་ཁྲོམ་རའི་རྣམ་པ་ལེགས་པ་དང་། གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིན་ནས་རྒྱུས་ལོན་ལྟར་ན། 2024ལོའི་ཟླ1པོ་ནས3པའི་བར་བོད་ལྗོངས་ཡོངས་ཀྱིས་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་མི་ཐེངས་ཁྲི422.59སྣེ་ལེན་བྱས་ནས་དུས་མཉམ་ལས65.24%ཡིས་འཕར། དེ་ནང་ནང་འཛུལ་ཡུལ་སྐོར་པ་མི་ཐེངས་པ་ཁྲི16610སྣེ་ལེན་བྱས་ནས་དུས་མཉམ་ལས525.6%འཕར་བ། རྒྱལ་ནང་གི་ཡུལ་སྐོར་པ་མི་ཐེངས་ཁྲི420.93སྣེ་ལེན་བྱས་ནས་དུས་མཉམ་ལས64.76%གིས་འཕར་བ། ཉིན་གཅིག་གི་ཡུལ་སྐོར་པ་མི་ཐེངས་ཁྲི233.87སྣེ་ལེན་བྱས་ནས་དུས་མཉམ་ལས44.6%གིས་འཕར་བ། ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར38.49མངོན་འགྱུར་བྱུང་ནས་དུས་མཉམ་ལས89.57%གྱིས་འཕར་བ། དུས་ཚིགས་དང་པོར་ཕོ་བྲང་པོ་ཏ་ལས་ཡུལ་སྐོར་པ་མི་ཐེངས་ཁྲི459841སྣེ་ལེན་བྱས་པ་དང་། ལྷ་ལྡན་གཙུག་ལག་ཁང་གིས་ཡུལ་སྐོར་པ་མི་ཐེངས777800སྣེ་ལེན་བྱས། 

ཡུལ་སྐོར་པ་མང་བའི་དུས་བསུ་ཞིང་བོད་ལྗོངས་ཡུལ་སྐོར་ཁྲོམ་ར་ལྟ་ཞིབ་ཚད་འཇལ། ཡུལ་སྐོར་ཁྲོམ་རའི་ཁོར་ཡུག་སོགས་ཀྱི་ཕྱོགས་ལེགས་སུ་གཏོང་ཆེད། བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་ཕྱོགས་བསྡུས་དོ་དམ་བྱེད་ཐབས་རབ་དང་རིམ་པ་བཏོན་པ་མ་ཟད། རྒྱུན་མཐུད་ངང་ཡུལ་སྐོར་ཁྲོམ་རའི་གཅིག་བསྡུས་ཞིབ་བཤེར་ལས་དོན་སྤེལ། “ཟླ6པར། བོད་ལྗོངས་དངོས་སུ་ཡུལ་སྐོར་པ་ཤིན་ཏུ་མང་བའི་དུས་སུ་སླེབས་རྒྱུ་ཡིན་པས། བོད་ལྗོངས་ཡུལ་སྐོར་ཁྲོམ་ར་བརྟན་བརླིང་ངང་ཇེ་ལེགས་སུ་འགྲོ་ཆེད། བོད་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་ཧུར་ཐག་གིས་བཀོད་གཏོང་ཚུགས་འདུ་བསྡུས་ནས། ཁོངས་གཏོགས་གཙོ་གཞིའི་འགན་ཁུར་དང་ལས་རིགས་ལྟ་ཞིབ་དོ་དམ་འགན་ཁུར། ཁེ་ལས་ཀྱི་འགན་ཁུར་ལག་ལེན་དོན་འཁྱོལ་བརྒྱུད། གྲོང་ཁྱེར་དང་ས་ཆ་སོ་སོས་ཕྱོགས་ཡོངས་ནས་འབུར་ཐོན་གནད་དོན་ཐག་གཅོད་དང་གནད་དོན་ཁ་ཕྱོགས་དང་བྱེ་བྲག་གི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། ལོ་ཧྲིལ་བོའི་ཁྲོམ་རའི་ལྟ་ཞིབ་དོ་དམ་ལས་དོན་ཇུས་འགོད་བཟོས་ཏེ་མཉམ་འབྲེལ་དོ་དམ་དང་སྤྱི་ཚོགས་ལྟ་ཞིབ། གནད་དོན་རྒྱུ་ཆ་བསྡུ་ལེན། དང་ལེན་དང་གྱོད་དོན་ཞིབ་བཤེར་སྒྲུབ་པ། སྒྱུར་སྒྲུབ། ལྟ་ཞིབ་བྱས་ནས་སྒྲུབ་བཅུག་ནས། ནན་གྱིས་གཏུག་བཤེར་དང་མང་ཚོགས་ཀྱི་གླེང་ཕྱོགས་ཐག་གཅོད་ལས་དོན་སྤེལ་བ། མི་དམངས་གཙོ་བོར་བཟུང་བའི་ལས་དོན་བསམ་ཕྱོགས་ཀྱིས་ཤུགས་ཡོད་ཚད་ཀྱིས་ལོ་ཧྲིལ་བོའི་རིག་གནས་ཡུལ་སྐོར་ཁྲོམ་ར་བརྟན་བརླིང་ཡོང་བར་འགན་ལེན་བྱེད་དགོས”ཞེས་བོད་ལྗོངས་རིག་གནས་དང་ཡུལ་སྐོར་ཐིན་ཁྲོམ་ར་དོ་དམ་ཁྲུའུ་ཡི་འགན་ཁུར་མི་སྣ་སོན་ཡོན་གྱིས་དེ་ལྟར་བཤད། ཡང་ཁོས“ལས་རིགས་རང་ཚུགས་དང་ཕྱོགས་བསྡུས་ལྟ་ཞིབ་དོ་དམ་སོགས་བརྒྱུད། ད་ལོའི་ཚུན། ང་ཚོས་ཡུལ་སྐོར་གཏུག་བཤེར་རིགས་མངོན་གསལ་གྱིས་ཇེ་ཉུང་དུ་ཕྱིན་པ་མཐོང”ཟེར།

མ་འོངས་པར། བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིན་གྱིས་ཡུལ་སྐོར་ཁྲོམ་རའི་ཁྲིམས་སྤྱོད་ལྟ་ཞིབ་དོ་དམ་ལ་ཤུགས་བསྣན་ནས། རྒྱུན་མཐུད་ངང་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་ལེགས་བཅོས་དང་ཁྲིམས་ལྟར་རིགས་སོ་སོའི་ཁྲིམས་འགལ་སྲོལ་འགལ་བྱ་སྤྱོད་ཞིབ་བཤེར་བྱས་ནས། ཡུལ་སྐོར་པའི་ཁྲིམས་མཐུན་ཁེ་ཕན་སྲུང་ནས་བོད་ལྗོངས་ཡུལ་སྐོར་ལས་རིགས་བརྟན་བརླིང་ངང་ཇེ་ལེགས་སུ་འགྲོ་བར་འགན་སྲུང་བྱ་རྒྱུ་རེད། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།