ཀྲུང་གོ་བོད་ཀྱི་དྲ་བ།

མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གིས་རྒྱུན་མཐུད་ངང་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་ལས་དོན་ལ་ཤུགས་བསྣན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གིས་རྒྱུན་མཐུད་གཏིང་ཟབ་ངང་གཟུགས་འདས་ཤུལ་བཞག་རིག་གནས་སྔོག་འདོན་དང་སྲུང་སྐྱོང་། རྒྱུད་འཛིན་ལས་དོན་སྤེལ་ཏེ་ཕན་འབྲས་མངོན་གསལ་བླངས། 

སྤུ་ཧྲེང་རྫོང་གི་ཐུན་མོང་མ་ཡིན་པའི་ས་གཤིས་གོ་གནས་དང་མི་ཆོས་གོམས་སྲོལ་གྱིས་སྤུ་ཧྲེང་རྫོང་དུ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞི་གནས2དང་རྒྱུད་འཛིན་མཁན1། བོད་ལྗོངས་རིམ་པའི་ལས་གཞི་གནས13དང་རྒྱུད་འཛིན་མཁན2 ། གྲོང་ཁྱེར་དང་ས་ཆ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞི་གནས3དང་རྒྱུད་འཛིན་མཁན2། རྫོང་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞི་གནས16དང་རྒྱུད་འཛིན་མཁན25ཡོད།

གཟུགས་འདས་ཤུལ་བཞག་རིག་གནས་རྒྱུད་འཛིན་མཁན་སྔར་ལས་ཚད་ལྡན་ཅན་དང་དོ་དམ་བྱས་ནས། གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་ལས་དོན་ལམ་ལུགས་ཅན་དང་ཚན་རིག་ཅན། ཚད་ལྡན་ཅན་དུ་གཏོང་ཆེད། སྤུ་ཧྲེང་རྫོང་རིག་གནས་དང་ཡུལ་སྐོར་ཅུའུ་ཡིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཟུགས་འདས་ཤུལ་བཞག་རིག་གནས་བཅའ་ཁྲིམས》བཞིན་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུད་འཛིན་མཁན1དང་བོད་ལྗོངས་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུད་འཛིན་མཁན1དང་གཟུགས་འདས་ཤུལ་བཞག་རིག་གནས་ལས་དོན་དམིགས་ཚད་འགན་ཁུར་ཡིག་གེ2ཀྱི་གན་རྒྱ་བཞག དེ་དང་ཆབས་ཅིག་ཏུ་གཟུགས་འདས་ཤུལ་བཞག་རིག་གནས་ཁྱབ་གདལ་དང་རྒྱུད་འཛིན་གཏོང་ཆེད། སྤུ་ཧྲེང་རྫོང་གི་ཤང་གཉིས་ཀྱིས་སྤུ་ཧྲེང་ཞབས་བྲོ་དང་ཁྲི་སྡེའི་ཞབས་བྲོ་སོགས་ཁྱབ་གདལ་དང་གསོ་སྦྱོང་བྱས། ཡང་སྲོལ་རྒྱུན་དུས་ཆེན་དང་གཟུགས་འདས་འཁྲབ་སྟོན་བྱ་འགུལ་རབ་དང་རིམ་པ་གོ་སྐབས་སུ་བྱས་ནས་འཁྲབ་སྟོན་བྱས།

སྤུ་ཧྲེང་རྫོང་གིས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཤུགས་རྐྱེན་མཐོ་རུ་བཏང་ནས། མུ་མཐུད་དུ་གཟུགས་འདས་འཁྲབ་སྟོན་བྱ་འགུལ་རབ་དང་རིམ་པ་མང་དུ་གཏོང་ཆེད། 2023ལོའི་ཟླ6པར“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”གཟུགས་འདས་དྲིལ་སྒྲོག་འཁྲབ་སྟོན་བྱ་འགུལ་སྤེལ། བྱ་འགུལ་གྱིས་ཕྱོགས་ཡོངས་དང་ཟུར་ཡོངས་ནས་ཉེ་བའི་ལོ་ཤས་རིང་གི་སྤུ་ཧྲེང་རྫོང་གི་གཟུགའ་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་ལས་དོན་ཐད་གྲུབ་འབྲས་ཡག་པོ་བླངས། ཡང་མང་ཚོགས་སྔར་ལས་མང་པོར་གཟུགས་འདས་ལ་རྒྱུས་ལོན་བྱས་ནས་སྔར་ལས་ལྷག་པའི་ངང་མང་ཚོགས་ཀྱི་གཟུགས་འདས་རྒྱུད་འཛིན་སྲུང་སྐྱོང་འདུ་ཤེས་མཐོ་རུ་བཏང་ནས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་རིག་གནས་ཡིད་རྟོན་དང་རིག་གནས་སྤོབས་བསམ་རྒྱས་སུ་བཅུག

སྤུ་ཧྲེང་རྫོང་རིག་གནས་ཡུལ་སྐོར་ཅུའུ་ཡིས་ཧུར་ཐག་གིས་རྫོང་སྒྱུ་རྩལ་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ། གཟུགས་འདས་རྒྱུད་འཛིན་མཁན་མངའ་རིས་ས་ཁུལ་གྱི2023ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”དྲིལ་སྒྲོག་བྱ་འགུལ་ནང་ཞུགས་སུ་བཅུག་པ་དེས་སྤུ་ཧྲེང་རྫོང་གི་གཟུགས་འདས་རིག་གནས་མངོན་པ་མ་ཟད། མང་ཚོགས་ཀྱི་རིག་གནས་འཚོ་བ་དང་ཕུན་སུམ་ཚོགས་སུ་བཏང་ནས། སྲུང་སྐྱོང་དང་རྒྱུད་འཛིན། ཕུལ་བྱུང་སྲོལ་རྒྱུན་རིག་གནས་འཕེལ་རྒྱས་དང་ཆབས་ཅིག་གཟུགས་འདས་རིག་གནས་འོད་མཚར་མངོན་པ་ཡིན། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།