ཀྲུང་གོ་བོད་ཀྱི་དྲ་བ།

གངས་ལྗོངས་མཐོ་སྒང་གི་ནགས་ཁྲོད་དུ་ཁམ་བུའི་མེ་ཏོག་གི་ལྡུམ་ར་ཞིག་ཡོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། སྲིད་གཞུང་གི་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་ཕྱིན་པ་དང་ཉིང་ཁྲིའི་ཡུལ་སྐོར་ཉིན་བཞིན་མིང་དུ་གྲགས་པ་དང་བསྟུན། ཆབ་མདོ་སྒང་གྲོང་ཚོའི་གྲོང་མི་ཚོས་རང་གི་སྒོ་ཁ་ནས་ཡུལ་སྐོར་ལ་བརྟེན་ནས་ཕྱུག་འགྱུར་བྱུང་། གྲོང་མི་ཚོས་རྒྱ་སྐད་དག་མ་བཤད་དེ་སིལ་ཏོག་འཚོང་ས་ནས་ཚོང་རྒྱག་པ་དང་། ཡུལ་སྐོར་པས་སིལ་ཏོག་གསར་བ་ཉོ་བཞིན་ཡོད།

ལྗོངས་གཟིགས་སྟེགས་བུ་ཆུང་ཆུང་དེས་རྒྱང་རིང་ནས་ཡོང་བའི་ཡུལ་སྐོར་པ་ཚོར་ངལ་གསོ་གནས་མཁོ་འདོན་བྱས་པ་མ་ཟད། ས་གནས་མང་ཚོགས་ལ་དོན་དངོས་ཀྱི་ཡོང་འབབ་དང་སྐྱིད་སྣང་ཁྱེར་ཡོང་། ཕན་ཚུན་འབྲེལ་འདྲིས་བྱས་པ་བརྒྱུད་བརྩེ་བ་ཟབ་མོ་ཞིག་ཀྱང་ཆགས་པ་རེད།

ཕྱི་དྲོའི་དུས་ཚོད4སྟེང་། ཉིང་ཁྲི་གྲོང་ཁྱེར་སྤོ་མེས་རྫོང་ཆུ་མདོ་གྲོང་རྡལ་རྐུ་ཐང་གྲོང་ཚོ་རུ་རྒྱང་རིང་ནས་ཐོན་པའི་ཡུལ་སྐོར་པ་གྲོང་མི་བློ་བཟང་དོན་འགྲུབ་ཀྱི་ཁྱིམ་ཚང་མགྲོན་ཁང་དུ་བསྡད་པ་དང་། ཡངས་ཤིང་རྒྱ་ཆེ་བའི་མགྲོན་ཁང་ནང་དུ་བོད་ལུགས་སྒྲིག་ཆས་གྲལ་འགྲིག་པ་མ་ཟད། སྒེའུ་ཁུངས་ཕྱི་རོལ་གྱི་ཁམ་བུའི་མེ་ཏོག་བསིལ་རླུང་དང་བཅས་སར་ལྷུང་བ་རེད།

རྐུ་ཐང་གྲོང་ཚོའི་ཁམ་བུའི་མེ་ཏོག་ལུང་བ་ནི་རྒྱལ་ནང་གི་མིང་དུ་གྲགས་པའི་ཁམ་བུའི་མེ་ཏོག་ལྗོངས་ཁུལ་ཡིན་ལ། དེའི་ཁམ་སྡོང་གཞི་ཁྱོན་སྡོང་རྐང་ཁྲི20ལྷག་ཡོད། ཁམ་བུའི་མེ་ཏོག་གི་ལྗོངས་ཁུལ་མིང་གྲགས་ཆོད་པ་དང་བསྟུན། གནས་དེར་ཡོང་མཁན་ཡུལ་སྐོར་པ་ཡང་སྔར་ལས་མང་དུ་ཕྱིན། ཁྱིམ་ཚང་མགྲོན་ཁང་ཆུང་ཆུང་དེ་ནང་དུ་བློ་བཟང་དོན་འགྲུབ་ཀྱི་འགྲུལ་བ་སྣེ་ལེན་བྱེད་པ་དང་འགྲུལ་བ་སྐྱེལ་བའི་ལས་ལ་བྲེལ་བཞིན། ཡུལ་སྐོར་པ་ཚོར་རང་གི་ཕ་ཡུལ་ངོ་སྤྲོད་བྱ་རྒྱུ་དེ་ཡང་འཚོ་བའི་ནང་གི་དགའ་སྤྲོ་ཞིག་ཏུ་གྱུར་ཡོད།

ལོ་འདི་གཉིས་རིང་གི་ཉིང་ཁྲིའི་གནའ་བོའི་ཁམ་སྡོང་འོག་ཏུ་ཕྱི་རོལ་ནས་ཡོང་བའི་མི་ཡིས་ཁེངས་པ་དང་། སི་ཁྲོན་ནས་ཡོང་བའི་དབྱང་དབྱང་ནི་ལོ་གཉིས་པར་ཁའོ་ཧྥེའུ་རླངས་འཁོར་སྐོར་ནས་བོད་ལྗོངས་སུ་ཐོན་པ་ཡིན། རྒྱལ་ལམ་ཤར་གཏོང་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་པ་དང་བསྟུན། ཡུལ་སྐོར་བྱེད་པར་ཆ་རྐྱེན་ངེས་ཅན་སྐྲུན་ཡོད། སྔོན་ཆད་བོད་ལྗོངས་སུ་མཐོང་དཀའ་བའི་ཁའོ་ཧྥེའུ་རིགས་ད་ལྟ་དུས་ཆེན་རིགས་སོ་སོའི་རྒྱུན་རྣམ་དུ་གྱུར་ཡོད།

“བོད་ལྗོངས་ཀྱི་ཁམ་བུའི་མེ་ཏོག་གི་གྲོང་ཚོ་དང་པོ”ཞེས་འབོད་པའི་ཀ་ལ་གྲོང་ཚོ་སྔོན་ཆད་ཤིང་བཅད་ནས་ཚད་བརྒལ་ནས་རང་བྱུང་ལ་གནོད་སྐྱེལ་པ་དང་། ཡིན་ཡང་ལོ་ངོ་བཅུ་ཕྲག་སྔོན་དུ་ཤིང་གཅོད་མཚམས་བཞག་པ་མ་ཟད། སྲིད་གཞུང་གི་སྣེ་ཁྲིད་དང་སྐྱེ་ཁམས་ཡུལ་སྐོར་དར་ཞིང་རྒྱས་པས་གྲོང་མི་ཚོར་ཡོང་འབབ་སྔར་ལས་མང་བ་སྐྲུན་ཞིང་སྲོལ་རྒྱུན་གྱི་འདུ་ཤེས་གཏིང་ཟབ་ངང་བཅོས་སྒྱུར་བྱུང་།

བོད་ལྗོངས་ཤར་ལྷོའི་གྲོག་ལུང་ནང་དུ་གྲོང་མི་ཚོས་ཁམ་སྡོང་གི་མྱུ་གུ་གསར་བ་འདེབས་འཛུགས་བྱས་ནས་བདག་སྐྱོང་ཡག་པོ་བྱེད་བཞིན་ཡོད། གྲོང་མི་རེ་རེ་ནི་ཁམས་སྡོང་ར་བ་སྲུང་མཁན་ཡིན་ལ། ད་ལྟའི་ཉིང་ཁྲི་རུ་བདེ་སྐྱིད་ཁམ་བུའི་མེ་ཏོག་དང་མཉམ་དུ་ཡོད་པས་གངས་ལྗོངས་མཐོ་སྒང་གི་དཔྱིད་དུས་ཡང་བསྐྱར་གཉིད་ལས་དཀྲོག་པ་རེད། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།