ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་དངུལ་རྩའི་ལས་རིགས་གྲངས་འཛིན་ཅན་དུ་སྒྱུར་བའི་ཐད་ཕན་འབྲས་མངོན་གསལ་བླངས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་ཁོངས་གཏོགས་ཁྱབ་ཁོངས་དངུལ་རྩའི་ལས་ཁུངས་ཀྱིས་དངུལ་རྩའི་ཚན་རྩལ་འཕེལ་རྒྱས་ཇུས་འགོད་ལག་བསྟར་བྱེད་པར་མཛུབ་སྟོན་བྱས་ནས། གྲངས་འཛིན་ཅན་ཐབས་ལམ་གྱིས་ཐོན་རྫས་ཞབས་ཞུ་ཇེ་ལེགས་སུ་གཏོང་བར་འཚོལ་ཞིབ་དང་། གྲངས་འཛིན་ཚོང་གཉེར་འགུལ་ནུས་སློང་བ། དངུལ་རྩའི་ཞབས་ཞུ་སྤུས་ཚད་མཐོ་རུ་བཏང་བ་བཅས་ཀྱི་ཐད་ཕན་འབྲས་མངོན་གསལ་བླངས་ཡོད།

ངོ་སྤྲོད་ལྟར་ན། ཀྲུང་གོ་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་ཁོངས་གཏོགས་ཁྱབ་ཁོངས་དངུལ་རྩའི་ལས་ཁུངས་རིག་ནུས་སྲིད་དོན་འཛུགས་སྐྲུན་ནང་ཞུགས་པར་སྣེ་ཁྲིད་བྱས་ནས། དམངས་འཚོ་ཞབས་ཞུ་དཔེ་དབྱིབས“མང་ཚོགས་ཉུང་རྒྱུག”ནས“གཞི་གྲངས་བརྒྱུད་དེ་འགྲོ་ལུགས་སྒྲུབ་པའི”རྣམ་པ་སྒྱུར། ཀྲུང་གོ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང“རིག་ལྡན་གྲོང་ཁྱེར”འཛུགས་སྐྲུན་ནང་ཞུགས་ནས་སྲིད་གཞུང་སྡེ་ཚན་དང་མཐུན་སྦྱོར་གྱིས་དོ་དམ་མ་དངུལ་ཉུང་གཏོང་དང་ བཅོས་སྦྱོང་ཕན་འབྲས་མཐོ་རུ་བཏང་། འཛུགས་སྐྲུན་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ལྷོ་ཁ་ས་ཁུལ་གྱི་ཞིང་ཆེན་བརྒལ་ནས་འགྲོ་ལུགས་སྒྲུབ་པའི་སྟེགས་བུ་བཙུགས་ནས། “ཁང་བ་ཉོ་བའི་སྤྱི་པའི་གསོག་དངུལ་ལེན་པ་དང་། འགན་བཅོལ་དངུལ་ལེན་པ”སོགས་ཀྱི་རིམ་མཐོ་ཞབས་ཞུ་རིགས102གནས་གཞན་ནས་འགྲོ་ལུགས་སྒྲུབ་པ་མངོན་འགྱུར་བྱུང་། ཀུང་ཏ་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གིསཀུང་ཏ་སྤྲིན་ཐོག་དངུལ་སྤྲོད”ལ་སྐུལ་འདེད་བཏང་ནས་ཁྱབ་ཁོངས་ནང་དུ་ཚབ་སྤྲོད་རྣམ་གྲངས་རིགས60བཞག་པས2023ལོར་དངུལ་སྤྲོད་གྲངས་འབོར་སྒོར་དུང་ཕྱུར3ཟིན།

དེ་དང་ཆབས་ཅིག ཀྲུང་གོ་མི་དམངས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཁོངས་གཏོགས་ས་ཁུལ་གྱི་དངུལ་རྩའི་ལས་ཁུངས་གྲངས་འཛིན་ཅན་དུ་སྒྱུར་ནས་གཏིང་ཟབ་ལས་སྒོ་མཉམ་འདྲེས་བྱེད་པར་སྐུལ་འདེད་བྱས་ནས།  “མཐའ་བརྟན་དངུལ་བུན”དང“གངས་ལྗོངས་ཞིང་དརeདངུལ་བུན”། “ཁྱམས་རའི་དཔལ་འབྱོར་དངུལ་བུན”སོགས་ཀྱི་དངུལ་རྩ་གསར་བ་རབ་དང་རིམ་པ་གསར་སྤེལ་བྱས། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་འབྲོག་ཁུལ་མཉམ་ལས་ཁང་དུ“རིག་ནུས་ཕྱུགས་ལས་དངུལ་བུན”ཁྱབ་གདལ་བཏང་ནས། བསྡོམས་པས་དངུལ་བུན་སྒོར་ཁྲི720བཏང་། འཛུགས་སྐྲུན་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“འཛུགས་སྐྲུན་དངུལ་བུན”དང“ཧྲན་དངུལ་བུན”། “ཚོང་དོན་སྤྲོན་ཐོག་དངུལ་བུན”སོགས་ཀྱི་ཡིད་རྟོན་དངུལ་བུན་ཐོན་རྫས་བཏོན་པས། ཁེ་ལས་ཆུང་གྲས་དངུལ་བསྲེ་གནད་དོན་ཐག་གིས་བཅད། སྦྲག་སྲིད་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་དང་ཀྲུང་གོ་མི་སྲོག་ནོར་སྲུང་ཀུང་སི་ཡིས་འབྲི་གཡག་དང་ནས་སོགས་ཀྱི་ཁྱད་ལྡན་ཐོན་རྫས་དང་མཉམ་འབྲེལ་གྱིས“དར་སྤེལ་དངུལ་བུན”གསར་སྤེལ་བྱས་ནས། དངུལ་ཁང་དང་འགན་བཅོལ་གྱིས་མཉམ་དུ་བོད་ལྗོངས་ཀྱི་གྲོང་གསེབ་དར་སྤེལ་གཏོང་བར་མངོན་འགྱུར་བྱུང་།  །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།